ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཡིན་ངེས། | 2011/10/31 14:16:00

   ཡིན་ངེས། 

རྨད་བྱུང་བརྒྱད་གཉིས་ཟུང་གི་ལང་ཚོ་འཆང་སྟེ།

ཚངས་པའི་སྙན་འགྱུར་སྟོང་གི་དཔལ་ཡོན་མངའ་བའི།

རྒྱལ་བའི་ཡུམ་ཅིག་དབྱངས་ཅན་ངག་གི་དབང་མོ།  

ཕུན་ཚོགས་འདོད་དགུ་གཉེར་བའི་གྲོགས་སུ་ཕེབས་ཤིག

 

བཀོད་ལེགས་ལྷ་ཡི་ཁང་བཟང་མལ་ཤག་ཞིག་ན།

རྣམ་རིག་གྲོགས་སུ་བརྟེན་བཞིན་ལོ་ཟླ་ཟད་ཅིང་།

དུས་ཀུན་དཔེ་དེབ་འགྲོགས་པའི་རང་གཤིས་གསོན་པོ།

མི་ཚེ་དོན་གྱིས་ཕྱུག་པའི་གཏན་ཚིགས་ཡིན་ངེས།

 

གོས་དྲུག་ན་བཟས་མཛེས་པའི་དབེན་སུལ་ཞིག་ནས།

རྔ་གཤང་རོལ་མོ་གླིང་བུའི་གཤེན་དབྱངས་བསྒྲོགས་ཏེ།

ཆོ་ག་བཟླས་བརྗོད་བྱེད་པའི་མཛད་བཟང་གཙང་མ།

སྐྱབས་ཡུལ་ལྷ་ལ་རེ་བའི་དགེ་མཚན་ཡིན་ངེས།

 

ལྷིང་འཇག་མེ་ལོང་བཤམ་འདྲའི་འཆད་ར་དེ་ན།

གྲུ་བཞི་གདན་ཆུང་སྟང་གི་ཕྱི་རྒོལ་མདུན་ནས།

མེ་རྟག་བདེན་མེད་རྩོད་པའི་རྣམ་དཔྱོད་རེ་རེ།

ད་ལྟ་མི་ཡུལ་འགྲིམ་པའི་མཛད་འཕྲིན་ཡིན་ངེས།

 

སྐྱེ་བ་ཕྱི་མར་བཤད་པའི་བཀའ་རྟེན་ཁྲོད་དུ།

ཐོས་བསམ་སྒོ་ཙམ་ཞུགས་པའི་སྐལ་བཟང་ཆར་དེར།

བཤེས་གཉེན་ཚུལ་བཞིན་བསྟེན་པའི་ལོ་ཟླ་དུ་མ།

མི་འགྱོད་ཕ་རོལ་འགྲོ་བའི་ལྟ་གོན་ཡིན་ངེས།

 

མཚམས་སྤྲིན་ཁ་ཞགས་ཆགས་པའི་གླིང་ཁ་ཞིག་ནས།

རྒོད་སྒྲ་འུར་གྱིས་གང་བའི་སྤུན་མཆེད་ལྷན་འཛོམས།

སློབ་ཀྱི་འཚོ་བར་བརྩོན་པའི་རང་གཤིས་དེ་ཉིད།

རང་གིས་རང་ཉིད་གཅེས་པའི་བྱམས་བསྐྱོངས་ཡིན་ངེས།

                 ༢༠༡༡ ༡༠ ༣༠ཉིན་སྟེང་ཆེན་ནས།

Re:ཡིན་ངེས། | 2011/10/31 15:45:34
སྐུ་མགྲོན་8CSf73(སྐུ་མགྲོན)རྣམ་རིག་གྲོགས་སུ་བརྟེན་པའི་ཁྱོད། དུས་ཀུན་དཔེ་དེབ་འགྲོགས་པའི་ཁྱོད། ཆོ་ག་བཟླས་བརྗོད་བྱེད་པའི་ཁྱོད། མེ་རྟག་བདེན་མེད་རྩོད་པའི་ཁྱོད། རང་གིས་རང་ཉིད་གཅེས་པའི་ཁྱོད། དོན་དུ་ན་ཆུང་ཡོན་ཏན་ཅན་ཞིག།
རྩོམ་པ་པོ།:སྐུ་མགྲོན་8CSf73(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཡིན་ངེས། | 2011/10/31 15:20:22
tenzin3909ཧ་ཅང་ལེགས་པོ་འདུག
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
ཟིན་ཐོ་འདི་མཐོང་བཞག་གནང་བར་ཐུགས་རྗེ་ཆེ།
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.