ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བསམ་བློ་བ་ཞིག་གི་ནག་ཉེས། | 2011/10/17 11:54:00

 བསམ་བློ་བ་ཞིག་གི་ནག་ཉེས།

དེང་སང་སྔར་གྱི་སྲོལ་རྒྱུན་རིག་གནས་དར་བའི་རྗེས་མ། དེང་རབས་སྲོལ་རྒྱུན་རིག་གནས་དར་བའི་ཐོག་མའི་དུས། ཞེས་བཤད་འོས་པའི་མཚམས་དེར་སླེབ་པའི་ཉེར་གཅིག་པའི་དུས་ཤིག་རེད། སྐབས་དེའི་སྲོལ་རྒྱུན་དང་རིག་གནས་དང་མི་གཤིས་སོགས་གང་ས་ཅིའི་ཐད་ནས་གོང་འཕེལ་གྱི་གཤོག་ཟུང་ལྡིང་བཞིན་པའི་དུས་རབས་དེར་ལྟ་བ་གསར་པ་དང་། བསམ་བློ་གསར་པ། གོམ་གཤིས་གསར་པ་སོགས་ཀྱི་ཐད་ནས་བཤད་ན་སྔར་མེད་ཀྱི་གསར་པའི་ཁྱུ་ཚོགས་དུ་མ་ཞིག་རིམ་བཞིན་ས་སྒང་ཧྲིལ་པོ་འདིར་དར་ཁྱབ་འགྲོ་བཞིན་འདུག། དེ་དག་ནི་གཙོ་ཆེར་བསམ་བློ་བ་དང་། རིག་གནས་པ། སྒྱུ་རྩལ་པ་སོགས་ཀྱི་ཤེས་རིག་གི་འཇང་ཐང་ངམ་སྟོབས་ཤུགས་རྐྱང་རྐྱང་ལས་གྲུབ་པའི་བྱས་རྗེས་རླབས་པོ་ཆེ་ཏག་ཏག་རེད་ཅེས་བཤད་ན་མི་འགྲིག་པ་ཆེས་མེད་པ་ལྟ་བུ་ཞིག་རེད། དངོས་རྩོའི་རིག་གནས་དང་། སེམས་གཙོའི་རིག་གནས་ཏེ། མདོར་ན་དེང་རབས་རིག་གནས་ཀྱི་ཁ་ལོ་བ་དག་གིས་ཤེས་རིག་དང་སྲོལ་རྒྱུན་ཀྱི་ཕྱོགས་ནས་རླབས་ཆེ་བའི་མཛད་རྗེས་འགའ་བཞག་དང་འཇོག་བཞིན་པའི་ཞོར་དུ་ང་ལྟ་བུའི་མཐོང་ངོ་ལ་མཚོན་ན། ནག་ཉེས་ཆེ་བའི་གོམས་གཤིས་ཤིག་ངང་གིས་ཆགས་ཀྱི་འདུག། དེ་ནི་དེང་རབས་ཀྱི་བསམ་བློ་བ་ཕལ་ཆེ་བའི་གོམས་གཤིས་རེད་ལ། ལྷག་ཏུ་ཕྱོགས་ཞན་བྲལ་བའི་མཚན་འཛིན་གྱི་རྩོམ་པ་པོ་འམ་བསམ་བློ་བ་དག་དང་ཆེས་བྲལ་མི་རུང་བ་ལྟ་བུའི་རང་གཤིས་གསོན་པོ་ངོ་མ་དེ་རེད་སྙམ། དེ་ནི་གང་ཞེ་ན། དེང་རབས་ཀྱི་རྩོམ་པ་པོ། ཞིབ་འཇུག་པ། སྒྱུ་རྩལ་པ། མདོར་ན་དེང་རབས་ཀྱི་བསམ་བློ་བའི་ཁྱུ་ཚོགས་ཀྱི་ནང་ནས་ཀྱང་གྲགས་ཆེ་བའི་མི་སྣ་དེ་དག་གིས་རྩོམ་ཡིག་འབྲི་བའི་ཞོར་རམ། གལ་ཆེའི་བྱ་བ་ཞིག་སྒྲུབ་པའི་ཞོར་དུ་རང་གི་ཕ་ཡུལ་གྱི་ཡུལ་སྲོལ་གོམ་གཤིས། རང་གི་གྲུབ་མཐའ་དང་དེའི་ལྟ་སྤྱོད་སོགས་ཅིས་ཀྱང་རང་དང་འབྲེལ་བའི་དེ་དག་ཤུགས་ལས་སྨད་པ་བྱེད་བཞིན་ཡོད་པའི་གོམས་གཤིས་དེ་རེད། དེ་ལྟ་བུའི་གོམས་གཤིས་ནི་ལྷག་པར་དུ་དེང་རབས་ཀྱི་རྩོམ་ཡིག་ཤོག་ལྷེ་རེ་རེའི་ངོས་ཙམ་ལ་མཚོན་ན་ཆེས་མང་གྲགས་པར་སྣང་ཞིང་། ལྷག་པར་དུ་བོད་ཅེས་པའི་ཡུལ་གྲུ་འདི་ལྟ་བུ་ལ་མཚོན་ནས་བཤད་ན། དེང་དུས་སུ་སྔར་ཕྱིར་ལོ་དང་ལོ་བཞིན་དེ་ལྟ་བུའི་རང་གཤིས་ཀྱི་རང་བཞིན་ལྡན་པའི་དཔེ་ཚོགས་དང་དེབ་ཕྲེང་མི་ཉུང་བ་ཞིག་འགྲིམས་སྤེལ་བྱེད་བཞིན་པ་ལྟར་རེད། དེ་ལྟར་གྱི་གནས་ཚུལ་དེའི་འབྱུང་རྐྱེན་ནི་དེང་རབས་ཀྱི་མི་གཤིས་ཤིག་སྟེ་དེ་ལྟ་བུའི་གོམས་གཤིས་དང་ལྡན་པའི་རྩོམ་ཡིག། ལྟ་བ། ལོ་རྒྱུས། འདོད་ཚུལ་ཚོགས་སོགས་ལ་རྩིས་ཐང་གི་ཆ་ནས་བཤད་ན་གོང་དུ་འཇོག་པ་དང་། དེ་ལྟ་བུའི་རིགས་ལ་ཆེས་དུངས་གྲགས་པས་ཡིན། དེང་རབས་རིག་གནས་པ་ཞིག་ལ་མཚོན་ན་མིད་དུ་མི་རུང་བའི་གཅེས་སྲོག་ཟེར་བ་དེ་དང་མཚུངས་ཀྱི་རེད་ཟེར་ཆོགས་ཀྱི་འདུག་མོད། རྩོམ་པ་པོ་ཞིག་གིས་གོམ་གཤིས་དེ་ལྟར་བཟུང་ནས་རྩོམ་ཡིག་འབྲི་བ་འམ་ཞིབ་འཇུག་བྱེད་རྒྱུ་དེ་ནི་ཕྱོགས་ཞན་བྲལ་བའི་གོམས་གཤིས་གསོན་པོ་ཞིག་ཏུ་བརྩི་བཞིན་འདུག་ཀྱང་དེ་ནི་དོན་ངོ་མ་བཟང་ལྟས་ཤིག་གཏན་ནས་མ་རེད། ཅིའི་ཕྱིར་ན། དེ་ལྟ་བུའི་བསམ་བློ་བ་དེས་གོང་གི་གོམ་གཤིས་དེ་དང་ཡ་མ་བྲལ་བའི་སྒོ་ནས་བྱ་བ་ཞིག་བསྒྲུབ་པ་ནི། མཚན་སྙན་ཞེས་པའི་ནུད་ཚད་བཙན་པོ་ཞིག་གི་བསླུ་བྲེད་ཀྱི་འོག་ཏུ་མགོ་བོ་ཚུད་པའི་རྟགས་ངོ་མ་དེ་ཕྱིར་སྟོན་བྱས་ཡོང་པ་ལས་གཞན་དྲང་ཕྱོགས་ལས་མ་འདས་པའི་མཛད་པ་ཞིག་བསྐྱོང་འོང་པའི་མཚོན་དོན་ཅིས་ཀྱང་མིན། དེ་ལྟ་བུའི་བསམ་བློ་བ་ཞིག་གི་གོམས་གཤིས་ལྡན་པའི་བསམ་བློ་བ་དེ་ནི། དེང་དུས་ཀྱི་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་བཤད་ན། མི་འབོར་མང་ཆེ་བ་ཅིག་གིས་ཕྱོགས་ཞན་བྲལ་བའི་བསམ་བློ་བ་ཞེས་བསྔགས་བརྗོད་ཀྱི་ཞོར་དུ་གོམས་གཤིས་དེ་ཡང་ཕྱོགས་ཞན་བྲལ་བའི་གོམ་གཤིས་དུ་སྒོམ་བཞིན་ཡོད་ཀྱང་དོན་དུ་དེ་ནི་ཕྱོགས་ཞན་བྲལ་བའི་གོམས་གཤིས་ཀྱི་ལྡོག་ཟླ་ཞིག་སྟེ། རང་གཞན་གང་གི་ཕྱོགས་སུ་མ་ལྷུང་བའི་མཛད་པ་ཞིག་བསྐྱོང་བ་ལ་གོམ་གཤིས་དེའི་རིགས་དེ་དག་དང་ཅིས་ཀྱང་བྲལ་དགོས་པའི་རྒྱུ་མཚན་གྱིས་སོ། རྩོམ་པ་པོ་ཞིག་གམ་རིག་གནས་པ་ཞིག་གི་དོན་ངོ་མའི་དྲང་བདེན་གྱི་བྱ་བ་ཞིག་བསྒྲུབ་པ་ལ་གོང་གི་རང་གཤིས་དེ་དག་གས་གཏོར་བྱེད་པའི་ལམ་དུ་ཞུགས་པ་སྔོན་དུ་ཅིས་ཀྱང་འགྲོ་དགོས་ཤིང་། མ་གཞི་ནས་རང་སྨད་གཞན་སྟོད་ཙམ་གྱི་བྱ་ཞག་བསྒྲུབས་པ་ལ་ཕྱོགས་ཞན་བྲལ་བའི་མཁས་དབང་ཞེས་ཡི་ནས་འདེམས་མྱོང་མེད་མོད། དེའི་ཕྱིར་དོན་ངོ་མ་བཤད་ན་མུ་མཐུད་དུ་ཡེ་ནས་མེད་པའི་གསར་རྩོམ་གྱི་བྱ་བ་དེའི་རིགས་ལ་ང་ཚོའི་འགྲམ་ཆུ་ལྡང་དགོས་བྱུང་བ་ནི། ཆེས་བླུན་པོ་ཞིག་གིས་རང་གཤིས་ལས་མ་འདས། དེ་ལྟར་ཡིན་པས་རིག་གནས་པ་ཞིག་ལ་དཔུང་ཤུགས་བཙན་པོ་ལྟ་བུའི་སྟོབས་ཤུགས་རེ་ཡོད་ན་དེས་གོང་གི་ངོས་རྒོལ་བྱེད་འོས་པའི་དེའི་རིགས་དེ་དག་བཙན་གྱིས་ཕ་མཐར་བསྐྲད་དེ་དྲང་བདེན་གྱི་ལམ་ནས་བགྲོད་པའི་སྐད་ལྷུ་གསར་པ་ལ་འཛེག་བཞིན་ཁ་ཕྱོགས་མ་ནོར་བའི་དཔའ་བོའི་རིགས་སུ་གཏོག་པར་བྱེད་རྒྱུར་གལ་ཆེ་བར་སྣང་།

རྣམ་རིག་གསར་པའི་བུ་མོ། བཙན་གྱི་གཡོ་འཕྲུལ་ཟབ་ཀྱང་།

གཏམ་སྙན་རེ་རེའི་དོན་དུ། དབུ་མའི་ལམ་ལས་མ་གོལ།

ཆོས་པ་མཁས་ཚོས་བོན་ཕྱོགས་བདེན་བར་འཛིན།

དཔྱོད་ལྡན་བོན་པོས་ཆོས་ལུགས་བདེན་རབ་བཤད།

བོན་ཆོས་བར་ནས་བྱུང་བའི་དེང་རབས་པས།

དྲང་བདེན་ལྟ་བའི་ཁ་ཕྱོགས་ངོ་མ་ཤེས།

                                      2011 / 9 / 13ཉིན་སྟེང་ཆེན་ནས།

Re:བསམ་བློ་བ་ཞིག་གི་ནག་ཉེས། | 2011/10/19 14:21:41
སྐུ་མགྲོན་Glc4Fr(སྐུ་མགྲོན)གཡུང་དྲུང་གཙུག་ཕུད་ལགས།ཕྲན་དགོས་འདོད་ཀུན་འབྱུང་ནས་སྤེལ་བའི་མཆན་དུ།. བཏགས་མཁན་ལེའུ་ཆུང་ཞེས་པ་དེ་༼བཏགས་མཁན་ལ་ལེའུ་ཆུང་༽ཞེས་ཆད་བཅོས་གནང་རོགས་ཞུ།
གཤམ་དུ་གཡུང་དྲུང་གཙུག་ཕུད།་ལགས་ཀྱིས་ལན་སློག་པ་ནི་
བོད་བྱང་ཐང་དགོས་འདོད་ཀུན་འབྱུང་ཚང་ལགས། དམ་ལམ་ངས་གོང་དུ་ཁྱེད་ཀྱིས་གསུངས་པ་ལྟར་བཅོས་ཡོད། མུ་མཐུད་དུ་བདག་གི་ཟིན་བྲིས་ཀྱི་ཕྱོགས་ནས་གཏམ་བཤད་མང་དུ་མཛད་པར་མཁྱེན།
དམར་རི་བ། གཙང་ཚ་གཡུང་དྲུང་གཙུག་ཕུད་ཀྱིས།
རྩོམ་པ་པོ།:སྐུ་མགྲོན་Glc4Fr(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བསམ་བློ་བ་ཞིག་གི་ནག་ཉེས། | 2011/10/19 10:21:15
སྐུ་མགྲོན་Osj7MY(སྐུ་མགྲོན)དུས་རྟག་ཏུ་སྐྱོ་གླུ་ལེན་དགོས་དོན་ནི།མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གཡུང་དྲུང་བོན་ལ་གཤེ་ཞིང་ནང་པའི་གྲལ་ནས་འཕུད་ཕྱི་པའི་འཇུག་ཏུ་བཙན་གྱི་རྫང་།འཁྱོག་བཤད་ཕྱོགས་ལྷུང་ལོགས་བློས་དག་པ་ལྷ་ཡི་སྲས་ལ་བྱོལ་སོང་སྤྲེལ་ཕྲུག་གི་རྒྱུད་པའི་གཏམ་རྒྱུད་བཀོད།་སྲོང་བཙན་གོང་དུ་མདོ་སྔགས་སེམས་གསུམ་གྱི་བསྟན་པ་དར་ཡང་ཡི་གེ་མེད་པའི་མུན་གླིང་དུ་འགྲེལ།སྐྱིད་སྡུག་ལམ་ཁ་གཅིག་པའི་མི་རིགས་བར་ལ་སྟོད་སྨད་ཆོལ་ཁ་ཆོས་ལུགས་བར་དུ་དམའ་འབེབ་ཟུར་ཟའི་བུ་ཡུགས་འཚུབ།བདེན་པའི་ཆོས་ལ་རྨངས་དད་དང་ཡངས་དག་ཞིང་ལ་ཀླ་ཀློའི་བཏགས་མཁན་ལ་ལེའུ་ཆུང་ཙམ་འབྲི་མཁན་མེད་སྟབས་གཉན་ཆེན་ཐང་ལྷས་སྐྱོ་གླུ་བླངས་བ་རེད་ད་དུང་མུ་འཐུད་མཐར་ཐུགས་གི་དམིག་ཡུལ་མངོན་འགྱུར་བར་མུ་མཐུད་སྐྱོ་གླུ་ལེན་རྒྱུ་རེད་ཡ་སྐུ་མགྲོན་བསམ་འཆར་པ་ལགས།ཅེས་པ་འདིའང་སྐྱོ་གླུ་གྲང་མང་ལེན་འདུག་པ་ཅི་ཞིག་རེད་ཟེར་མཁན་ལ་གཉན་ཆེན་ཐང་ལྷའི་སྐྱོ་གླུ་རྒྱུན་དུ་ཉན་པར་དགའ་བའི་ནག་ཆུའི་དགོས་འདོད་ཀུན་འབྱུང་ནས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་Osj7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བསམ་བློ་བ་ཞིག་གི་ནག་ཉེས། | 2011/10/17 14:32:28
yongdromགོང་གི་དྲ་གྲོགས་ལགས་བདག་གི་ཟིན་བྲིས་ཀློག་པར་ཐུགས་རྗེ་ཆེ། སྐྱོ་གླུ་ནི་སྐྱོན་གྱི་རང་བཞིན་ཞིག་ལས་བྱུང་ཞིང་། དེའི་ཕྱིར་སྐྱོ་གླུ་ཇི་སྲིད་ལན་གྲངས་མང་ན་དེ་སྲིད་དུ་སྐྱོན་དེ་དག་མཚམས་སྦྱོར་ཞིག་ཤུགས་ལས་བྱེད་ཐུབ། གལ་སྲིད་དེ་ལྟར་སྐྱོན་ཞིག་མ་སྦས་ནས་མཚམས་སྦྱོར་བྱེད་ཐུབ་ན་སྐྱོན་བརྗོད་ཅེས་པ་དེ་ཡིན་པས་ཡོན་ཏན་ཀུན་དེ་ལས་འོང་དགོས།
དེའི་ཕྱིར་ང་ཚོས་སྐྱོ་གླུ་ལེན་པའི་བྱ་བ་ལ་ནམ་ཡང་ཞུགས་ཐུབ་པར་བྱེད་དགོས། ང་ལྟ་བུ་ལ་མཚོན་ན་སྐྱོ་གླུ་དྲྭ་ཁང་དུ་བཀོད་པ་རེ་ཟུང་ཙམ་གྱི་མ་ཚད་པར་དུས་རྟག་ཏུ་དགེ་མཚན་གྱི་ཆད་དུ་སྐྱོ་གླུ་ལེན་གྱི་ཡོད།
Re:བསམ་བློ་བ་ཞིག་གི་ནག་ཉེས། | 2011/10/17 13:55:26
བསམ་འཆར་པ།(སྐུ་མགྲོན)དུས་གཏན་དུ་སྐྱོ་གླུ་གྲངས་མང་ལེན་གྱི་འདུག་པ་ནི་ཅི་ཞིག་རེད།
རྩོམ་པ་པོ།:བསམ་འཆར་པ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.