ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གར་སྟེག་འགྲམ་གྱི་མྱོང་སྣང་། | 2011/12/9 11:08:00

           གར་སྟེག་འགྲམ་གྱི་མྱོང་སྣང་།

མཚོ་སྔོན་བོད་རིགས་དྲྭ་བ་ལས་ལུག་རྫི་བུ་མོ་ཞེས་པའི་བརྙན་གཟུགས་བལྟས་རྗེས།

ཀློག་འོད་སྣ་ཚོགས་འཇའ་ཚོན་བཞིན་བཀྲ་བའི་འོད་སྣང་གིས་གང་སར་ཁྱབ་ལ། གར་སྟེག་འགྲམ་གྱི་ལྟད་མོ་བ་ཚོ་རྒོད་སྒྲ་དང་འཛུམ་མདངས་ཤིག་ཤིག་གིས་ཁེངས་བཞིན་པའི་སྐབས་ཤིག་ཏུ། འཁྲབ་སྟངས་དང་། གླུ་ངག་གི་སྒྱུ་རྩལ། འཁྲབ་སྟངས་དང་། གླུ་ངག་གི་རང་གཤིས། འཁྲབ་སྟངས་དང་། གླུ་ངག་གི་གནས་ལུགས། མདོར་ན་ལྟད་མོ་བ་ཞིག་གི་སེམས་ཁམས་ནས་མ་བོར་པར་ཞེན་ཆགས་ཀྱིས་ཕྱི་མིག་བལྟས་པའི་གཞས་ར་ཁྲ་མོ་ནས་འཁྲབ་སྟངས་པ་སྟེ་གླུ་མ་ཞིག་གི་ལུས་ཀྱི་མཛེས་ཉམས་དང་། ངག་གྱི་སྒྱུ་རྩལ་རེ་རེས། ལུག་རྫི་བུ་མོའི་ཞེས་པའི་འཁྲབ་སྟངས་བྱས་དུས། བརྟན་ཞིང་འགྱུར་བ་མེད་ལ། གྱེས་བྲལ་གྱི་ཐ་སྙད་དང་བྲལ་བའི་བག་ཆགས་རེ་རེ་ང་དང་ལྟད་མོ་བ་དག་གི་སེམས་ཁམས་སུ་འཕྱོ་བཞིན། གར་སྟེག་ཞིག་གི་སྟེང་ནས་གངས་རིའི་བུ་མོའི་གླུ་སྐད་དམ། སྙན་དབྱངས་དང་། གླུ་ངག་གི་བར་གསེང་ནས་ལུག་གུ་མ་མོ་ཚེར་མོ། ཞེས་པ་དང་། གཡང་དཀར་སྟོད་ལ་ཤོར་ན། ཀི་ཡིས་ཁ་ལོ་སྐོར་ཆོག ཅེས་པའི་ཐ་སྙད་དེ་དག་ང་འམ་ངའི་རྣ་བའི་གསང་བར་ན་སྟོན་རླུང་གིས་ཁུར་བཞིན་པའི་ལྕང་ལོ་བཞིན་ལྷུང་དུས། ངའི་སེམས་ངོས་སུ་ངའི་མི་ལོ་བཅུ་དགུའི་ཡར་སྔོན་གྱི་འཇིག་རྟེན་ནམ། ངའི་མི་ལོ་བཅུ་དགུའི་ཡར་སྔོན་གྱི་ཕ་ཡུལ་དང་། ལྷས་ར། སྦྲ་ནག། སྒོ་ཕྱུགས་དེ་དག་སླར་ཡང་སྐར་ཚོགས་བཞིན་ཁྲ་ལམ་མེར་འཆར་འོང་ཞིང་། དེའི་ཕྱིར། ཕྱི་མིག་དང་། དྲན་སྣང་རེ་རེས་གླུ་ངག་དང་སྙན་འཇེབས་ཀྱི་དབྱངས་རྟ་འདྲེས་པའི་ཐ་སྙད་དེ་དག་ལ་ཞེན་ཞིང་ཆགས། མདོར་ན། ནམ་ཟླ་འགྱུར་བཞིན། དུས་རབས་འགྱུར་ཟིན། འགྱུར་བཞིན་པ་དང་འགྱུར་ཟིན་པའི་དུས་མཚམས་སམ། དུས་རབས་ཉེར་གཅིག་ཏུ་བརྩི་བའི་དུས་ཀྱི་སྐྱོག་མཚམས་འདིར་སླེབ་དུས། གནའ་རབས་ཀྱི་རང་གཤིས་དང་ཡ་མ་བྲལ་བའི་འཁྲབ་སྟངས་ཏེ་ལུག་རྫི་བུ་མོ་ཞེས་པའི་གླུ་གར་བྲོ་གསུམ་གྱི་ལྟད་མོ་འདི་གར་སྟེག་ནས་མངོན་ཞིང་། ལྟད་མོ་བ་ཚོའི་མིག་ལམ་ན་མཛེས་བཞིན་མཚར་སྡུག་གི་འོད་སྣང་གང་སར་གཡོ་དུས་ཅི་འདྲའི་ཡིད་དུ་འོང་བའི་སྒྱུ་རྩལ་ཤ་སྟག་ཅིག་ཏུ་ང་དང་ལྟད་མོ་བ་ཚོས་བཤད་ན་ཅིས་ཀྱང་མི་ཆོག་གམ།

                   མཚར་མཚར་ཀློག་འོད་འབར་བའི་ལྟད་མོ་ཟབ།།

                   མཛེས་མཛེས་འཁྲབ་སྟངས་པ་ཡི་ལང་ཚོ་འབར།།

                   སྙན་སྙན་ལུག་རྫི་བུ་མོའི་ངག་རྟ་རིང་།།

                   དེ་ནི་དུས་རབས་གསར་པའི་དགེ་མཚན་ཡིན། །

                                                        2011 12 9ཉིན་དྲྭ་ཁང་ཞིག་ནས།

Re:གར་སྟེག་འགྲམ་གྱི་མྱོང་སྣང་། | 2012/4/11 18:53:56
སྐུ་མགྲོན་rVMy5C(སྐུ་མགྲོན)གྲོགས་པོ་ལགས། རྩོམ་འདི་འགྲིག་པོ་ཞིག་རེད། འོན་ཀྱང་ཡིག་ནོར་དང་ཐུགས་ཉམས་མ་བཞག་པའི་ཆ་ཡང་ཡོད་པས་དེ་ལུགས་འཚལ། གོ་སྐབས་རེ་ཡོད་ན་འབྲེལ་གཏུགས་གནང་རོགས་ཞུ། འཕན་བུས།
གཤམ་དུ་གཤེན་སྨྱུག་ལགས་ཀྱིས་ལན་སློག་པ་ནི་
ངོ་མ་དེ་བཞིན་རེད། ད་དུང་ཁོ་བོའི་ཟིན་བྲིས་ནང་དུ་བགྲོ་གླེང་བྱེད་བར་སླེབས་ཤོག
རྩོམ་པ་པོ།:སྐུ་མགྲོན་rVMy5C(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གར་སྟེག་འགྲམ་གྱི་མྱོང་སྣང་། | 2011/12/12 21:53:52
སྐུ་མགྲོན་0gw3Am(སྐུ་མགྲོན)དྲན་ཀ་མགྱོགས་ཞན་ལ་ནི་རླུང་དང་འདྲ་པོ་གཙང་ཚའི་གྲྭ་ཆུང་རང་རེད།
གྲོགས་ཁྱེད་དང་འདྲ་པོ་ད་དུང་མང་པོ་ཡོད་ན་ཅི་མ་རུངསྙོམ་ནས་ང་རང་ལ་ནི་འདི་འདྲ་དགའ་ཞིག་དུས་ནམ་ཡང་ག་ལ་འང་སྲིད་རེད་གྲོགས་ལགས།
སྨྱོན་པའི་སྨྱོ་གཏམ་ལེབ་ལེ་ཡིན་དགོང་འགལ་མེད་པར་ཞུ།
རྩོམ་པ་པོ།:སྐུ་མགྲོན་0gw3Am(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གར་སྟེག་འགྲམ་གྱི་མྱོང་སྣང་། | 2011/12/9 13:01:43
སྐུ་མགྲོན་r74Yq1(སྐུ་མགྲོན)ངས་བསམ་ན་དེ་རིང་བྲིས་པ་ཞིག་ད་ཡིན་གྱི་མ་རེད།
དེ་ལྟར་ངོ་མ་ཡིན་ན་རྩོམ་རྩལ་ཆེ་བའི་མི་སྣ་ཞེས་བཤད་མི་ཆོག་རྒྱ་མེ་ལ།
རྩོམ་པ་པོ།:སྐུ་མགྲོན་r74Yq1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.