ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
འཛམ་གླིང་སྤྱི་བསང་། | 2016/7/18 19:08:00
འཛམ་གླིང་སྤྱི་བསང་ལྟག་ཁུང་གི་གསང་བ།
རིས་མེད་པ། (ཁམས་སྟོད་སྦྲ་ཆེན)
འཛམ་གླིང་སྤྱི་བསང་ཟེར་བའི་ལོ་རེའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་བོད་ཡུལ་ཕལ་ཆེར་བསང་མཆོད་འབུལ་ཞིང་རི་གསོལ་བྱེད་སྲོལ་འདི་ལ་ཡང་བན་བོན་གཉིས་ཀྱི་དབང་བསྒྱུར་དང་འབྲེལ་ནས་ཡོང་བ་ཞིག་རེད་འདུག་ལ་ད་བར་མི་ལོ༢༦༨༣ཡན་གྱི་ལོ་རྒྱུས་ལྡན།
 སྤྱིར་བཏང་བོད་ཡུལ་འདིར་བསང་བཏང་རི་གསོལ་ལྷ་བསོ་འདི་བོད་རང་གི་སྔར་སྲོལ་ཞིག་ཡིན་པ་ལས་གཞན་ཞིག་ནས་དྲངས་ཡོང་བ་དང་ཡང་ན་སྔར་མེད་གསར་དུ་གཏོད་པ་ཞིག་ནི་མིན།  
དེ་བཞིན་འཛམ་གླིང་སྤྱི་བསང་ཟེར་བའི་རི་གསོལ་བསང་གཏོང་གི་དུས་སྟོན་འདི་ཡི་དུས་ཚིགས་དེ་ཡང་བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི(BC667ཙམ་ཡིན་པ་མཁས་དབང་བོན་བརྒྱ་རིན་པོ་ཆེ་ཡི་མཛད་པའི<<རིས་མེད་བསྟན་རྩིས>>ལས་གསལ)དུས་སུ་བོན་གྱི་གྲུབ་ཆེན་སྟོང་རྒྱུང་མཐུ་ཆེན་གྱིས་སྲོལ་དུ་གཏོད་པར་བཤད། (ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་གཡུང་དྲུང་གླིང་གི་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ་ཕྱོགས་སྒྲིག་ནང་གི་རྒྱལ་རབས་གསེར་གྱི་ཐུར་མའི་ཤོག་གྲངས186ནས་གསལ)རི་གསོལ་སྐབས་རྒྱལ་པོ་བཙུན་མོ་བློན་པོ་ཀུན་གོས་ལྷུམ་ཞྭ་གསུམ་གཟབ་སྤྲས་རྒྱ་ཆེན་བྱེད་ནས་རི་གསོལ་བསང་དུད་གཏོང་སྲོལ་ཡོད། སྐབས་དེར་བོན་སྟོན་བསང་མཆོད་ལས་འཛམ་གླིང་སྤྱི་བསང་ཟེར་བའི་ཐ་སྙད་བཤད་སྲོལ་ཕལ་ཆེར་མེད་པ་འདྲ། དེ་སྔོན་བོད་ཡུལ་འདིར་ཁ་ཅིག་གིས་བོན་པོ་རྣམས་ཀྱིས་སྟོང་དཔྱིད་གཉིས་ལ་དམར་མཆོད་ཕོན་ཆེ་བྱེད་རེད་ཟེར་བའི་དུས་ཚིག་དེ་འདིར་ཡིན་འདུག བཤད་པ་བཞིན་དུ་དམར་མཆོད་བྱེད་མིན་ནི་བོན་པོ་རང་གི་རིག་གཞུང་དང་རྒྱབ་འགལ་གྱི་ལས་བྱེད་མིན་ཤེས་གསལ་དུ་ལགས་མོད།   
དེ་རྗེས་བོད་འདི་བོན་ཁ་བན་ལ་བསྒྱུར་བའི་དུས་རབས། བོད་རྒྱལ་མུ་ནེ་བཙན་པོའི(AD782ཡར་མར་ཙམ་ཡིན་པ་མཁས་དབང་བོད་རྒྱ་མཆོག་གིས་མཛད་པའི<<རིས་མེད་བསྟན་རྩིས>>འཕྲུལ་དེབ་ལས་གསལ)དུས་སུ་ཡང་དུས་ཚིགས་འདི་རང་ལ་སྔར་སྲོལ་ལྟར་བསང་གསོལ་རི་བསོ་བྱས་ཤིང་གུ་རུ་པད་འབྱུང་གིས་ཧས་པོ་རི་རྩེར་རྒྱག་བརྔན་བསང་མཆོད་ཕུལ་བ་དང་། དེ་བཞིན་བོད་རྒྱལ་དང་འཁོར་ཚོགས་ཀུན་སྔར་སྲོལ་ལྟར་གཟབ་འཕྱོར་སྤྲས་ནས་ཉིན་ཤས་རིང་དགའ་སྟོན་བྱེད་པ་སོགས་སྲོལ་རྒྱུན་མ་ཉམས་པར་གནས་པར་བཤད། (མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གཙོ་སྒྲིག་མཛད་ཅིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི<དུང་དཀར་ཚིག་མཛོད་ཆེན་མོ>>ཤོག་གྲངས1743ནང་ལ་གསལ)སྐབས་དེར་ཡང་ཕལ་ཆེར་དུས་སྟོན་དེའི་མིང་ལ་འཛམ་གླིང་སྤྱི་བསང་ཟེར་མེད་པ་འདྲ། རྒྱུ་མཚན་འོག་ནས་གསལ།
དེ་རྗེས་ས་འབྲུགAD1328ལོར་ཀརྨ་པ་རང་བྱུང་རྡོ་རྗེས་འཛམ་གླིང་སྤྱི་བསང་ཟེར་བའི་གསང་ཡིག་ཅིག་མཛད་ནས་ཡུལ་ས་གཞི་བདག་ལ་སྔར་སྲོལ་ལྟར་བསང་མཆོད་རི་གསོལ་མཛད་པ་དེ་ནས་བཟུངས་དཔེ་མིང་དུས་སྟོན་ལ་ཐོག་པར་བཤད།(མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་མཛད་པའི<<གངས་ལྗོངས་ཚིག་མཛོད་ཆེན་མོ>>འཕྲུལ་དེབ་ཛ་སྡེ་ནང་ལས་གསལ།
དེང་སང་ཡང་དེ་བཞིན་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་བོད་ཡུལ་སྟོད་སྨད་བར་གསུམ་ཕལ་ཆེར་གྱིས་འཛམ་གླིང་སྤྱི་བསང་ཉིན་མོ་ཟེར་ནས་རྟ་རྒྱུག་རི་གསོལ་བསང་མཆོད་རླུང་རྟ་གསོ་བ་སོགས་བོད་སྔ་རབས་ཀྱི་ཡུལ་སྲོལ་ཇི་ལྟ་བ་བཞིན་མ་ཉམས་པར་གནས་བཞིན་འདུག
ཞོར་འཕྲོས་སུ་བསང་དུད་ཀྱི་ཕན་ནུས་མདོར་ཙམ་བཤད་ན། བསང་དུད་ཅེས་པ་འདི་ལྷ་ཡི་ཁ་ཟས་ཤིག་དང་འདྲེ་ཡི་བྲོ་ཁ་ཞིག ཡང་ན་རྨོངས་དད་དབང་གིས་རྩི་ཤིང་མེ་ལ་བསྲེགས་པ་ཙམ་མ་ཡིན་པར་དོན་དམ་པར་བསང་དུད་ཀྱིས་དངོས་པོ་ཤིག་གིས་དངོས་པོ་གཞན་སྒྲུབ་པའི་འབུ་ཕྲའི་རིགས་སམ་ནད་རིམས་འདྲ་མིན་གྱི་རྡུལ་ཕྲ་འགོས་པའི་ཟས་གོས་ཅ་དངོས་གང་ཡིན་ན་གཙང་མར་བཟོ་བའི་ཐབས་ཁྱད་པར་ཅན་དུ་ལགས་ཚུལ་དེང་སང་རྣ་ཆོས་ཕར་ཉན་པ་ཙམ་གྱིས་གང་སར་གོ་བཞིན་འདུག་པ་དེར་བརྟེན་ནང་བསང་དགོང་བསང་རི་བསང་ཀླུ་བསང་བསང་བདུག་སོགས་ནི་ཆོས་ཕྱོགས་ཙམ་མ་ཡིན་པར་གཙང་སྦྲ་འཕྲོད་བསྟེན་གྱི་མ་ལག་ཅིག་ཡིན་པ་ཡིད་ལ་ངེས་པར་རེམས།
2016-7-18ཡབ་གཞིས་དགེ་མིང་པས་བྲིས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.