ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ནོར་བུ་འོད་འབར་ཞུ་ལན་དང་འབྲེལ་བའི་གཏམ།  | 2011/9/15 17:00:00

ནོར་བུ་འོད་འབར་ཞུ་ལན་དང་འབྲེལ་བའི་གཏམ།  

ཡུལ་འོལ་མོ་ལུང་རིང་གི་གཡུང་དྲུང་འོད་གསལ་གསང་ཕུག་ཞེས་བྱ་བ་ན། མཚན་དང་ལྡན་པའི་སྐྱེས་བུ་འ་ཞ་གསང་བའི་ཉི་མ་ལྟར་གསལ་བའི་མཁྱེན་པའི་ཡེ་ཤེས་ཀྱིས་སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཀྱི་བོན་ཐམས་ཅད་དུས་གཅིག་ཏུ་གཟིགས་ཏེ་རིགས་དྲུག་གི་ཁམས་ཀུན་ན། ལ་ལ་སྐྱེས་བ་དང་འཆི་བ། ལ་ལ་རྒས་པ་དང་ན་བ། ལ་ལ་སྐྱིད་པ་དང་སྡུག་པ་སོགས་སོ་སྐྱེ་ཕལ་པ་ཞིག་གིས་བསམ་ན་དཔག་མི་ནུས་པ་དང་། བརྗོད་ན་གྲངས་ཀྱིས་མི་ལོང་བའི་མི་འདྲ་མི་གཅིག་པ་དུ་མར་མཐོང་ངོ་། དེ་ཡི་ཚེ་དེ་ཡི་དུས་ན། མཚན་ལྡན་འ་ཞ་གསང་བས་ཤིན་ཏུ་སྙིང་རྗེ་སྐྱེས་ཏེ་འགྲོ་བ་དེ་རྣམས་ཐར་པར་འདྲེན་པའི་ཕྱིར། ཕྱི་ཉིན་ཉི་མ་རི་རྩེར་ཤར་བའི་སྐབས་དེར་གཤེན་རབ་ལ་ནོར་བུ་འོད་འབར་ཞུ་བར་དགོངས། དེ་ནས་ཉིན་དེའི་ཕྱི་ཉིན་གྱི་ཞོག་པའི་ཉི་མ་རི་རྩེ་ལ་ཤར་པའི་དུས་དེར། འ་ཞ་གསང་བ་མཆོག་གིས་རང་ཉིད་ཀྱི་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ལྔ་ལས་གཤེན་ཕྲན་བཙུན་ཆུང་ལྔ་རེར་སྤྲུལ་ཏེ་དེ་དག་ལས་བཙུན་ཆུང་ཉི་ཤུ་ཐམ་པ། གཤེན་རབ་བསུ་བའི་དོན་དུ་གནས་དེ་གར་རང་བཞུག། འཕྲིན་ལས་ལས་སྤྲུལ་པའི་བཙུན་ཆུང་ལྔ་སྟོན་པའི་མདུན་དུ་ཕྱིན་ཏེ་གསས་ཁང་ཤམ་པོ་ལྷ་རྩེའི་སྒོ་ཕྱེས་ནས་གཤེན་རབ་ཀྱི་མདུན་དུ་་ཕྱག་འཚལ་ཞིང་། གསེར་གྱི་མདངས་འབར་བའི་རྔ་དང་གཤང་ལ་རིན་པོ་ཆེའི་ནོར་བུ་ལ་གཡུ་ཡི་འོད་ཅན་གྱིས་རྒྱན་པ་ཞིག་ཕུལ་ཞིང་པུས་གཙུག་ཐལ་སྦྱར་གྱི་ངང་ནས་གཤེན་རབ་ཀྱི་སྐུ་འཁོར་དང་བཅས་པ་གསང་བྲག་སེང་གེ་བརྒྱད་བསྣོལ་དུ་གཤེག་པར་ཞུས། དེ་ནས་གཤེན་རབ་སྐུ་འཁོར་དང་བཅས་པ་གནས་གསང་བྲག་སེང་གེ་བརྒྱད་བསྣོལ་དུ་ཕེབ་པ་ལ་མཚན་ལྡན་འ་ཞའི་སྐུ་གསུང་ཡོན་ཏན་ཐུགས་བཞི་ལས་སྤྲུལ་པའི་གཤེན་ཕྲན་བཙུན་ཆུང་ཉི་ཤུས་ཀྱང་ལ་ལས་དར་ཕྱར་བ་དང་། ལ་ལས་མཆོད་པ་འབུལ་བ་དང་། ལ་ལས་གར་བསྒྱུར་བ་སོགས་ཀྱིས་བསུ་བ་རྒྱ་ཆེར་མཛད་བཞིན་གཡུང་དྲུང་འོད་གསལ་གསང་ཕུག་ཏུ་རིན་པོ་ཆེའི་འཁོར་ལོའི་ཁྲིའི་སྟེང་དུ་གཤེན་རབ་གདན་དྲངས་ནས་དེ་ལ་གཤེན་ཕྲན་རྣམས་ཀྱིས་བསྐོར་ནས་བཞུགས། དེ་ནས་འ་ཞ་གསང་བས་སྟོན་པ་གཤེན་རབ་ལ་གསེར་གྱི་མ་མདལ་ལ་ནོར་བུ་འོད་འབར་བརྒྱན་ནས་ཕུལ་བ་དང་། ཕྱག་སྟོང་གིས་མཆོད་པ་བྱས་ནས། ཡང་གསང་ཐུགས་ཀྱི་ཟབ་གཏེར། གཡུང་དྲུང་བོན་གྱི་མཆོག  ནོར་བུ་འོད་འབར་ཞེས་བྱ་བ། གཤེན་རབ་མི་བོའི་དགོངས་པ་དག། གསལ་བྱེད་དག་པ་གསུང་པར་ཞུ། ཞེས་ཞུས་པས། སྟོན་པ་གཤེན་རབ་ཐུགས་རབ་ཏུ་དགྱེས་པའི་ཚུལ་མཛད་བཞིན་ལེགས་སོ་འ་ཞས་ཞུས་པ་ལེགས་ཅེས་གསུངས་ནས་ནོར་བུ་འོད་འབར་ལས་སེམས་བསྐྱེད་ཀྱི་ལེའུ་དང་། སྒོམ་རིམ་གྱི་ལེའུ། འགྲོ་བ་ཐར་པར་འདྲེན་པའི་གཟུངས་ཀྱི་ལེའུ། གདུག་རྩུབ་འཇོམ་བྱེད་གཟུངས་ཀྱི་ལེའུ། ཚེ་ནོར་འཕེལ་བའི་གཟུངས་ཀྱི་ལེའུ། འཁོར་བ་དང་མྱང་འདས་བསྟན་པའི་ལེའུ། བདུད་བཏུལ་པའི་ལེའུ། ཡང་གསང་རྣམ་དག་གཟུངས་ཀྱི་ལེའུ། ཕྱྭ་ཁམས་བདེ་ལ་བཀོད་པའི་ལེའུ། ཀླུ་ལ་མི་རྟག་མཐར་ཕྱིན་གྲུབ་ཚུལ་བཤད་པའི་ལེའུ། ཀླུ་རྣམས་བདེ་ལ་བཀོད་པའི་ལེའུ། ཡང་གསང་གཟུངས་ཀྱི་ལེའུ། ལེགས་འབྱུང་ཡོན་ཏན་ཨེ་མ་ངོ་མཚར་གྱི་ལེའུ། བཀྲ་ཤིས་སྨོན་ལམ་རྒྱས་འདེབས་ཀྱི་ལེའུ། བཀྲ་ཤིས་ཚེ་ནོར་གཡང་སྐྱབས་ཀྱི་ལེའུ་སོགས་ལེའུ་སྣ་ཁ་མི་འདྲ་བ་གྲངས་མེད་ཀྱི་བདག་ཉིད་ཅན་གསེར་འོད་ནོར་བུ་འོད་འབར་གྱི་མདོ་གསུང་། དེ་ནས་འཁོར་ཚོགས་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་ཀྱང་། སྟོན་པ་ལ་བསྟོད་པ་དང་བཀྲ་ཤིས་སྨོན་ལམ་གྱིས་འཇུག་བསྡུས་ཏེ་གསེར་འོད་ནོར་བུ་འོད་འབར་གྱི་གཡུང་དྲུང་བོན། ལྷ་ཡུལ་དང་ཀླུ་ཡུལ་ཕྱྭ་ཡུལ་སོགས་ཡུལ་སྣ་མི་འདྲ་བ་ཀུན་ལ་རབ་ཏུ་དར་བར་གྱུར་པའོ།    

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.