ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྙན་ངག་དང་ང་། | 2011/12/16 12:20:00

   

       སྙན་ངག་དང་ང་། 

                     

ཀ་སོགས་འཕྲུལ་ཡིག་སྡེབ་པའི་ཚིག་གི་འཕྲེང་།།

སྙན་འགྱུར་ངག་རིག་དགེ་མཚན་བྱེ་བའི་གཟུགས།།

པིར་སྨྱུག་འཕྲུལ་གྱིས་ངོམ་པའི་ལེགས་བཤད་འབུམ།།

དེ་ནི་རྩོམ་པ་བོན་གྱི་མཛོད་དུ་བསྔགས།།

༡ ༽ཀ་ཁ་སུམ་བཅུ་དམ་འཕྲུལ་ཡིག་བཞི་བཅུ་ཡས་མར་བསྲེས་ཏེ་སྡེབ་པའི་ཚིག་སྦྱོར་སྙན་ཞིང་འཇིབ་པ་ཞིག་གམ། མགྲིན་པའི་གསང་བར་ནས་ཐོན་ལ་སྙན་པའི་རང་གཤིས་དང་ཡ་མ་བྲལ་བའི་ངག་རྟ་ཞིག་ལ་སྙན་ངག་དུ་འབོད་ཀྱི་ཡོད་པ་དོན་དང་མཐུན། དེའི་རྐྱེན་གྱིས་སྙན་ངག་གྱེར་བ་དང་འབྲི་བ་སོགས་ནི་ལས་སླ་པོ་ཞིག་གཏན་མིན། འོན་ཀྱང་སྐབས་འདིར། སྙན་ངག་དང་ང་ཞེས་པའི་ཁ་བྱང་ལྟར་གྱི་གླེང་མོལ་ཐུང་ཐུང་ཞིག་བཤད་ཀྱི་ཡིན། འདི་ནས་མི་ལོ་བཅུ་དགུའི་འཇིག་རྟེན་ལ་ཕྱི་ལྟས་ཤིག་བྱས་ན་ནམ་རྒྱུན་ང་ནི་སྙན་ངག་ལ་དགའ་བའི་ངག་རིག་པ་ཞིག་ཡིན་པས་སྙན་ངག་འབྲི་རྒྱུ་ནི་མཛད་བཟང་དུ་སྒོམ་ཞིང་སྙན་ངག་གྱེར་བ་ནི་འོས་འགན་དུ་བསམ་པའི་འཚོ་བ་དུས་གཏན་དུ་རོལ་མྱོང་ཟིག། དེ་ཡང་ངས་སྙན་ངག་ཐོག་མར་འབྲི་བའི་ལས་ལ་གསར་དུ་ཞུགས་དུས་ཉིན་གཅིག་ལ་ཤོ་ལོ་ཀ་བཞི་ཙམ་ཞིག་ལས་འབྲི་ཐུབ་མ་སོང་། འོན་ཀྱང་ཉིན་དེ་ནས་བཟུང་སྟེ་སྙན་ངག་གི་སྒྱུ་རྩལ་ལ་རང་དབང་ཆེ་ཞིང་སྙན་ངག་པ་དང་བྲིས་པ་མཚན་ཉིད་པ་ཞེས་པའི་ཐ་སྙད་དེ་དག་མི་ཚེ་ཐུང་ངུ་ཞིག་གི་གོ་རིམ་དུ་ངེས་ལ་སྨྱུག་མཛེས་ཞེས་མཚན་ཡོངས་སུ་གྲགས་པའི་སྙན་ངག་གི་རྒྱལ་སྲས་ཞིག་གམ། སྦྱང་པའི་སྟོབས་ལས་ཤེས་བྱའི་དཀྱིལ་འཁོར་གསལ་ཞེས་པའི་ལེགས་བཤད་དེ་དག་ལ་ཡིད་ཆེས་དང་དད་མོས་བྱེད་བཞིན་སྙན་ངག་དང་རྩོམ་རིག་གི་བང་རིམ་བརྩེགས་པའི་དཔེ་དེབ་གི་བར་ནས་སྙན་ངག་གི་ཚིག་སྦྱོར་རེ་རེའི་རྩོམ་སྟངས་ལ་བལྟས་ཏེ་མུ་མཐུད་དུ་སྙན་ངག་འབྲི་བའི་ལམ་ནས་ཆས། དེ་ནི་ངས་ཆེས་ཐོག་མའི་སྙན་ངག་འབྲི་བའི་ལམ་སྣེ་ཟིན་པའི་གཏམ་རྒྱུད་ཙམ་ཡིན།

༽ཡིན་ཡང་རྣམ་དག་དྭངས་གཙང་གིས་འཚོ་བ་ལ་དུས་ཀུན་ཏུ་བརྩོན་པའི་ཡུལ་གྱར་བའི་གྲྭ་རྐྱང་ཞིག་གི་ངོས་ནས་བཤད་ན། མི་ཚེའི་འགྲོ་ལམ་ཀྱག་ཀྱོག་དང་། རྨི་ལམ་འདྲ་བའི་རབ་རིབ་ཀྱི་འཇིག་རྟེན་འདིར། མཛད་བཟང་ཞིག་བསྒྲུབ་དགོས་པའི་དབང་དུ་བྱས་ན་ཅི་འདྲའི་དཀའ་ཚེགས་གི་འཕྲང་ལམ་དུ་མ་ཞིག་བརྒལ་དགོས་པ་ནི་བཤད་ཅི་ལ་དགོས། དེའི་ཕྱིར་ངས་སྙན་ངག་དུ་མ་ཞིག་དཀའ་ཚེགས་ཀྱི་ཁྲོད་ནས་མགྲིན་པའི་གསང་བར་ནས་ཐོན་ཏེ་གྱེར་ཞིང་། སྙན་ངག་དུ་མ་ཞིག་སོར་སྨྱུག་ལྡེམ་འགྱུར་གྱིས་ངོམ་བཞིན་བྲིས། ད་དུང་སྙན་ངག་སྤྱི་ཡི་ཕྱོགས་ནས་བཤད་ན་མ་འདང་ས་དང་ཆ་མ་ཚང་བ་འགའ་ཞིག་ཡོད་སྲིད་ལ་དེ་ནི་ཅིས་ཀྱང་ཏོུང་ཆ་ཞིག་ཏུ་ངེས་པས་ངའི་སྙན་ངག་གིས་སྟོང་ཆ་དེ་དག་ཁ་བསྐོང་ཅུང་ཞིག་བྱེད་ཐུབ་པའི་ང་རྒྱལ་ཡང་ང་རང་ཉིད་ལ་ཆེ། ང་རྒྱལ་དེ་ཡིས་རྐྱེན་བྱས་ཏེ་བསྟོད་ཚིག་དང་། ཤིས་བརྗོད། གླུ་དབྱངས། རང་མོས། ལྷུག་བརྗོད་སོགས་ཀྱིས་གཙོས་པའི་སྙན་ངག་གི་རྣམ་གྲངས་རེ་ཞིག་འབྲི་བའི་འཚོ་བ་དུས་ཀུན་ཏུ་བརྩོན་བཞིན་ཡོད། དེ་ལྟར་འབྲི་བཞེང་བྱས་པའི་སྙན་ངག་གི་ཚིག་སྦྱོར་སུ་གང་གི་ཕྱོགས་ནས་རང་ཉིད་ཀྱི་སེམས་འགུ་ཞིང་ཡིད་ཚིམ་པའི་ཕུལ་བྱུང་གི་སྙན་ངག་ཞིག་རང་ཉིད་ཀྱིས་མཐོང་ཐུབ་མ་སོང་། འོན་ཀྱང་སྐྱོན་དང་ཡོན་ཏན་གཉིས་ཀ་ནི་རང་ཉིད་དང་འབྲལ་བ་མེད་པ་འཇིག་རྟེན་ཀུན་གྱི་ཐུན་མོང་མ་ཡིན་སའི་གཤིས་ཉིད་གཅིག་ཏུ་ཅིས་ཀྱང་གྲུབ་པའི་སྟབས་ཀྱིས་བདག་གི་སྙན་ངག་ཡང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་ལེགས་བཤད་ཞིག་ཀྱང་མིན་ལ། སྐྱོན་ཀུན་ལྡན་དང་ཡོན་ཏན་ཀུན་ཟད་ཞིག་དེ་བས་ཀྱང་ག་ལ་ཡིན་ཏེ་མིན།

  ༽དེ་ལྟར་ང་རང་ཉིད་སྙན་ངག་བྲིས་པའི་ལམ་སྣེ་གསར་དུ་ཞུགས་པ་ནས་བཟུང་སྟེ་སྙན་ངག་འབྲི་བ་ལ་དུས་ཀུན་དུ་བརྩོན་ཞིང་དེ་ལྟར་སྙན་ངག་བྲིས་པའི་གཏམ་རྒྱུད་དང་འབྲེལ་བའི་སྐད་ཆ་དང་བཤད་གཡམ་འགའ་བྱས་ཚར་བས་འདི་ནས་སྨྱུག་གུ་ཤོག་སྟེང་ན་བཞག་སྟེ་གཉིད་ཐུན་རྩིག་ལོག་རྗེས་སུ་རྩོམ་ཡིག་འདི་ལ་ཕྱི་ལྟས་སམ་བསམ་གཞིག་ཞིབ་མོ་ཞིག་བྱས་ན། གོང་དུ་སྙན་ངག་དང་ང་ཞེས་པའི་ཁ་བྱང་དེའི་ཁྱབ་ཁོངས་སུ་གཏོག་པའི་ཐ་སྙད་དང་། གཏམ་གླེང་རེ་འགའ་ཞིག་ད་དུང་རྒྱ་ཆེའི་སྨྱུག་མཆེད་རྣམ་པར་ཞུ་རྒྱུ་ལུས་སོང་བ་ལྟ་བུ་ཞིག་རེད་འདུག་པས་ཁྱེད་ཅག་ལ་ཡང་བསྐྱར་གཅིག་ཞུས་ན། རང་ཉིད་སྙན་ངག་འབྲི་བའི་བྱ་བ་ལ་གསར་དུ་ཞུགས་པ་ནས་དད་མོས་དང་མདུན་པ་ཟུང་གིས་རྐྱེན་བྱས་ཏེ་ལུས་ངག་ཡིས་གསུམ་གྱི་ལྷ་ཕྱག་འཚལ་བཞིན་སྐྱབས་ཡུལ་ལ་སྟོད་ཚིག་འབྲི་བའི་སྨྱུག་རྩེ་ཤོག་སྟེང་ན་ངོམ་ཞིང་། ཞེན་ཆགས་དང་ཕུག་བསམ། ཡང་ན་རེ་བ་འམ་རྒྱང་རིང་ནས་ཕྱིར་ལྟས་བྱས་པའི་བསམ་བློའི་སེམས་སྟང་རེ་རེས་སློབ་གསོ། དྲན་གླུ། འཕྲིན་ཡིག་སོགས་མིག་ཆུ་དང་ན་ཟུག་གི་ཀློང་ནས་དབུག་རིང་གིས་གྱེར་བའི་སྟ་གོན་མི་ཡུལ་འདི་ན་བྱས། སྟ་གོན་ནམ་རིམ་པ་དེ་དག་ནི་ངས་སྙན་ངག་འབྲི་བ་ལ་ཅིས་ཀྱང་ཚང་དགོས་ཤིང་། ད་དུང་མདོར་བསྡུན་ན་དད་མོས་དང་། ཞེན་ཆགས་གཉིས་ངའི་སྙན་ངག་འབྲི་བའི་ཆ་རྐྱེན་སྟེ་ཆེས་ཡང་ནས་ཡང་དུ་འཁོ་གལ་ཆེ་བའི་སྙན་ངག་གི་གྲུབ་ཆ་ངོ་མ་དེ་ཡིན་ཞིང་སྙན་ངག་གི་གྲུབ་ཆ་དེ་དག་ནི་ང་དང་དུས་གཏན་དུ་འབྲལ་བ་མེད་ཕྱིར། ངས་འདས་ཟིན་པ་དང་ད་ལྟའི་ལོ་ཟླ་རིང་མོ་དེ་དག་གི་བར་གསེང་ན་སྙན་ངག་དུ་མ་ཞིག་བྲིས་ཟིན་པ་དང་འབྲི་བཞིན་མཆིས་ལ་ངའི་མི་ཚེ་ཐུང་ཐུང་ཞིག་གི་ཚེ་ཡི་འདུ་བྱེད་འཇིག་རྟེན་ནས་མ་རྫོག་བར་དུ་ངས་མི་ཡུལ་ནས་སྙན་ངག་འབྲི་བའི་མཚམས་འཇོག་བྱེད་འདེང་མེད། དེ་ལྟར་གོང་དུ་བཤད་ཟིན་པའི་གཏམ་གླེང་དེ་དག་ནི་ངས་མི་ལོ་བཞི་ཏག་ཏག་ལ་སྙན་ངག་བྲིས་པའི་ལམ་བུ་ནས་བརྙེད་པའི་སྐད་ཆ་ཉུང་ངུ་དེའོ།

          བརྗོད་བྱ་དོན་གྱིས་ཕྱུག་པའི་རྣམ་པ་ཡང་།།

           དེ་ལྟར་རྗོད་པར་བྱེད་པའི་ཚིག་གི་ཕྲེང་།།

          སྙན་པའི་རང་གཤིས་ལྡན་པའི་དབྱངས་རྟ་སྟེ།།

            དེ་ནི་ངེས་པ་དོན་གྱི་སྙན་ངག་གོ།

ཞེས་གཙང་ཚ་གཤེན་སྨྱུག་པས་རང་ཤག་དབྱངས་ཅན་དགྱེས་པའི་ཁང་བཟང་ནས། ༢༠༡༡ ༥ ༡༣ཉིན་མཇུག་གྲུབ་པར་བྱས།

Re:སྙན་ངག་དང་ང་། | 2011/12/28 12:02:34
yongdromཟིན་གྲོགས་གསུམ་ལ་ཆེད་དུ་བཀའ་དྲིན་ཆེ་ཞུ་ཞུ།
Re:སྙན་ངག་དང་ང་། | 2011/12/19 16:08:09
སྐུ་མགྲོན་o63Vn0(སྐུ་མགྲོན)མཚོ་སྔོན་ཕྱོགས་ཀྱི་རྩོམ་པ་པོ་ཞིག་དང་འདྲ་འདུག།
ཁ་སོང་མཚོན་སྔོན་ཟིན་བྲིས་ནང་གི་ལེགས་རྩོམ་སྡེ་ཚན་ནས་མཐོང་སོང་། ཁྱེད་ཀྱི་སྙན་ངག་ག་ཚིག་སྦྱོར་རེ་རེ་དོན་ངོ་མ་ཆེས་རིན་ཐང་ཆེ་བ་ཞིག་རེད། ཁྲི་གཡུང་པས།
རྩོམ་པ་པོ།:སྐུ་མགྲོན་o63Vn0(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.