ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་རིས་ངའི་མ་རེད། | 2018/12/21 10:55:00

སྨན་རིན་ངའི་མ་རེད། ༼བརྩམས་སྒྲུང༽

རིས་མེད་པ།

ཕོ་བྲང་དཀར་དམར་གཉིས་ཀྱི་རྒྱབ། རྫོང་རྒྱབ་ཀླུ་ཁང་གི་གཡོན་ལོག་དེར་ཤིང་གི་ཨོང་བཀྱག་གྲུ་བཞི་ནུར་མོ་ཞིག་གི་སྟེང་ལ་ལྷོད་ལྷོད་ངང་བསྡད་ནས་ཁ་པར་ནང་ལ<<དེང་སང་གི་ལོ་ཆུང་ཚོ>>ཞེས་པའི་དེབ་དེ་ལྟ་བཞིན་པའི་སྐབས་སུ། རྒྱབ་ཕྱོགས་ནས་མི་ཞིག་གིས་ལག་པས་ངའི་མིག་གཉིས་བཀབ་ཅིང་། ང་སུ་རེད་ཟེར། མི་དེའི་སྐད་གོ་མྱོང་མྱོང་འདྲ་ཡོད་གྲགས་དེ་ནི་མིང་ཡིད་རྒྱུགས་མ་སོང་། ངས་ཁྱོད་རེད་མོད། ག་དུས་རྩེབས་པ་ཡིན་བཤད་པ། ཁོས་ཤེས་ཡོད་པའི་ཆགས་བཞག་ནས། ལག་པ་ཕར་ཁྱེར་ནས་ངའི་ཟུར་དེར་འདུག་བཞིན་ང་ཁ་རྩང་ཤས་རྩེབས་པ་ཡིན་ཟེར། མི་དེ་སྟོང་བཙན་རེད་འདུག ཁོ་ཟླ་ཚད་སྔོན་དགྱ་ནག་སྨན་ཁང་ནང་ལ་ཡོད་པ། སྨན་རིན་མི་འདངས་སྟབས། སྒོར་མོའི་རོགས་པ་བྱེད་རོགས་ཞེས་པའི་ཡི་གེ་དྲྭ་ཐོག་ལ་རིག་མོད། དེ་རིང་ལྷ་ས་ལ་ཡོད་པ་དྲག་སླ་པོ་རེད་འདུག་བསམ་ཞོར། ཨོ་ན་རྒྱུ་ཅི་འདྲ་ཡོད་དྲིས་པ། ད་དྲག་སོང་། ཉེ་འབྲེལ་དང་དགའ་ས། ད་དུང་ངོ་མི་ཤེས་པའི་དྲྭ་གྲོགས་རྣམ་པའི་བཀའ་དྲིན་ལ་རྟེན་ནས་སྒོར་མོ་ཁྲི་སུམ་ཅུའི་འགྲོ་སོང་བཏང་བ་ཉིན་མང་པོ་མ་འགོར་བར་སྨན་ཁང་ནང་ནས་དོང་འགྲོ་ཆོག་བྱུང་། འོ་རེད་ཀླུ་གོང་། རྫོང་ནས་སྨན་ཁང་ནང་གི་སྨན་རིན་བརྒྱ་ཆ་བརྒྱད་ཅུ་བསློགས་བྱུང་བ་ནད་དྲག་པ་མ་ཚད་ཁྲི་ཉི་ཤུ་རྩ་བཞི་ཁུར་རྒྱུ་རག་བྱུ་ཨ། ཚུར་ལྟོས་དང་། ངའི་ལག་ནང་ཅི་གདའ། མོ་ཊ་འདི་ཉོས་པ་ཡིན། ཡ་འགྲོ་ཇ་ཁང་ཡག་པོ་ཞིག་ནང་འགྲོ། དེ་རིང་དངུལ་ངས་འདོན་ཟེར་ནས་ལངས་བྱུང་། ཕར་བལྟས་ཚོད་ལ། གོས་ལྷུམ་དེ་ཚོ་གོང་ཆེན་པོ་འདྲ་ཡིན་ས་རེད། ངའི་བསམ་པར། མི་གཞན་པའི་སྒོར་མོ་དེ་ཚོ་སྨན་བཅོས་བྱེད་སྤྱད་བྱིན་པ་ལས་ཅི་དགའ་གང་སྐྱིད་བྱེད་སྤྱད་བྱིན་མེད་སྟབས་དེ་ཟོས་ན་ཡག་པོ་མ་རེད་བསམ་ཞོར། ཁོ་རེ་ཁོ་རེ། ཁྱོད་རང་གིས་བསམ་མནོ་ཡག་པོ་ཞིག་སྐོར་དང་། སྒོར་མོ་དེ་ཚོ་སྨན་བཅོས་བྱེད་སྤྱད་ལས་ང་གཉིས་དགའ་དགའ་སྐྱིད་སྐྱིད་བྱེད་སྤྱད་བྱིན་མ་རེད། གལ་སྲིད་ང་གཉིས་ཀྱིས་དེ་ཟོས་ན་མི་རྒྱུ་མགོ་སྐོར་བཏང་ནས་ཟོས་པ་དང་ཁྱད་མེད་རེད། དེ་ལས། མཚམས་འདིར་ཁོས་ངའི་ཚིག་མཚམས་བླངས་ནས། ཀླུ་གོང་དེ་འདྲ་མ་རེད། ཁོ་ཚོས་ངའི་ནད་དྲག་པའི་ཆེད་བྱིན་པ་རེད། ནད་ནི་དྲག་ཚར་བ་རེད། ཁོ་ཚོས་སྒོར་མོ་ཡང་སྨན་རིན་དུ་ཟད་ཚར་བ་རེད། སྒོར་མོ་འདི་ཚོ་ངས་བེད་སྤྱོད་བྱས་ན་ཅི་སྐྱོན་ཟེར། ངས་བསམ་པར། མི་རྣམས་འདི་ལྟར་གླེན་པ་ཞིག་རེད་འདུག སྒོར་མོ་དེ་ཚོ་ཁོ་རང་ལ་ཡོད་ན་དང་པོ་ནས་མི་ལ་སློང་མོ་བྱེད་འདུག་མ་རེད་མོད་བསམ་ཞོར། སྟོང་བཙན་ཁྱོད་ལ་སྒོར་མོ་མེད་ནས་སློང་མོ་བྱས་སོང་མོད། ཁོ་ཚོས་ཁྱོད་རང་ནད་དྲག་སྤྱད་སྒོར་མོ་བྱིན་པ་ལས་མོ་ཊ་དང་ཟ་གོས་ཆེད་དུ་བྱིན་པ་མ་རེད་མོད། དེ་ཡིན་དུས་ནད་དྲག་རྗེས་མིའི་སྒོར་མོ་མི་ཟ་ནས། ཁོ་ཚོའི་བསམ་པ་ལྟར། ཁོ་ཚོའི་སྒོར་དེ་སྨན་ཁང་ནང་གི་ནད་པ་དབུལ་པོ་དེ་ཚོའི་གནས་སྐབས་སྨན་རིན་སྐྱིན་ན་ག་འདྲ་འདུག དེ་ལྟར་བྱས་ན། ཁོ་ཚོའི་སྒོར་མོ་ནམ་ཡང་ནད་པ་ལ་ཕན་པའི་སྒོར་མོ་ཞིག་མིན་ནམ། ཁྱོད་རང་ཡང་རྟག་ཏུ་ནད་པ་ལ་ཕན་བྱེད་མཁན་ཞིག་མིན་ནམ་ཨ། ངས་ངོ་མ་ཚད་བདེན་རྫོ་ཡིན་བཤད་པ། ཁོ་རང་ཡང་ངོ་གདོང་ཅུང་ཟད་འགྱོད་པའི་བཟོ་འདྲ་སྟོན་བཞིན་བསམ་མནོ་སྐོར་སོང་།(རྩོམ་འདིའི་བརྗོད་བྱ་གཙོ་བོ་ཉིན་གུང་ཟ་མའི་སྐབས་ལབ་གླེང་ཁྲོད་ནས་བྱུང་བ་ཡིན)

༢༠༡༨-༡༡-༣༠ཉིན་རིས་མེད་པའི་ཚོད་ལྟའི་ཟིན་ཐོ་གཉིས་པ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.