ཧི་བོན་ཟིན་བྲིས།
གཉན་ཆེན་ཐང་ལྷ།
སྤྱི་བསྒྲགས།

    སྐྱེས་ཡུལ་སྦྲ་ཆེན།

    སྡོད་གནས་ཀོ་དགོན་བཤད་སྒྲུབ་འདུས་སྡེ།

    ལག་ཐོག་ཁ་པར།  18798956012

    སྐད་འཕྲིན།1938853760

ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཁྱེད་གཤེགས་རྗེས་སུ། དྲན་སྣང་གི་ན་ཟུག་ལྡང་བྱུང་། | 2011/12/26 20:26:00

ཁྱེད་གཤེགས་རྗེས་སུ། དྲན་སྣང་གི་ན་ཟུག་ལྡང་བྱུང་།

ཟླ་གཞོན་སྟོང་གི་ལང་ཚོ་དང་།།

གུར་གུམ་པད་པའི་ཁུ་བ་ཟུང་།།

ལན་བརྒྱར་བྱུག་པའི་བཞིན་བཟང་ཅན།།

དབྱངས་ཅན་ལྷ་མོས་ཤིས་པ་སྩོལ།།

 

པིར་སྨྱུག་འཕྲུལ་གྱི་རྩེ་མོ་ཡིས།།

གོང་ས་གཡུང་དྲུང་རྒྱལ་བ་མཆོག།

རྗེས་དྲན་གསེར་གྱི་རི་མོ་འབུམ།།

འདི་ན་ངོམས་པའི་མཚན་མ་རྫོགས།།

 

སྤྱི་ཁྱབ་རྒྱལ་གྱི་མངའ་ཁམས་སུ།།

ལུགས་གཉིས་ཟུང་གི་སྤྱི་དཔོན་རྗེའི།།

ཐུགས་བསྐྱེད་འོ་མའི་མཚོ་རླབས་ཀྱིས།།

ལེགས་བྱས་འགྲོ་བའི་དཔལ་དུ་འཕོས།།

དུས་བཟང་དགའ་བ་དགྱེས་པའི་ཆར།།

སྐུ་མཆོག་གངས་ཀྱི་རི་བོ་བཞིན།།

རྨད་བྱུང་མཚན་དཔེ་ཉི་མའི་འོད།།

ལུས་ཅན་གདུལ་བྱའི་མགོན་དུ་ཤིས།།

 

སྨན་ལྗོངས་གངས་ཀྱིས་མཛེས་པའི་ཞིང་།།

སྒང་དྲུག་འཛིན་མའི་རི་སུལ་དུ།།

ཐབས་ཤེས་ཟུང་གི་སྒྱུ་འཕྲུལ་གྱིས།།

བསྟན་སྲིད་སྐྱོང་པའི་མཛད་པ་ཟབ།།

 

མ་བཅོས་གཤིས་ཀྱི་གནས་ལུགས་ལས།།

གཡོ་མེད་མཁྱེན་པའི་ཡེ་ཤེས་ཅན།།

ས་གསུམ་འདྲེན་མཆོག་རྒྱལ་བའི་སྲས།།

མཚུངས་མེད་འགྲོ་བའི་སྤྱི་དཔལ་ཆེ།།

 

བསྟན་འགྲོའི་བསོད་སྐལ་དམན་པའི་འོག །

དུས་བཟང་འཕེལ་འགྲིབ་བྱུང་དང་ལྷན།།

ཁྱེད་སྐུ་ཉི་འོད་ཟེགས་མ་འབུམ།།

འདི་ནས་བཞུད་པའི་ཉིན་མོ་སྟེ།།

སྐྱ་རེངས་ལྷ་མོའི་འཛུམ་དཀར་གྱིས།།

ཉི་གཞོན་ཞལ་ཁ་ཕྱེས་དང་ལྷན།།

ཚེ་རབས་ལས་ཀྱི་མགོན་སྐལ་མཆོག །

འཇིག་རྟེན་འདི་ནས་གཟིམ་ཞེས་ཐོས།།

 

སེམས་ཀྱི་བར་སྲུབས་རེ་རེ་ན།།

སྐྱོ་གདུང་ན་ཟུག་བཙན་པོ་ཡིས།།

མགྲིན་དབྱངས་ཀྱེ་མ་ཀྱི་ཧུད་ཀྱི།།

སྐྱོ་གླུ་ལན་གྲངས་བླངས་དགོས་བྱུང་།།

 

སྐུ་གཟུགས་འཇའ་ལུས་འགྲུབ་པའི་ཚུལ།།

གཏམ་སྙན་ཕྱོགས་སུ་མཆེད་པ་ཡིས།།

དད་པའི་མིག་ཆུ་ལྷུང་བཞིན་དུ།།

སྨྲེ་ངག་རྒོད་སྒྲ་འགྱུར་ཏེ་ཐལ། ། 

 

       ༢༠༡༠ ༢ ༡༥ཉིན་ཀོ་རྒྱལ་དགོན་ནས།

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁྱེད་གཤེགས་རྗེས་སུ། དྲན་སྣང་གི་ན་ཟུག་ལྡང་བྱུང་། | 2011/12/28 12:00:32
yongdrom

ཟིན་གྲོགས་ལགས་འདིར་བྱིན་པར་དགའ་བསུ་ཞུ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.