ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རང་མོས་སྙན་ངག་ཚན་པ་གཉིས། | 2011/12/30 21:35:00

                 ཕ་ཡུལ།

  འཇིག་རྟེན་གྱི་མི་ཡུལ་ན་བདག་གི་ཆེས་ཐོག་མའི་རྐང་རྗེས་འཇོག་ས། ཕ་ཡུལ།

  ལྟེ་ཁྲག་གི་རི་མོ་གནས་འདིར་བྲིས་པ་ནས་ངའི་སེམས་ཀྱི་འཕར་ལྡིང་རེ་རེའི་

  ཁྲོད་ན་ཞེན་ཆགས་ཀྱི་དུངས་བ་ཟབ་པའི་དྭངས་གཙང་གི་གནས་གཞིས།

  ཕ་ཡུལ།

  བརྟན་ཞིང་བརྗིད་པའི་གངས་རི།

  མཚར་སྡུག་གི་ངོ་མཚར་འབར་བའི་རྩྭ་ཐང་།

  དྭངས་གཙང་གི་བཞུར་རྒྱུན་མ་ཆད་པའི་ཆུ་བོ།

  མདོར་ན་སྣོད་བཅུད་ཀྱི་བཀོད་པ་སྣ་ཚོགས་གཅིག་ཏུ་

  བསྡུས་པའི་གནས་གཞིས་ཆེན་མོ།

  དཔའ་མཛངས་ལྡན་པའི་མི་རིགས་ཏེ།

  འཛོམས་དྲུག་གི་ཕོ་རྩལ་རྫོགས་པའི་ཕ་ཁུ་དང་།

   ངང་རྒྱུན་ཆུ་བོའི་རྒྱུན་ལས་རིང་བའི་མ་སྲུ་སྨན་ཆུང་ཚོ་ལས་དབང་གི་

   ཁྱིམ་གཞིས་ཤིག་ནས་མཛད་བཟང་གི་འཕར་ལྡིང་མངོན་པའི།

   ལུང་པ་དང་རི་བོ།

   ཆུ་ཕྲན་དང་ལྷས་ར།

   མདོར་ན་ཅི་འདྲའི་མཛེས་སྡུག་གིས་རྒྱན་པའི་ཡུལ་གྲུ་ཞིག།

   དེ་ནི་དོན་ངོ་མ་བདག་གི་ཕ་ཡུལ་ཏེ་གསེར་ལུང་ཕྱུག་མོ།

             ང་ཚོ་འགྲོ།

   ལ་རྒྱ་དང་སྙིང་སྟོབས་གཙང་མ་ཞིག་གམ།

   སློབ་ལ་བརྩོན་པའི་ལྷད་མེད་ཀྱི་འདུན་པ་དེ་སེམས་

   ཁོང་ན་རུམ་བཞིན་ང་ཚོ་འགྲོ།

   ནོར་ནག་འཁོར་བའི་ལྷས་ར་དང།

   འབྲོག་ཁྱིམ་ཀྱི་གྲུ་ཟུར་ནས་ཕ་ཡུལ་བསྐྱུར་བའི་སྟ་གོན་དེ་དག་

   མགྲོན་བརྡ་འམ་བསུ་བ་བྱེད་བཞིན་ང་ཚོ་འགྲོ།

   དབྱངས་གསལ་སོ་བཞི་འམ།

   འཕྲུལ་ཡིག་བཞི་བཅུ་ཡི་དབྱངས་འགྲོས་སྙན་པའི་གྲུ་ཁ་སྟེ་

   བཤེས་གཉེན་དུ་མའི་བྱམས་བརྩེ་དང།

   སློབ་བུ་སྟོང་གི་མཛའ་མཐུན་གྱི་འོད་སྣང་འབར་བའི་

   ཤེས་རིག་གི་གླིང་ཁ་དེ་ན་འགྲོ།

   ལྔ་ཟུང་རིག་པའི་ཉིང་བཅུད་ལ་རེ་བའི་སེམས་ཀྱི་དུངས་བ་རེ་རེ་ལས་

   དབང་གི་གཏམ་རྒྱུད་འཚོལ་བཞིན།

   ཤེས་རིག་གི་བག་མ་མཛའ་བཤེས་སྒྲིག་པའི་གོ་རིམ་བར་ནས་

   མདུན་ལམ་གྱི་འོད་སྣང་ལ་འབོད་པ་གཏོང་བཞིན་འུ་ཚོ་འགྲོ།

   འགྲོ་ཡ་མདུན་སྤྱོད་ཀྱི་གོམ་སྟབས་རེ་རེས་སྤོབས་སེམས་མ་ཞུམ་པར་འུ་ཚོ་འགྲོ།

               ༢༠༡༡ ༢ ༡༢ཉིན་དམར་རི་ནས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.