ཧི་བོན་ཟིན་བྲིས།
གཉན་ཆེན་ཐང་ལྷ།
སྤྱི་བསྒྲགས།

    སྐྱེས་ཡུལ་སྦྲ་ཆེན།

    སྡོད་གནས་ཀོ་དགོན་བཤད་སྒྲུབ་འདུས་སྡེ།

    ལག་ཐོག་ཁ་པར།  18798956012

    སྐད་འཕྲིན།1938853760

ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སློབ་ཕྲུག་ལ་ཕུལ་བའི་རེ་འབོད། | 2011/12/16 12:36:00

སློབ་ཕྲུག་ལ་ཕུལ་བའི་རེ་འབོད།

ཆང་ཁང་དང་ཟ་ཁང་།

དྭྲ་ཁང་དང་ཨར་ཁང།

དེ་དག་ཡོད་ཚད་ཁྱོད་ལ་མཚོན་ན་ཤེས་རིག་གི་

ཚེ་སྲོག་སྨིན་སའི་སློབ་ར་གྲུ་བཞི་དེ་མིན་ལ།

ཕ་མ་གཉིས་ཀྱི་རུམ་ཁ་ནས་ཐོན་པའི་ཁྱེད་ཀྱི་མི་ཡུལ་དུ་

མི་བུ་ཞིག་ཆེས་ཐོག་མའི་མཛད་འཕྲིན་སྐྱོང་ས་དེ་ཡང་མིན།

དེའི་ཕྱིར།

བརྩེ་དུང་གིས་འགོ་བསྐོར་བྱེད་སའི་ཨར་ཁང་།

རྒྱུ་ནོར་ཕུང་སའི་ཟ་ཁང་།

ད་དུང་རོལ་རྩེད་ཀྱིས་ཡོད་ཚད་བསླུ་སའིི་དྲྭ་ཁང་།

སྨྱོ་ཆུའི་ཐིགས་པ་རེ་རེས་གྲྭ་འཁྱམ་དང་མི་འཁྱམ།

མཐའ་ན་བཟའ་དཔོན་འཁྱམ་པོ་ཚོ་བསླུ་བྲེད་གཅིག་གི་

འོག་ནས་ཕྱིར་མ་ཐར་སའི་ཆང་ཁང་སྟེ་དེ་དག་ཡོད་ཚད་

གསར་བུ་ཞིག་གི་མདུན་ལམ་ཕུང་སའི་འདྲེ་ཚང་།

སྨན་ཆུང་བུ་མོས་ཕ་མ་སྐྱུར་སའི་སྲི་ཚང་།

དེ་ནི་དོན་ངོ་མར་གནས་ལུགས་ཕུག་ཐག་རིང་བའི་

ལམ་བུ་ཞིག་ཀྱང་མིན་པས་དུས་རྟག་ཏུ་སློབ་ཕྲུག་ཚོ་ལེ་ལོ་དང་རྨོང་མུན་བཙན་

པོས་དུས་གསུམ་ལ་བསམ་གཞིག་མེད་པར་གནས་དེ་ན་གོམ་ཁ་མ་འཇོག་རོགས།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:སློབ་ཕྲུག་ལ་ཕུལ་བའི་རེ་འབོད། | 2011/12/16 22:37:42
danzengyixi

བྲིས་པ་བཟང་འདུག་དྲྭ་གྲོགས་དམ་ལགས། །
ཁྱེད་དང་ངེད་གཉིས་ཕ་ཡུལ་མི་བུ་འགའི། །
བྱ་སྤྱོད་དེ་དག་ཤར་མར་བྲིས་འདུག་སྙམ། །
བྱ་བ་དེ་རིགས་ཐད་འདོན་བྱས་ན་ལེགས། །

ངེད་གཉིས་ཕ་ཡུལ་དབྱར་རྩའི་བཀའ་དྲིན་གྱིས། །
ཕ་མ་རེ་འགའི་མིག་རྒྱང་ཐུང་དྲགས་པས། །
བུ་ཕྲུག་སློབ་གྲྭར་མི་གཏོང་ལག་གཡོག་ཉར། །
གསར་བུ་འགའ་ཡང་སྒོར་མང་དྲགས་པས། །
རིག་གནས་མི་བརྩོན་གཡེང་བའི་ལས་ལ་རོལ། །


དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.