ཧི་བོན་ཟིན་བྲིས།
གཉན་ཆེན་ཐང་ལྷ།
སྤྱི་བསྒྲགས།

    སྐྱེས་ཡུལ་སྦྲ་ཆེན།

    སྡོད་གནས་ཀོ་དགོན་བཤད་སྒྲུབ་འདུས་སྡེ།

    ལག་ཐོག་ཁ་པར།  18798956012

    སྐད་འཕྲིན།1938853760

ལི་ཐོ།
    <<  < 2021 - 10 >  >>
    1
    2345678
    9101112131415
    16171819202122
    23242526272829
    3031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྐད་ཡིག་དང་ངའི་ན་ཟུག  | 2011/10/17 12:12:00
སྐད་ཡིག་དང་ངའི་ན་ཟུག

བགྲངས་བྱ་ཁྲི་ཕྲག་གི་བང་རིམ་བརྩེགས་པའི་ཁ་སོང་།བསིལ་རླུང་གིས་མ་སྒྲིབ་པའི་ཉི་མ།

འཆར་སྤྲིན་གྱིས་མ་གཡོལ་བའི་ཟླ་གཞོན། དོན་དུ་སྐར་ཚོགས་བཞིན་བཀྲ་བའི་དྭངས་གཙང་གི་ཉི་ཟླ་ཆ་འགྲིག། འདི་ནས་ཡར་བརྩིས་པའི་ལོ་ངོ་ཁྲི་སྟོང་དུ་མའི་རིང་ལ་གསོན་ཤུགས་ཀྱི་འོད་སྣང་ལ་ཉམས་པ་མེད། དུས་རབས་དང་འཕོ་འགྱུར་སྟོང་གི་ཁྲོད་ན་སྙན་འཇེབས་ཀྱི་དབྱངས་རྟ་མཆེད་བཞིན་ངེད་ཚང་གི་མཁའ་དབྱིངས་ནས་ཁ་འབབ་རྣམ་བཞི་ལས་རིང་བའི་ལོ་རྒྱུས་ཀྱི་རི་བོ་བསྐྲུན། དུས་རབས་ཉེར་གཅིག་པའི་ཡར་སྔོན་ཞིག་ན་སྔོ་ལྡེམ་ལྡེམ་གྱི་ལོ་འདབ་རེ་རེ་ནི་ཁྱོད་ཀྱི་ཚེ་སྲོག་ཡིན་ལ། དེའི་ཕྱིར། སྟོན་རླུང་གི་ཁུར་བཞིན་པའི་ལྕང་ལོ་དེ་དག་ཁྱོད་ཀྱི་རྒུད་པ་མ་ཡིན་ནམ། སྐབས་དེ་དུས་གོང་གི་མགོ་དཔོན་དང་འོག་གི་སྡེ་འབངས་ཡོད་ཚད་ཀྱིས་ཁྱེད་ལ་ཡིད་སྨོན་གྱི་བསྔགས་བརྗོད་མང་ཞིང་། ལས་རླུང་གི་མེ་ཏོག་འབུལ་མྱོང་། ད་དུང་མེས་པོ་ཞིག་གིས་རྗེས་རབས་ཚོའི་ཆད་དུ། རྔུལ་ཆུའི་ཐིགས་ཕྲེང་རེ་རེས་མཛད་བཟང་བསྐྱངས་པ་ནི་ཁྱེད་ཁོ་ན་འཚོ་བསྐྱོངས་བྱེད་པ་དེ་ཡིན་སྐད། འོན་ཀྱང་འཇིག་རྟེན་ནི་མི་རྟག་པའི་རང་གཤིས་ཞིག་གམ། འཕོས་འགྱུར་ནི་འཇིག་རྟེན་གྱི་རང་གཤིས་གསོན་པོ་ཞིག་ཏུ་གྲུབ་པས། དུས་རབ་ཀྱི་སྐྱོག་མཚམས་འདིར་སླེབ་དུས་ཆེས་བཙན་ པའི་ཁ་ལོ་བ་ཞིག་གིས་རང་ཉིད་ཀྱི་ལས་དབང་རླགས་བཞིན། སྐད་དང་ཡི་གེ།  ཁྱེད་དང་ང་། ང་དང་ཁྱེད་གཉིས་ཀྱི་བར་ན་ཆེས་རིང་བའི་བར་ཐག་ཞིག་བསྐྲུན་སྟེ། གས་ཆགས་ཀྱི་དོན་ཞིག་ཏུ་མཚོན་པའི་གཏམ་ཕྲེང་གི་གོ་རིམ་སྒྲིག་བཞིན། ཡིད་སུན་པའི་རྣམ་ཐར་བྲིས་སོང་། སེམས་སྐྱོ་བའི་ན་ཟུག་སྦྱིན་བྱུང་། དེ་ནི་ངའི་མྱོང་ཚོར་ཞིག་སྟེ་ཁྱེད་ཀྱི་གྱོན་རྒུད་ཡིན། ཨ་ཁ་ཁ།

                                              2011 9 24/ཉིན་སྟེང་ཆེན་ནས།

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:སྐད་ཡིག་དང་ངའི་ན་ཟུག | 2011/10/21 23:16:23
སྐུ་མགྲོན་Ind5Ht(སྐུ་མགྲོན)ཐོག་མར་དྲྭ་གྲོགས་གཡུང་གཙུག་ལགས་བཀྲ་ཤིས་བདེ་ལེགས།
ཁྱེད་ཀྱིས་ཞང་བོད་མེས་པོའི་ལོ་རྒྱུས་རིང་མོ་དང་ཕ་ཡུལ་གྱི་རྒྱུ་རྩལ་སོགས་གང་ཅིའི་ཐད་ལ་དཔྱད་བརྗོད་འདི་ལྟ་བུ་གནང་བར་སྙིང་བུས་ནས་ཐུགས་རྗེ་ལེགས་འབུལ་ཞུ་ཞུ།
ཨ་ཀྲོང་རིན་རྒྱལ་ནས་འཕགས་ཡུལ་སྨན་གྱི་གླིང་ནས་སྤྲིངས།
རྩོམ་པ་པོ།:སྐུ་མགྲོན་Ind5Ht(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐད་ཡིག་དང་ངའི་ན་ཟུག | 2011/10/21 23:12:08
སྐུ་མགྲོན་Ind5Ht(སྐུ་མགྲོན)ཐོག་མར་དྲྭ་གྲོགས་གཡུང་གཙུག་ལགས་བཀྲ་ཤིས་བདེ་ལེགས།
ཁྱེད་ཀྱིས་ཞང་བོད་མེས་པོའི་ལོ་རྒྱུས་རིང་མོ་དང་ཕ་ཡུལ་གྱི་རྒྱུ་རྩལ་སོགས་གང་ཅིའི་ཐད་ལ་དཔྱད་བརྗོད་འདི་ལྟ་བུ་གནང་བར་སྙིང་བུས་ནས་ཐུགས་རྗེ་ལེགས་འབུལ་ཞུ་ཞུ།
ཨ་ཀྲོང་རིན་རྒྱལ་ནས་འཕགས་ཡུལ་སྨན་གྱི་གླིང་ནས་སྤྲིངས།
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ཀྱིས་གསུང་དེ་བདེན་ཚོད་འདུག
རྩོམ་པ་པོ།:སྐུ་མགྲོན་Ind5Ht(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྐད་ཡིག་དང་ངའི་ན་ཟུག | 2011/10/19 15:17:43
tenzin3909བོད་ལ་འཕྲད་ན་རྒྱ་སྐད་འདྲ་མ་འདྲེས། །
རྒྱ་ལ་འཕྲད་ན་རྒྱ་སྐད་འཁྱོངས་མ་འཁྱོངས། །
བོད་པ་དེ་ཚོར་མི་སྐྱོ་སུ་ལ་སྐྱོ། །
Re:སྐད་ཡིག་དང་ངའི་ན་ཟུག | 2011/10/18 23:24:42
danzengyixi

བཀླགས་ཟིན། རྩོམ་ཡག་པོ་ཞིག་སྤེལ་འདུག
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
དྲྲྭ་གྲོགས་ལྷ་གཡག་དར་མ་ལགས།
འདིར་དཔྱད་གཟིགས་གནང་ནས་རྩོམ་ཐུང་འདི་འདིང་འཇོག་
གནང་བར་ཐུགས་རྗེ་ཆེ།
Re:སྐད་ཡིག་དང་ངའི་ན་ཟུག | 2011/10/17 14:35:55
yongdromགོང་གི་དྲྭ་གྲོགས་ལགས་དུས་རྟག་ཏུ་ངའི་ཟིན་བྲིས་བལྟ་ཀློག་
མཛད་པར་ཐུགས་རྗེ་ཞུ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.