ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དུས་ཀྱི་རང་གཤིས། | 2011/12/30 21:28:00

   དུས་ཀྱི་རང་གཤིས།

འོད་གསལ་ལྷ་ལས་གྱང་མ་གྱང་ཐོ་ན།།

སྒང་དྲུག་ཡུལ་གྱི་མངའ་མཛད་བྱོན་པ་ཡི།།

བཙན་པོའི་ཐོག་མ་མི་རྗེ་གཉའ་ཁྲིའི་མཚན།།

ཉེར་གཅིག་དུས་མཐའི་གཙུག་གི་རྒྱན་དུ་བཞུགས།།

 

རྣལ་འབྱོར་པ་ཞིག་མི་ཚེ་སྒོམ་ལ་བརྩོན།།

བཤེས་གཉེན་འགའ་ཡིས་རང་བསྟན་སྐྱོང་ལ་མོས།།

གྲོང་གི་གསང་ན་ཉུལ་བའི་བླ་སྤྲུལ་འགའ།།

རྒྱ་མོ་ངོ་སོ་བསྟོད་ལ་དུས་ཀུན་འབད།།

 

ཞིང་པའི་ཨ་བུ་སློབ་ཀྱི་འཚོ་བར་བརྩོན།།

འབྲོག་པའི་བུ་མོ་མདུན་ལམ་ཆེད་དུ་བྲེལ།།

ཁ་ཕྱོགས་བོར་བའི་མི་འཁྱམས་རེ་ཟུང་ཞིག །

འདི་མིན་དེ་མིན་གཡེང་བས་མི་ཚེ་ཟད།།

མེས་པོའི་མཛད་པ་བོན་དང་དམ་ཆོས་ཟབ།།

བྱམས་ལྡན་ཕ་མའི་བསམ་པ་དགེ་ལ་དཀར།།

འོན་ཀྱང་ཉེར་གཅིག་དུས་ཀྱི་བསྐལ་ངན་ཁྲོད།།

བོད་པ་རེ་ཞིག་སྐྱབས་གནས་ངོས་མི་ཟིན།།

 

བླ་མ་གྲོང་ལ་སྒོར་མོའི་ཆེད་དུ་རྒྱུག།།

ཨ་མདོའི་གྲྭ་འཁྱམས་བྱང་ཐང་ཕྱོགས་སུ་བཅལ།།

འགའ་ཞིག་གསུང་རབ་ཚོང་པའི་ལས་ལ་བྲེལ།།

དེ་ནི་རང་བསྟན་བཤིགས་པའི་སྔ་ལྟས་ལགས།།

 

དབྱར་རྩྭ་དགུན་འབུའི་ལང་ཚོ་དལ་གྱིས་བཞད།།

དུས་ཀྱི་བོད་པ་རྒྱུ་ནོར་ཆེད་དུ་སྨྱོས།།

ཕ་མ་བུ་ཕྲུག་ནང་དམེའི་ལས་ལ་བྲེལ།།

མི་རིགས་གཅིག་གི་མཛའ་མཐུན་དུས་འདིར་བརླགས།།

 

དགེ་རྒན་རེ་ཞིག་སུམ་རྟགས་འགྲོས་མི་ཤེས།།

སློབ་མ་འགའ་ཡང་ཀ་ཁའི་ངོས་མི་ཟིན།།

འདི་ལྟའི་དགེ་སློབ་རེ་འགའི་མཛད་འཕྲིན་ཡང་།།

དུས་འདིར་ང་ཚོ་ཕུང་བའི་སྔོན་འགྲོ་ཡིན།།

 

སྨན་ཆུང་བུ་མོའི་འཕོངས་ཤ་རིག་ལ་ཁད།།

སྟག་ཤར་འགའ་ཡང་ཕོ་མཚན་སྟོན་ལ་ཁད།།

མདོར་ན་གྱོན་ཆས་ཡོད་ཚད་འཕུད་ལ་ཁད།།

ངོ་ཚ་མེད་པའི་རྣམ་པ་དུས་འདིར་མང་།།

 

གཙང་བུ་དལ་གྱིས་ཡུལ་གྲུ་ཀུན་ཏུ་ཉུལ།།

དུས་རབས་གསར་པའི་ཐན་རྟགས་མང་ཙམ་མཐོང་།།

དེ་ཕྱིར་སྙན་ཚིག་སྨྲེ་ངག་སྟོང་གི་བཅུད།།

འདི་ན་གཤེན་སྨྱུག་བདག་གིས་སྨྲས་ནས་ཡོད།།

༢༠༡༡ ༡༢ ༡༦ཉིན་རང་ཤག་ནས།

Re:དུས་ཀྱི་རང་གཤིས། | 2011/12/31 20:34:03
སྐུ་མགྲོན་q7Lx50(སྐུ་མགྲོན)ཅི་འདྲའི་ཟིན་ཐོ་ལེགས་པོ་ཞིག་སྤེལ་འདུག་ག
རྩོམ་པ་པོ།:སྐུ་མགྲོན་q7Lx50(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.