མི་ཚེའི་སྟོད་ཀྱི་ཟིན་བྲིས་ཁ་འཐོར།
༡
ང་མི་ཡུལ་དུ་ཐོག་མར་འགྲིམས་ནས་བགྲངས་བྱ་བཅུ་བཞིར་སླེབ་དུས།
ཨ་ཕས་གཅེས་ཕྲུག་ཞེས་སློབ་སྟོན་མཛད་པ་མང་།
ཨ་མས་བྱམས་བརྩེ་ཡིས་འཚོ་སྐྱོང་བྱེད་པ་མང་།
བིའུ་དང་ལུག་གུས་རྩེ་འཇོ་འགྲན་པའི་སྤང་ལྗོངས་ཤིག་ན།
ལྟེ་ཁྲག་གིས་རི་མོ་བྲིས་པ་ནས་ཕ་མ་ལ་དགའ་ཞིང་།
ཕ་ཡུལ་ལ་དུངས།
༢
འོན་ཀྱང་གློ་བུར་དུ་བཙན་གྱི་བཀོད་སྒྲིག་ཞིག་གིས།
དྲིན་ཕ་མའི་ངག་ལམ་ནས་སྐྱབ་འགྲོ་ཡི་ངག་རྟ་དང་།
ཁྱིམ་བཟའ་མི་ཚོའི་གདུངས་སེམས་ཀྱི་ངུ་ངག་ཁྲོད་ནས།
སྐབས་རེ་འག་ཞིག་ང་ཁྱེད་ཚོ་དང་བྲལ་སོང་།
ཞེན་ཆགས་ཀྱི་བསམ་པ་ཡོད་ཚད་ཁྱེད་ཚོར་ཆགས་བཞིན་བྲལ་སོང་།
༣
ལྷ་ལྡན་གྱི་ཡུལ་གྲུ་དེ་ནས་མེ་འཁོར་གྱིས་མགྱོགས་མྱུར་ཞིག་གིས།
ལེ་བར་དུ་མ་དར་གྱིས་བརྒལ་བཞིན་རྔ་གཡང་ཕྱུག་མོའི་ལྟེ་བར་སླེབ་དུས།
ཕ་མ་དང་། ཕ་ཡུལ་། མིང་སྲིང་དང་། གཉེན་ཉེ།
ངས་ཁྱེད་ཚོ་ཕྱིར་དྲན་ཐེངས་རེ་རེའི་ཁྲོད་དུ་རྒྱུན་ཆད་མེད་པའི་མིག་ཆུ་ལྷུང་མྱོང་།
ཟླ་འོད་མེད་པའི་མཚན་ལྗོངས་རིང་མོར་སྒྱུ་མའི་འཁྲབ་སྟངས་བཞིན།
ངའི་རྨི་ལམ་གྱི་གྲུ་ཁ་ཞིག་ན་ཁྱེད་ཚོར་མཇལ་འཕྲད་བྱུང་མྱོང་།
དེ་ནི་རྨི་ལམ་སྟེ། རྫུན་མའི་འཇིག་རྟེན་དུ་ངེས་པས།
དེ་དག་གིས་སེམས་ཀྱི་སྐྱོ་སྣང་རེ་རེ་འབོད་བཞིན།
སྐྱོ་སྣང་གི་མིག་ཆུ་སྐྲུན།
རྩོམ་འདི་སྣང་དགོན་ནས་༢༠༠༦ལོར་བྲིས་ཤིང་སླར་
༢༠༡༡ལོར་ཚིག་སྦྱོར་གྱི་ཆ་ནས་རེ་ཟུང་བཅོས་ཁུལ་བྱས་པ་ཡིན།
- ཟིན་ཐོ་གོང་མ།གར་སྟེག་འགྲམ་གྱི་མྱོང་སྣང་།
- ཟིན་ཐོ་འོག་མ།སྙན་ངག་དང་ང་།
ད་མུ་མཐུད་དུ་འབྲེལ་བ་བྱེད་ཤོག། ༡༣༣༢༢༥༦༧༢༣༤
སུ་ཡིན་ཤེས་མ་སོང་བས་ཐུགས་དག་ཞུག།
དོན་ཡོད་ངའི་ལག་ཐོག་ཁ་པར་འདི་ཡིན།
༡༣༦༡༨༩༠༨༦༩༩
བསྔགས་བརྗོད་མཛད་པར་བཀའ་དྲིན་ཆེ།
བཤེས་གཉན་མདུན་ནས་བསམ་པ་གཅིག་ཏུ་མཐུན།།
སློབ་གྲོགས་ཨ་བུ་གཙང་ཚ་གཤེན་སྨྱུག་པ།།
དེ་རིང་འདེ་ནས་མཇལ་བ་དགའ་སྤྲོ་ཆེ།།
པེན་ཅིན་ནས་སློབ་གྲོགས་ཤིག་གིས།
བྱོན་པར་དགའ་ནས་ཡོད།