གངས་ཏི་སེ།
གངས་ཏི་སེ།
བརྟན་ཞིང་ལྷིང་བའི་འཛིན་མིན་མཐིལ་དུ།
ངོ་མཚར་གྱི་འོད་སྣང་གངས་ལྗོངས་སུ་འཕོས་པའི་དབུ་ནག་ཚང་གི་བླ་རི།
གངས་རི་དང་རྫ་རི།
སྤང་རི་དང་ནགས་རི།
མདོར་ན་རི་ཚོགས་དུ་མའི་དབུས་ན་རྔམ་བརྗིད་ཅན་ཞིག །
གངས་ཏི་སེ།
དུས་རབས་ཀྱི་འཕོ་འགྱུར་ཞིག་གམ།
རིམ་བཞིན་ཡལ་བའི་ནམ་ཟླ་རེ་རེའི་ཁྲོད་ན་ཁྱེད་ཀྱི་འོད་མདངས་ཟླ་བ་བཞིན་དཀར་ལ།
ངོ་མཚར་དང་གཟི་བརྗིད་ཀྱིས་མཚོན་པའི་བཀོད་པ་དེ་ཡང་རྒྱལ་ཕམ་གྱི་གཡུལ་ས་དེ་ནས་གས་ཆགས་མ་ཤོར་ཟེར།
གངས་ཏི་སེ།
སྲིད་པའི་དགྲ་བླ། དེང་གི་ཕ་ལྷ། འུ་ཚང་གི་ཡུལ་ལྷ།
གང་ལྟར་མགོན་སྐྱབས་ལ་འགྱུར་བ་མེད་ལ།
སྡོངས་གྲོགས་ལ་ཟད་པ་མེད་པའི་ལྷ་ཆེན་པོ་ཆེན་པོ་ཞིག།
གངས་ཏི་སེ།
ཁྱེད་ཀྱི་ཐུགས་བསྐྱེད་དེ་ཡིས་མི་ཡུལ་གྱི་བདེ་སྡུག་སྒོམ་ཐེངས་རེ་རེའི་འོག་ན།
ཡུལ་སྒོ་ཕུགས་བར་གསུམ་ན།
བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་མངའ་ཐང་མཐོ་ཞིང་།
རྒྱལ་བསྟན་གྱི་རྒུད་པ་ཞི་བཞིན་མངའ་འབངས་ལ་འཚེ་མེད་ཀྱི་ཕན་བདེས་ཁྱབ།
༢༠༡༡ ༡༡ ༡༥ཉིན་རང་ཤག་དབྱངས་ཅན་དགྱེས་པའི་ཁང་བཟང་ནས།
- ཟིན་ཐོ་གོང་མ།གངས་རི་དང་། རྩྭ་ཐང་།
- ཟིན་ཐོ་འོག་མ།བོད་ཀྱི་རིག་གནས་རྣམ་བཤད་ལས་བོན་གྱི་སྟོན་པའི་འཁྲུངས་རབས།
བླ་རི་གངས་དཀར་ཏི་སེ། །
བོན་གཤེན་བསྟན་པའི་མགོན་ཡིན།
མཐོ་སྒང་གངས་རིའི་རྒྱན་ཡིན། །
སྨོན་ཕྱྭ་སྲས་པས།