སྤྲོ་སྣང་།
ང་དང་གཡུང་དྲུང་སྤུན་གྲོགས་ཁྱེད་གཉིས།
བར་ཐག་རི་ཆུ་སྟོང་གིས་ཆོད་ཀྱང་།
བསོད་ཚོགས་ཞིག་གིས་བཀོད་སྒྲིག་འོག་ནས།
མཇལ་བའི་བསྐལ་བཟང་ངང་གིས་འཁྲུངས་སོང་།
དམར་སེར་མཚམས་སྤྲིན་འོད་ཀྱིས་མཛེས་པའི།
སློབ་ཚོགས་སྟོང་གི་ཕ་ས་ཆེན་མོ།
གཤེན་བསྟན་ཀུན་གྲགས་གླིང་གི་འདུས་སྡེར།
མཇལ་འཛོམ་ཞིག་གིས་སྤྲོ་སྣང་སྦྱིན་བྱུང་།
ཐོས་བསམ་གླིང་ཞེས་འཆད་རྭའི་ཐང་ནས།
དར་གྱིས་འབོད་པའི་ཐལ་སྐད་བཙན་པོའི།
ལྔ་རིག་བུ་མོ་མགྲོན་དུ་བསུས་པས།
དོན་གྱི་རིགས་སྒྲའི་དགེ་མཚན་མྱོང་བྱུང་།
སྒྲ་ཚད་ཤེས་བྱ་རྒྱ་མཚོའི་འགྱིང་ནས།
ང་དང་གཡུང་དྲུང་སྤུན་གྲོགས་ཞིག་གིས།
འཆད་རྩོད་རོལ་བའི་བྱ་ཞག་དེ་ཡིས།
རྣམ་རིག་གསར་པའི་མེ་ཏོག་སྦྱིན་བྱུང་།
འདུས་གྲལ་འགྲིགས་པའི་འཚོགས་དབུས་དེ་ནས།
རིགས་པའི་སེང་སྐད་འུར་གྱིས་སོྐང་བཞིན།
བདེན་དོན་ཞིག་གིས་གནས་ལུགས་འཚོལ་འདི།
ཚད་མའི་རིགས་སྒྲ་སྨོས་པར་ཤིས་སོ།
རིགས་སྒྲའི་སྐབས་ཀྱི་དམ་བཅའ་ཆེན་མོ་འཇུག་རྫོགས་རྗེས།
- ཟིན་ཐོ་གོང་མ།ཁ་སང་བུ་མོ་བུད་སོང་།
- ཟིན་ཐོ་འོག་མ།ནོར་བུ་འོད་འབར་ཞུ་ལན་དང་འབྲེལ་བའི་གཏམ།
བདུན་རྗེས་མར་སྤེལ་ཐུབ་པར་བྱེས་ངེས་ཡིན།