ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/24 17:41:00

༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད།

དཔེ་དེབ་འདི་ཉིད་ཀླུ་ཕུག་དགོན་གྱི་ཀྲུའུ་རེན་རྒན་ཁྱུང་ཚང་གཡུང་དྲུང་ཚུལ་ཁྲིམས་མཆོག་དང་ཀྲུའུ་རེན་གཞོན་པ་དྲི་མེད་ལྷུན་གྲུབ་གཉིས་ཀྱིས་གསུང་གིས་བསྐུར་བ་བཞིན་དཔལ་གཤེན་བསྟན་ཐོབ་གསར་སྨན་རི་གླིང་གི་དགེ་བཤེས་རང་དགོན་གྱི་ད་ལྟའི་དཔོན་སློབ་ལས་ཐོག་པ་གཙང་ཚྭ་གཡུང་དྲུང་གཙུག་ཕུད་མཆོག་གིས་བརྩམས་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་འདིའི་ནང་གི་དངོས་གཞི་གཞུང་གི་དོན་ལ་ས་བཅད་གཉིས་ཀྱི་སྒོ་ནས་འཆད་པ་ཞིག་རེད་འདུག་ཅིང་། དེ་ཡང་ས་བཅད་དང་པོའི་ནང་དུ། དགོན་འདི་ཆགས་སའི་ས་གནས་ངོས་བཟུང་བ་དང་། དྲན་པ་ཡབ་ཡུམ་སྲས་གསུམ་གྱི་བྱིན་གྱིས་རླབས་ཚུལ་སོགས་ལུང་རིགས་ཟུང་དུ་འབྲེལ་བའི་ཐོག་ངོ་སྤྲོད་རྒྱ་ཆེར་མཛད་འདུག་ལ། ས་བཅད་གཉིས་པའི་ནང་དུ་ཧོར་སྤྱི་ཁྱབ་རྒྱལ་པོའི་སྐུ་སྲས་ལུགས་གཉིས་བསྟན་སྲིད་ཀྱི་བདག་པོ་ཁྲི་རྒྱལ་རྗེ་བཙན་མཆོག་གིས་ཐོག་མར་ཀླུ་ཕུག་དགོན་འདི་ཕྱག་བཏབ་ཚུལ་དང་། ཀླུ་དགོན་བླ་རབས་རིམ་བྱོན་གྱི་མཛད་རྣམ་སོགས་རྒྱ་ཆེར་བསྟན་པ་ཞིག་རེད་འདུག །དཔེ་དེབ་འདིའི་ཞར་བྱུང་གི་ལེའུ་ཚན་ཞེས་པའི་ནང་དུ་ཀླུ་དགོན་དམངས་བདག་ཡིག་ཚང་ལས་བྱུང་བའི་གསས་ཁང་མཐོང་གྲོལ་གཡུང་དྲུང་བཀྲ་གསང་ཁང་གི་བཞིངས་པ་གྲུབ་ཚུལ་དང་། གཡུང་དྲུང་མཐར་ཕྱིན་གྱིས་བརྩམས་པའི་ཀླུ་དགོན་གྱི་གར་འཆམ་སྐོར། རག་ཤི་ཤེས་རབས་མཐར་ཕྱིན་གྱི་བརྩམས་པ་གསས་ཁང་མཐོང་གྲོལ་གཡུང་དྲུང་བཀྲ་གསལ་ཁང་དུ་བཞུགས་པའི་རྟེན་གཙོ་རྣམས་ཀྱི་གཟུངས་བཞུགས་འབུལ་སྟངས་རབས་གསལ་ཤེལ་གྱི་ཨ་དར་ཤ་ཞེས་བྱ་བ། ཀླུ་དགོན་གྱི་རྒྱུན་ཚོགས་རེའུ་མིག། ཀླུ་དགོན་གྱི་བཤད་སྒྲུབ་འདུས་སྡེའི་ལོ་དགུའི་སློབ་འཆར་རེའུ་མིག། སྒྲུབ་གྲྭའི་ལོ་རིམ་གྱི་བཅའ་གཞི་སོགས་འཁོད་འདུག། དེ་ཡང་གོང་གི་གསས་ཁང་གཡུང་དྲུང་བཀྲ་གསལ་ཁང་བཞིངས་པ་གྲུབ་ཚུལ་ཞེས་པའི་ནང་དུ། ལྗོངས་མི་དམངས་སྲིད་གཞུང་ནས་ཆོགས་མཆན་ཐོབ་པར་བརྟེན་རིམ་བཞིན་ལྗོངས་མི་དམངས་སྲིད་གཞུང་ནས་འདུ་ཁང་གི་འགྲོ་གྲོན་སྒོར་ཁྲི་སུམ་བཅུ་ལས་བརྒལ་བའི་མཐུན་སྦྱོར་བྱུང་བ་དང་༢༠༠༡་ལོར་འདུ་ཁང་ལས་དཀའ་འགོ་འཛིན་པ་ནས་རིམ་བཞིན་འདུ་ཁང་གྲུབ་ཚུལ་སོགས་འཁོད་ཡོད། གར་འཆམ་གྱི་སྐོར་ཞེས་པའི་ནང་དུ། ཀླུ་ཕུག་དགོན་པས་གར་འཆམ་གྱི་མཛད་སྒོ་དུས་ནམ་ཞིག་སྤེལ་བ་དང་དུས་ལྟར་སྤེལ་བའི་གར་འཆམ་གྱི་རྣམ་གྲངས་སོགས་ཟབ་རྒྱས་སུ་བཤད་འདུག དེ་མིན་གསས་ཁང་མཐོང་གྲོལ་གཡུང་དྲུང་བཀྲ་གསལ་ཁང་དུ་བཞུགས་པའི་རྟེན་གཙོ་རྣམས་ཀྱི་གཟུངས་བཞུགས་འབུལ་སྟངས་ཞེས་པའི་ནང་དུ། རྒྱུ་ཟང་གསེར་ལས་གྲུབ་པའི་བདེར་གཤེགས་གཙོ་བཞི་དང་། བདེར་གཤེགས་སྟོང་སྐུ། ཀློང་ལས་ཅིར་ཡང་སྤྲུལ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་སོགས་གསས་ཁང་མཐོང་གྲོལ་གཡུང་དྲུང་བཀྲ་གསལ་ཁང་དུ་བཞུགས་པའི་རྟེན་གཙོ་རྣམས་ལ་གཟུངས་བཞུགས་ཇི་ལྟར་ཕུལ་ཚུལ་སོགས་ཉམས་མྱོང་གི་སྒོ་ནས་བཤད་འདུག་ལ། དེ་ལྟར་གྱི་རང་དགོན་དང་འབྲེལ་བའི་དཔེ་དེབ་དེ་ནི་ཐོག་མར་ཀླུ་ཕུག་དགོན་ཕྱག་བཏབ་ཚུལ་དང་། བར་དུ་དུས་ཀྱི་དབང་གིས་འཕོས་འགྱུར་བྱུང་ཚུལ། མཐར་དེང་གི་ཆར་ལྟ་བུར་མཚོན་ན་ཕྱི་སྐུ་གསུང་ཐུགས་གསུམ་གྱི་བསྟན་པ་དང་། ནང་མདོ་སྔགས་ཟུང་དུ་འབྲེལ་བའི་བཤད་སྒྲུབ་ཀྱི་འདུས་སྡེ་རིམ་བཞིན་དར་ཚུལ་སོགས་དང་འབྲེལ་བའི་དོན་ཁོ་ནར་བསྟན་པའི་ལོ་རྒྱུས་ཤིག་རེད་འདུག་པ་ལགས་སོ།

Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/30 11:04:38
སྐུ་མགྲོན་Osj7MY(སྐུ་མགྲོན)གཉན་ཆེན་ཐང་ལྷའི་དྲ་བདག་གཡུང་དྲུང་གཙུག་ཕུད་ལགས་བཀྲ་ཤིས་བདེ་ལེགས།ཁྱེད་ཀྱི་རྩོམ་ཡིག་མང་པོ་སྤེལ་བཞིན་འདུག་པ་དགའ་བསུ་ཞུ།ཁྱེད་ཀྱི་འཁྲུང་ཡུལ་སྦྲ་ཆེན་ཡིན་པའི་བཟོ་འདུག་ལ།ཕྲན་ནི་ཤེས་བྱ་ཕྲ་ཡང་ཕ་ཆོས་དང་ཕ་ཡུལ་དུང་ཞན་ཅན་ཞིག་ཡིན་པས།སྤུན་གྲོགས་ཁྱེད་ཀྱི་སྐོར་ཤེས་འདོད་འདུག སྐུ་་ཉིད་ཐུགས་མདུན་ཡོད་ཐུགས་བྲེལ་མེད་ན་འབྲེལ་བ་ཞིག་གནང་རོགས་ཞུ།༡༣༥༡༨༩༦༦༦༦༦ནས།
རྩོམ་པ་པོ།:སྐུ་མགྲོན་Osj7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/28 20:57:00
yongzhouཡུན་རིང་འབྲེལ་གཏུགས་མེད་པའི་དྲྭ་གྲོགས་གཡུང་དྲུང་གཙུག་ཕུད་ལགས་འཚམས་འདྲི་ཞུ་བ་དང་། བྲིས་རྩོམ་མོད་པོ་ཆུ་བོའི་རྒྱུན་བཞིན་སྩལ་གནང་ཡོད་པ་ཐུགས་རྗེ་ཆེ་ཞུ་བ་ཡིན། དེ་དང་འབྲེལ་ཏེ་གསལ་བཤད་ཅིག་ལ་ཀྲུའུ་རིན་ནི་རྒྱ་སྐད་རེད་འདུག་ལ་རྒྱ་ཡིག་ཏུ[主人]འབྲི་བ་དང་། བོད་པའི་སྐད་དུ་དེང་གི་དུས་ལ་གཙོ་འཛིན་དང་སྔོན་གྱི་སྤྱི་ཚོགས་སུ་དགོན་དཔོན་སོགས་ཀྱི་མིང་དུ་གདག་ཚོད་འདུག་པས་ང་རང་ཚོ་ཀུན་གྱིས་ཐུགས་བཞེས་དགོས་པའི་དོན་དུ་སེམས་སོ།།
ཡ་བྲང་གཡུའབྲུག
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
ལགས་སོ། དཔྱད་གཞིག་མཛད་པར་ཐུགས་རྗེ་ཆེ།
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/27 14:52:07
bfbfbfb(སྐུ་མགྲོན)ཡུལ་སུམ་པ་གླང་དུ་ཡོད་པའི་ཁྱེད་བཀྲ་ཤིས་བདེ་ལེགས་ཞུ། ཟིན་བྲིས་མང་ཙམ་འཇོག་རོགས། ཕ་ཡུལ་གྱི་སློབ་མ་ཞིག་གིས།
རྩོམ་པ་པོ།:bfbfbfb(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/26 20:37:43
tibetmonkཟིན་བྲིས་པ་གཡུང་དྲུང་གཙུག་ཕུད་ལགས་ནས་མུ་མཐུད་ནས་རྩོམ་ཡིག་གང་མང་སྤེལ་བའི་དགའ་བསུ་སོགས་ཡོད།
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
དྲྭ་བདག་ལགས། ལེགས་སོ།
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/26 17:11:41
yongdromམཁྱེན་སྤྱན་མངའ་བའི་ཟིན་བདག་ཁྲི་བསོད་བསྟན་དང་ཁྲི་གཡུང་དྲུང་རྣམ་གཉིས་ནས་ལེགས་འདེམས་བྱས་པར་ཐུགས་རྗེ་ཆེ་ཞུ།
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/26 16:52:32
yongdromདཔེ་དེབ་འདིའི་ངོ་སྤྲོད་དང་མཉམ་དུ་འདྲ་པར་འཇོག་འདོད་ཆེ་ཡང་གནས་སྐབས་སུ་འཇོག་ཐབ་བྲལ་སོང་། དགོངས་འགལ་མེད་པར་མཁྱེན་མཁྱེན་ཞུ།
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/26 16:38:43
སྐུ་མགྲོན་wb61Uh(སྐུ་མགྲོན)དཔེ་དེབ་འདི་ནམ་ཞིག་མཇལ་ཡོང་བའི་རེ་བ་ཆེ།
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
ས་གནས་སོ་སོའི་དཔེ་ཚང་ཁང་དུ་ཡོད་ཤས་ཆེ།
རྩོམ་པ་པོ།:སྐུ་མགྲོན་wb61Uh(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༧ དཔལ་གཤེན་བསྟན་ཀླུ་དགོན་གཡུང་དྲུང་བདེ་ཆེན་གླིང་གི་ལོ་རྒྱུས་དཔེ་དེབ་ཀྱི་ངོ་སྤྲོད | 2011/10/26 16:37:40
སྐུ་མགྲོན་wb61Uh(སྐུ་མགྲོན)འདྲ་པར་ཞིག་འཇོག་ཐུབ་ན་ལེགས་འདུག
རྩོམ་པ་པོ།:སྐུ་མགྲོན་wb61Uh(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.