ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གངས་རི་དང་། རྩྭ་ཐང་། | 2011/11/14 11:39:00

               གངས་རི་དང་། རྩྭ་ཐང་།

གངས་རི་དང་། རྩྭ་ཐང་།

གཏེར་ཁ་བཞིན་ཞིམ་མངར་གྱི་ཟས་བཅུད།

ཕྱུགས་ཁྱུ་དང་དང་སྦྲ་གུར།

འདི་དག་གིས་སྤང་ལྗོངས་སུ་བཀོད་པའི་མཛེས་སྡུག་དུ་མའི་འོད་སྣང་རེ་རེ།

འབའ་སྒྲ་དང་ངུར་དབྱངས་ལྷན་དུ་མཆིས་པའི་དག་ཞིང་སྟེ།ངའི་མི་ཚེ་འདིའི་གནས་ཚང་ངོ་མ།

གངས་རི་དང་། རྩྭ་ཐང་།

ངོ་མཚར་གྱིས་མཚོན་པའི་གངས་རི་དང་འཚོ་གཞིས་ཀྱི་བར་སྲུབས་ན།

ཆེས་སྔ་མ་ནས་ངའི་ལྟེ་ཕྲག་གི་རི་མོ་བྲིས་ཏེ་བྱིས་དུས་ཀྱི་ངུ་ངག་གམ།

བྱིས་དུས་ཀྱི་རྒོད་སྒྲ་དུ་མ་ཞིག་གིས་འབོད་བརྡ་བྱེད་བཞིན་མི་ཡུལ་དུ་འགྲིམ་པའི་གོམ་ཁ་འཇོག་སའི་དང་གཙང་གི་ཡུ་གྲུ་ཞིག

གངས་རི་དང་། རྩྭ་ཐང་།

ཕ་ཁུ་དང་།

མ་སྲུའི་མཛད་བཟང་ཞིག་གི་འོག་ནས་གཅེས་ཕྲུག་ཚོའི་ལང་ཚོའི་སྨིན་སའི་གཡང་ཁྱིམ་སྟེ།

གནས་འདི་ནས་བུ་ཕྲུག་ཚོ་དཔལ་རྩལ་གྱི་སྙིང་སྟོབས་རྒྱས་ཤིང་།

ངང་རྒྱུན་རིང་བའི་སྨན་ཆུང་ཚོའི་བཞིན་མདངས་ཀྱི་མཛེས་པ་འབར།

གངས་རི་དང་། རྩྭ་ཐང་།

ཀ་ཁ་ག་ངའི་གཏམ་རྒྱུད་ཀློང་ནས་རྣམ་གཡིང་མེད་པའི་བྱིས་དུས་ཀྱི་འཚོ་བ་ལྷད་མེད་ཞིག་གནས་འདི་ན་རོལ་ཏེ་མི་ལོ་བཅུ་དགུའི་བར་གསེང་དེ་ན་ངའི་བསམ་མདུན་སྟོང་གི་ཞེན་ཆགས་ཟབ་བའི་དུང་སྣང་གི་འཇིག་རྟེན་ཆུང་ཆུང་།  དེ་ནི། གངས་རི་དང་། རྩྭ་ཐང་། ངའི་ཞེན་ཆགས་ཀྱི་གནས་ཡུལ། གངས་རི་དང་། རྩྭ་ཐང་། གངས་རི་དང་། རྩྭ་ཐང་། ངའི་གངས་རི། ངའི་རྩྭ་ཐང་།

Re:གངས་རི་དང་། རྩྭ་ཐང་། | 2011/11/19 11:36:20
yongdromགུས་སྐུར་འོས་པའི་གོང་གི་སྨྱུག་མཆེད་རྣམ་པ་གསུམ་འདེར་ཕེབ་པར་བཀའ་དྲིན་ཆེ།
Re:གངས་རི་དང་། རྩྭ་ཐང་། | 2011/11/15 1:32:35
woserགངས་ལྗོངས་དང་ང།
གླུ་མ་འཕྱོངས་ཞོལ་སྒྲོལ་མ།
རི་བོ་ཇོ་མོ་གླང་མ། །
ང་ཡི་སེམས་པ་ཡིན་ཞིང་། །
ཆུ་མོ་ཡར་ཀླུང་གཙང་པོ། །
ང་ཡི་སྟོབས་དང་ཤུགས་ཡིན། །
ང་ཡི་ལུས་ངག་ཡིད་གསུམ། །
ཁ་བའི་ལྗོངས་ཀྱི་ནང་ལ། །
གལ་སྲིད་ང་ཡང་མེད་ན། །
རི་ལུང་ཙམ་གྱི་གནས་ཡིན། །
ཡངས་པའི་བྱང་གི་རྩྭ་ཐང་། །
ང་ཡི་བློ་རྒྱ་ཡིན་སོང་། །
རྗིད་ཆགས་ཕོ་བྲང་དམར་པོ། །
ང་ཡི་ཤེས་རབ་ཐབས་ཡིན། །
ང་ཡི་ལུས་ངག་ཡིད་གསུམ། །
ཁ་བའི་ལྗོངས་ཀྱི་ནང་ལ། །
གལ་སྲིད་ང་ཡང་མེད་ན།
ཁ་བ་ཙམ་གྱི་གནས་ཡིན། །

ཁྱེད་ཀྱི་སྙན་ངག་བཀླགས་རྗེས་གཞས་འདི་དྲན་སོང་།
Re:གངས་རི་དང་། རྩྭ་ཐང་། | 2011/11/14 20:53:34
danzengyixi

བཀླགས་ཟིན། རང་མོས་སྙན་རྩོམ་ལེགས་པོ་ཞིག་བྲིས་འདུག
Re:གངས་རི་དང་། རྩྭ་ཐང་། | 2011/11/14 17:37:52
yongdromརྩྭ་ཐང་གི་རྩྭ་ལ་ཝ་ཟུར་ཡོད་པར་ཤེས་ཀྱང་འདི་ནས་དེ་ཙམ་གསལ་ཐུབ་ཀྱི་མ་འདུག། ཁྱེད་ཀྱིས་རྩྭ་ཐང་ཞེས་བྲིས་པ་དེ་ལ་ལྟོས་དང་།
Re:གངས་རི་དང་། རྩྭ་ཐང་། | 2011/11/14 17:33:46
སྐུ་མགྲོན་qul8OB(སྐུ་མགྲོན)རྩྭ་ཐང་གི་རྩྭ་ལ་ཝ་ཟུར་ཡོད་རེད།
རྩོམ་པ་པོ།:སྐུ་མགྲོན་qul8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གངས་རི་དང་། རྩྭ་ཐང་། | 2011/11/14 17:32:38
སྐུ་མགྲོན་qul8OB(སྐུ་མགྲོན)གངས་རི་དང་རྩྭ་ཐང་ང་ཡི་ཕ་ཡུལ། གངས་རི་དང་རྩྭ་ཐང་ང་ཡི་ཁྱིམ་གཞིས།
རྩོམ་པ་པོ།:སྐུ་མགྲོན་qul8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གངས་རི་དང་། རྩྭ་ཐང་། | 2011/11/14 16:16:01
སྐུ་མགྲོན་0gw3An(སྐུ་མགྲོན)སྙན་ངག་རང་རེད་འདུག འོན་ཀྱང་མཇུག་གི་གངས་རི་དང་རྩྭ་ཐང་ཞེས་པ་དེ་མེད་ན་བཟང་སྙམ།
རྩོམ་པ་པོ།:སྐུ་མགྲོན་0gw3An(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.