ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/14 11:34:00

བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག །

དཔྱད་རྩོམ་འདིའི་མིང་དངོས་ལ་འོད་གསལ་ལྷ་ལས་བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་གཏམ་ཞེས་འབོད་ལ། སྐབས་འདིར་བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག་ཞེས་གོང་གི་དཔྱད་གླེང་དེ་ལས་སྡོམ་ཚིག་རེ་འགའ་ཟུར་དུ་བཀོད་པའི་གཏམ་གླེང་ཞིག་སྤེལ་རྒྱུ་ཡིན། དེ་ཡང་སྡོམ་ཚིག་དེ་ནི། བོད་ཀྱི་བཙན་པོའི་འབྱུང་ཁུངས་གང་ཡིན་གཅིག་རྒྱལ་རབས་དང་ལོ་རྒྱུས་ཁག་དཔྱད་གཞི་བྱས་ཏེ་བཤད་པ་དང་། གཉིས་གཏན་ཚིགས་དང་རྒྱུ་མཚན་ལ་གཞིག་ནས་དཔྱད་པར་བྱས་ཏེ་ས་བཅད་གཉིས་ཀྱི་སྒོ་ནས་མཇུག་གྲུབ་པར་བྱས་པའི་སྡོམ་ཚིག་ཞིག་རེད། དེ་ཡང་དང་པོ་ལོ་རྒྱུས་ཀྱི་ངོས་ནས་བཤད་ན། དཔེར་ན་བོན་གྱི་ལེགས་བཤད་མཛོད་ལས་གཉའ་ཁྲི་ཐོག་མར་ལྷ་ལས་དོག་ལ་བབས་ནས་བོད་ཀྱི་སྲིད་ཁྲིར་འཁོད་ཚུལ་དང་། ཡང་བན་ཕྱོགས་ཀྱི་ལོ་རྒྱུས་དང་ཆོས་འབྱུང་རེ་འགའ་ཞིག་ལས་གཉའ་ཁྲི་བོད་རང་ས་སྟེ་སྤུ་བོའི་ཡུལ་ནས་བྱུང་བ་དང་། རྒྱ་གར་ཤཀྱའི་རྒྱལ་རྒྱུད་ནས་མཆེད་པ་སོགས་བཤད་ཡོད་པ་ལྟར་རེད། རིང་ལུགས་དེ་དག་ནི་གྲགས་པ་བོན་ལུགས་དང་། ཡང་གསང་མུ་སྟེགས་ཀྱི་ལུགས། གསང་བ་ཆོས་ལུགས་ཞེས་སྣ་ཁ་མི་འདྲ་བ་གསུམ་དུ་གྲགས་ཤིང་། དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་རེ་འགས་བོད་བཙན་པོའི་རྒྱལ་རྒྱུད་ལྷ་ལས་མཆེད་པ་བོན་པོའི་ལྟ་བ་རུ་འཛིན་བཞིན་ཡོད་ཀྱང་རྒྱུ་མཚན་རྒྱ་ཆེར་མེད་དེ། ལྟ་བ་འདི་ངོས་འཛིན་ཡང་དག་དུ་གནང་བ་ནི་བན་བོན་གཉིས་ཀའི་ཕྱོགས་ནས་ཤུག་རྐྱེན་རྒྱ་ཆེན་པོར་བྱུང་ཡོད་པས་བོན་བན་གཉིས་ཀྱི་འདོད་ཚུལ་ཟབ་མོ་ཞིག་ཏུ་ཆགས་ཡོད་པ་རེད། དེ་ལ་དཔེར་མཚོན་ཙམ་ཞིག་ཞུས་ན། བོན་ཕྱོགས་སུ་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས་། ༼ཕྱྭ་རྗེ་ཡབ་ལྷ་བདལ་དྲུག་དང་། །དམུ་བཙན་རྒྱལ་མོ་གཉིས་ཀྱི་སྲས། །ལྷེའུ་རྗེ་མཆེད་བདུན་བྱ་བ་ཡིན། །ལྷ་སྲས་དེ་ཡི་བདུན་ཚིགས་ནི། །ཁྲི་སད་འབར་བ་ཞེས་ཀྱང་བྱ། །དེ་ཡི་ཞང་པོ་དམུ་ཡི་ཡུལ་དུ་སྤྱུགས། །དམུ་ཟ་གཉིས་གཉའ་མཐིང་མ་དང་བཤོས་པ་ལ། །ཡར་གཤེགས་སུ་ནི་ཡུམ་གྲོངས། །མར་གཤེགས་སུ་ནི་སྲས་མནོལ་བས། །ལྟག་པའི་བདུད་སྒོ་སྐྲ་ཉག་གཅིག་དང་འཁྲིལ་ནས་བཤོས་པའི་སྲས། །རྗེ་ཉག་ཁྲི་བཙན་པོ་ལགས།༽ ཞེས་གོང་གི་འདོད་ཚུལ་དེ་བསྟན་ཡོད་པ་ལྟར་བན་དྷེའི་ཕྱོགས་ཀྱི་ཆོས་འབྱུང་དང་ལོ་རྒྱུས་འགའ་ལས་བྱུང་བ་སྟེ་དཔེར་ན། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི་རྒྱལ་རབས་གསལ་བའི་མེ་ལོང་ལས། ༼དང་པོ་ལྷ་རི་རོལ་པོའི་རྩེ་ལ་བབས་སྟེ་གཟེགས་པས། གངས་ཡར་ལྷ་ཤམ་པོ་མཐོ་བ་དང་། ཡུལ་ཡར་ལུང་བཟང་བར་མཁྱེན་ནས། བཙན་ཐང་གོང་མོའི་རི་ལ་བབས་པས། ཕྱུགས་སྐྱོང་བའི་རྫིའུ་རྣམས་ཀྱིས་མཐོང་སྟེ། རྩར་བྱུང་ནས་གང་ནས་འོང་དྲིས་པས། གནམ་ལ་མཛུབ་མོ་ཀེར་བ་དང་། འདི་ནི་ནམ་མཁའ་ནས་འོང་བའི་ལྷ་སྲས་ཡིན་པར་འདུག་པས། འོ་ཅག་རྣམས་ཀྱི་རྗེ་བཅོལ་ལོ་ཟེར་ཏེ། གཉའ་བར་ཁྲི་བྱས་བཏེགས་ནས་འོང་པ་ན། རྗེ་གཉའ་ཁྲི་བཙན་པོ་ཟེར་ཏེ། བོད་ཀྱི་རྒྱལ་པོ་ལ་སྔ་བ་དེ་ཡིན་ནོ།༽ ཞེས་ཚིག་ཉུང་ངུ་མ་ཞིག་གིས་འོ་ཅག་བོད་ཀྱི་སྤྱི་རྗེ་གཉའ་ཁྲི་ཐོག་མར་གནམ་ནས་དོག་ལ་བབས་པ་དང་དེ་རྗེས་བོད་ཆེན་པོའི་མངའ་མཛད་དུ་བྱས་ཚུལ་འཁོད་ཡོད་པ་ལྟ་བུ་རེད། ཡང་ལོ་རྒྱུས་ཀྱི་ཕྱོགས་ནས་གོང་དུ་བཤད་པ་ལྟར་གྲགས་པ་བོན་ལུགས། གསང་བ་ཆོས་ལུགས། ཡང་གསང་མུ་སྟེགས་ཀྱི་ལུགས་དང་གསུམ་དུ་ཕྱེས་ཞིང་བོད་ཀྱི་མངའ་མཛད་ཐོག་མར་བྱུང་རབས་མི་མཐུན་པ་དེ་བཞིན་བྱུང་ཡོད་པ་དེ་དག་ལས། ཕར་ཆེར་གྲགས་པ་བོན་ལུགས་ཀྱི་བཤད་ཚུལ་དེ་དོན་དུ་མཐུན་པར་བརྩིས་པའི་འདོད་ཚུལ་མང་ཡོད་པ་ལྟར་དོན་དུ་གནད་ཆེ་བའི་ཞིབ་འཇུག་གི་གཞི་རྩ་དེ་དག་བསམ་གཞིགས་ཅུང་ཟད་བྱས་ན། དེ་ལྟར་གྱི་གནད་ཐོག་ཏུ་འབབས་ཐུབ་ཀྱི་འདུག་པར་སེམས། གཉིས་པ་རྒྱུ་མཚན་དང་གཏན་ཚིག་ལ་གཞིག་ན་བོད་རྒྱལ་ཐོག་མ་གཉའ་ཁྲི་ལྷ་ལས་བོད་ཆེན་པོའི་མངའ་མཛད་ཀྱི་རྒྱལ་པོར་བྱོན་པར་བཤད་ཡོད་པ་ནི་དོན་དུ་བདེན་པའི་གཏམ་ཞིག་ཏུ་འདོད་ཆོག་སྟེ། སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཁོང་གི་མཚན་འདོགས་ཚུལ་གྱིས་གྲགས་པ་བོན་ལུགས་ལྟར་གྱི་འདོད་ཚུལ་དེ་ལྟར་དུ་ར་སྤྲོད་ཆེན་པོར་བྱེད་ཐུབ་ཀྱི་འདུག་སྟེ། དེང་དུས་གཉའ་ཁྲིའི་མཚན་གྱི་གོ་རིམ་དེ་དག་ལ་ཞིབ་འཇུག་བྱེད་སྐབས་སུ། གཉའ་ཁྲིའི་མཚན་ཟུར་གྱི་གཉའ་ཞེས་པའི་ཐ་སྙད་དེ་བོད་སྐད་ཡིན་པ་དང་ཞང་སྐད་ཡིན་པ་སོགས་འདོད་ཚུལ་མི་མཐུན་པ་མང་དུ་བྱུང་ཡོད། འོན་ཀྱང་གོ་བདེ་བའི་སྡོམ་ཚིག་ཉུང་ངུ་ཞིག་གིས་གཉའ་ཞེས་པའི་ཐ་སྙད་དེ་བོད་རྒྱལ་ཐོག་མའི་མཚན་ཟུར་འདོགས་དགོས་པའི་རྒྱུ་མཚན་གསལ་པོ་ཞིག་ངོ་སྤྲོད་བྱས་ཡོད་པ་སྟེ། ལོ་དེབ་ཞང་བོད་ཤེས་རིག་འདོན་ཐེངས་བཞི་པའི་སྟེང་གི་ ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་གྱིས་བརྩམས་པ། རྒྱལ་རབས་དང་ལོ་རྒྱུས་སུ་བརྫུས་པའི་སྒྲུང་གཏམ་ཐེར་འདོན། ཞེས་པའི་ནང་དུ། དོན་དངོས་སུ་གཉའ་ཁྲི་ཞེས་པའི་གཉའ་ནི་ལུས་པོའི་གཉའ་བ་དང་འབྲེལ་ནས་བཏགས་པ་ཞིག་གཏན་ནས་མིན་ལ། ཞེས་དང་། འདིར་ནི་རྒྱལ་པོ་རང་གི་ཡུམ་དམུ་ཟ་གཉའ་མཐིང་མ་ཞེས་པའི་མཚན་ཟུར་གྱི་གཉའ་ལས་དྲངས་ནས་བཏགས་པར་འདོད་པས་སོ། དེ་ལྟར་ཡིན་པ་ནི་གཉའ་ཁྲི་ཙམ་དུ་མ་ཟད་གནམ་གྱི་ཁྲི་བདུན་ཀུན་གྱི་མཚན་གནས་ཀྱང་རང་རང་གི་ཡུམ་གྱི་མཚན་ཟུར་རེ་གྲས་པ་ལ་བཏགས་ཡོད་པ་སྟེ། ཞེས་པ་ལྟ་བུས་བོད་རྗེ་གཉའ་ཁྲི་དམུ་ཟ་གཉའ་མཐིང་མའི་སྲས་སུ་འཁྲུངས་པ་ཡང་དེ་ལྟར་བཤད་ཡོད་པ་ཙམ་གྱི་གོ་ནུས་པ་ཞིག་རེད་ལ་དེ་ལྟར་དམུ་ཟའི་སྲས་སུ་འཁྲུངས་ཡོད་པའི་དབང་བྱས་ན་བོན་ལུགས་ཀྱི་དཔེ་རྙིང་སྲིད་པ་རྒྱུད་ཀྱི་ཁ་བྱང་སོགས་གྲགས་པ་བོན་ལུགས་ཀྱི་བཤད་སྟང་དེ་དང་མཐུན་ཤས་ཆེ་བས་བོད་ཀྱི་བཙན་པོ་ཐོག་མར་ལྷ་ལས་བྱུང་ཡོད་པར་ངེས་ཤེས་བརྙེད་ཐུབ་ཀྱི་འདུག་ལ། ཡང་ན་བོད་ཀྱི་ཡིག་ཚང་ལས་བྱུང་བའི་༼འཕྲུལ་གྱྀ་ལྷ་བཙན་པོ་འོད་ལྡེ་སྤུ་རྒྱལ་༽ཞེས་པ་དང་། གོང་གི་གཉའ་ཁྲིའི་མཚན་ཟུར་ལས་བྱུང་བའི་ཁྲི་ཞེས་པ་སོགས་ལ་དཔྱད་ན། ཕར་ཆེར་བོད་ཀྱི་བཙན་པོའི་འབྱུང་ཁུངས་ལྷ་ལས་མཆེད་པ་ཞིག་རེད་འདུག་པར་བཤད་ཐུབ་ཀྱི་འདུག་སྟེ་འཕྲུལ་གྱི་ལྷ་བཙན་པོ་ཞེས་པའི་༼ ལྷ ༽་དང་། གཉའ་ཁྲི་ཞེས་པའི་༼ ཁྲི ༽་སོགས་ནི་གང་དྲན་བྱུང་རྒྱལ་གྱི་ཐ་སྙད་ཞིག་མིན་པ་དང་། ཐ་སྙད་དེ་དག་གཉའ་ཁྲི་བཙན་པོ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་དུ་བྱས་ན། གོང་གི་ལྷ་ཞེས་པ་ནི་བོད་སྐད་ཀྱི་སྒྲ་ཁོ་ན་ཡིན་པ་དང་། བཤམ་གྱི་ཁྲི་ཞེས་པའི་ཐ་སྙད་དེ་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སོགས་རྒྱལ་རབས་དེབ་ཐེར་ཁག་ལས། དང་ཐོག་ཞང་སྐད་ཡིན་པ་དང་། དེ་བོད་སྐད་བསྒྱུར་ཚེ་ལྷ་ཞེས་པའི་ཐ་སྙད་དང་གཅིག་མཚུངས་སུ་འབྱུང་བར་བཤད་ཡོད་ཅིང་། དེ་ལྟར་བོད་སྐད་དང་ཞང་སྐད་གཉིས་ཀྱི་ཐོག་ནས་དོན་དུ་ལྷ་ལ་གོ་དགོས་པའི་མིང་ཚིག་ཞིག་གཉའ་ཁྲི་ལྷ་ལས་བྱུང་བའི་རྒྱ་

མཚན་ཙམ་མ་གཏོག་ལྷ་དང་འབྲེལ་བ་མེད་པ་ཞིག་ལ་མཚན་དེ་འདོགས་པ་ལ་རྒྱུ་མཚན་མེད་ཅིང་དེ་བས་ཀྱང་འདོགས་ཐབས་མེད་པ་ཞིག་ཡིན་པས་སོ། །

                                                                           ༢༠༡༡ ༡༠ ༢༣ ཉིན།

Re:བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/19 11:34:21
yongdromདྲྭ་གྲོགས་ལགས་ཡི་གེ་འབྲི་བའི་སྐབས་སུ་ཞབས་ཀྱུ་འབྲི་རྒྱུ་ལུས་སོང་ཞིང་ད་དུང་དྲྭ་བའི་ནང་གི་ཝ་ཟུར་དང་ཞབས་ཀྱུ་ཡ་འདོག་དེ་དག་ཅུང་ཟད་མཐོང་སྟབ་མི་བདེ་བ་འདུག་པས་ཡུན་རིང་ཙམ་ཞིག་ཞབས་ཀྱུ་འདི་འབྲི་རྒྱུ་ཡང་ལུས་སོང་བར་དགོངས་འགལ་མེད་པར་ཞུ། ཡིན་ཡང་གོང་དུ་ཁྱེད་ཀྱིས་འཆན་བཀོད་པ་དེའི་ནང་དུ་བོད་བཙན་པོའི་འབྱུང་ཁུངས་ཞེས་བྲིས་འདུག་ལ་དོན་དུ་བོད་བཙན་པོའི་འབྱྱུང་ཁུངས་བཤད་པའི་གཏམ་ཞིག་མིན་ལ་བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་གཏམ་ཞིག་རེད་དེ་ནི་ཁྱེད་ཀྱི་དཔྱན་འཆན་དེའི་ནོར་བ་ཙམ་ངོ་སྤྲོད་ཞུས་པ་ཡིན། རྗེས་མར་དཔྱན་འཆན་འབྲི་སྐབས་སུ་ཡིག་ནོར་སོང་ཡང་དོན་ལ་ནོར་འཆུག་བྱུང་བ་འགའ་མི་སྤེལ་བར་མཁྱེན།
Re:བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/14 20:32:34
གླག་མིག(སྐུ་མགྲོན)གཡུང་གཙུག་ལགས།
སྐུ་མཁྱེན་ཧོར་ལྡོབ་མ་གནང་རོགས་ཞུ། ད་ནངས་གོང་དུ་ཁོ་བོས་ཁྱེད་ཀྱི་རྩོམ་བྱང་ནོར་འདུག་ཟེར་བ་དེ། དང་པོ་ཁྱེད་ཀྱིས་འབྱུང་ཁུངས་ཀྱི་འབྱུང་ལ་ཞབས་ཀྱུ་བྲིས་མི་འདུག་པས་ཐབས་རྡུགས་དེར་ཞུས་པ་ཡིན།

སྤྱིར་ཁྱེད་ཀྱིས་ཧོར་ལྡོབ་དེ་མ་གནང་བ་ཡིན་ན་ངས་གསལ་བཤད་འདི་ཞུ་དོན་མེད།
དགོངས་དག
རྩོམ་པ་པོ།:གླག་མིག(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་ཀྱི་བཙན་པོའི་འབྱུང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/14 19:08:22
སྐུ་མགྲོན་s84Aqe(སྐུ་མགྲོན)ཡ་བྲྲང་གཡུ་འབྲུག་ལགས་ལམ་སྟོན་མཛད་པར་ཐུགས་རྗེ་ཆེ།
རྩོམ་པ་པོ།:སྐུ་མགྲོན་s84Aqe(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོད་ཀྱི་བཙན་པོའི་འབྱང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/14 13:44:35
yongzhouརྒྱབ་སྐྱོར་ཡོད། རེད་དེ་གོང་གི་དཔྱད་མཆན་པས་བཤད་པའི་ཡིག་ནོར་གི་དོན་དངོས་ནི་བཙན་པོ་དང་བཙན་པོའི་ས་མཚམས་ན་མེད་པར་འབྱུང་ཁུངས་དང་འབྱང་ཁུངས་ན་ཡོད་འདུག་ལགས། དེ་དང་འབྲེལ་ཏེ་དེ་རིང་ཁ་སང་དྲྭ་རྩོམ་ཀློག་པོ་མང་དག་ཅིག་གིས་ཡིག་ནོར་ལ་དགག་བཞག་བྱེད་ཀྱི་འདུག་ནའང་བདག་གིས་ནི་དགག་པའི་འོས་སུ་སྙམ་གྱི་མེད་དོ།། ཐུགས་རྗེ་གནང་། ཡ་བྲང་གཡུ་འབྲུག
Re:བོད་ཀྱི་བཙན་པོའི་འབྱང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/14 12:53:59
yongdromགཞུང་གི་མ་ཡིག་འདི་ལ་ཡིག་ནོར་ཤོར་ཡོད་ངེས་པས་དེ་ལུགས་དགོངས་འགལ་མེད་པར་ཞུུ། དཔྱད་གཏམ་སྤེལ་མཁན་ཞིག་གི་ཁ་བྱང་ལ་ཡིག་ནོར་བྱུུང་འདུུུག་གསུངས་སོང་། བདག་གི་ཞིབ་ལྟ་ཞིག་བྱས་ཀྱང་ཡིག་ནོར་མ་མཐོང་། བོད་ཀྱི་བཙན་པོའི་འབྱུང་ཁུངས་ཞེས་པ་འདི་བཅོས་དགོས་འདུག་གསུང་གི་ཡོད་ན་དེ་ལྟར་བཅོས་དགོས་པའི་རྒྱུ་མཚན་མེད་དེ་བོད་ཀྱི་བཙན་པོ་ཞེས་སྨྲས་ཚེ་བཙན་པོ་ནི་རྒྱལ་པོ་ལ་འཇུག་པས་བོད་ཀྱི་བཙན་པོ་ཞེས་སྨྲས་ན་དེ་ཙམ་ལ་ནོར་བ་མེད་པར་སེམས།
Re:བོད་ཀྱི་བཙན་པོའི་འབྱང་ཁུངས་བཤད་པའི་དཔྱད་གཏམ་གྱི་སྡོམ་ཚིག ། | 2011/11/14 12:19:33
གླག་མིག(སྐུ་མགྲོན)གྲོགས་པོ་ལགས།
དཔྱད་རྩོམ་འབྲི་བའི་ཆེས་མ་མཐའི་ཆ་རྐྱེན་དེ་རྩོམ་གྱི་ཁ་བྱང་ལ་ཡིག་ནོར་བྱུང་ན་ཆེས་ཐབས་རྡུགས་ཤིག་ཏུ་བརྩི་བཞིན་ཡོད། དཔེར་ན་གོང་དུ་༼བོད་བཙན་པོའི་འབྱང་ཁུངས་་༽ལྟ་བུ་ལ་གཟབ་དགོས།
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
དཔྱད་གཏམ་སྤེལ་མཁན་ལགས། བོད་ཀྱི་བཙན་པོ་ཞེས་པ་དང་བོད་བཙན་པོ་ཞེས་པ་གཉིས་དོན་མི་མཚུུངས་པར་སྙམ། གང་ཞེ་ན། བོད་ཀྱི་བཙན་པོ་ནི་བོད་བཙན་པོའི་དུས་སྐབས་ཀྱི་སྲིད་འཛིན་པའི་རྒྱལ་པོ་དེ་ལ་ཟེར་ཞིང་། བོད་བཙན་པོ་ནི་རྒྱལ་པོ་དེའི་མངའ་འབངས་ཀྱི་བོད་ལ་ཟེར་བ་ལས་བོད་ཀྱི་རྒྱལ་པོ་ལ་མི་འཇུག་པའི་ཕྱིར་རོ། དེའི་ཕྱིར་གོང་གི་ཁ་བྱང་ལ་བོད་བཙན་པོའི་འབྱུང་ཁུངས་ཞེས་འབྲི་དགོས་དོན་ག་ལ་ཡོད།
རྩོམ་པ་པོ།:གླག་མིག(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.