ཧི་བོན་ཟིན་བྲིས།
རིས་མེད་པའི་ཟིན་བྲིས
སྤྱི་བསྒྲགས།
ལི་ཐོ།
    <<  < 2021 - >  >>
    12345
    6789101112
    13141516171819
    20212223242526
    27282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཞང་ཚིག་མཛོད་ལེགས་གྲུབ་གཏང་རག | 2021/6/11 14:38:00
ཞང་བོད་ཚིག་མཛོད་ཆེན་མོ་ལེགས་གྲུབ་ལ་གཏང་རག་མཆོད་པ།

རིས་མེད་པ།

ཨེ་མ་ཡ་མཚན་རྨད་བྱུང་བ།།

འཛམ་གླིང་ཏོག་ལ་ཏོག་ཅིག་ནི།།

མིག་ཟུང་མདུན་ལ་ཤར་བའི་གཏམ།།

དྲང་བརྗོད་ལམ་ནས་གསལ་བར་སྤྲོ།།


བོད་གཞུང་ཚུལ་བཞིན་ཀློག་པ་དག།

མགོ་བོ་གདུགས་ལྟར་འཁོར་བའི་དུས།།

ཚིག་མཛོད་གཞན་དག་ཏིང་འཛིན་བཞུགས།།

སྟོང་ཆའི་རེའུ་མིག་ད་བར་ལུས།།


འཛམ་གླིང་མཁས་དགུའི་སེམས་ཁོང་ནང་།།

རྟག་ཏུ་དྲན་པའི་རིན་ཆེན་ནོར།།

ཞང་བོད་ཕ་མེས་ཤེས་རིག་ལ།།

རྒྱན་དུ་གྱུར་པའི་ཚིག་མཛོད་གྲུབ།།


ད་ནི་བོད་གཞུང་འཇུག་པ་དག།

གྲངས་དང་མིང་གཞི་དཀའ་སླའི་རིགས།།

ཚིག་མཛོད་ཆེན་པོའི་ཀློང་རིམ་ལ།།

སྐྱིད་པོར་ཉར་བའི་སྐལ་བཟང་ཤར།།


རིགས་གཅིག་ཀློག་མཁན་ན་གཞོན་དག།

པོད་གསུམ་ཚིག་མཛོད་ཆེན་པོ་འདི།།

བཅུ་དྲུག་ལང་ཚོ་རྫོགས་པ་ན།།

ཤེས་རིག་གྲོགས་སུ་འགུག་ལ་བྲེལ།།


སྒོར་མོ་ཉུང་བའི་སེལ་སྣ་ལྷོད།།

ཕྱག་ལག་རིང་བའི་གཏོང་ཕོད་གྱིས།།

རྒྱལ་ཁམས་གསེར་གྱིས་མི་དོ་བ།།

རིན་ཆེན་ནོར་དེ་བླུས་ལ་ཤོག།


འདི་འདྲའི་ནོར་གྱི་མཆོག་གྱུར་ཞིག།

འཛམ་གླིང་དབུས་ནས་སྐུ་འཁྲུངས་པ།།

ཡབ་ཆེན་བཅུ་ལ་ཕྱག་ཅིག་འཚལ།།

བཀའ་དྲིན་དེ་ལ་ལན་དགུ་དྲན།།


འདི་འདྲའི་བུ་རེ་ཡོད་པ་ལ།།

བོད་མི་སྤྱི་བོ་གནམ་བསྟན་ཀུན།།

དགའ་དང་སྐྱིད་པའི་གླུ་ཞིག་ལེན།།

བཀའ་དྲིན་སྐུ་དྲིན་ཞུས་ལ་ཐོན།།


ལྷག་ཏུ་གཙོ་སྒྲིག་མཚན་ཅན་ལ།།

བཀྲ་ཤིས་བདེ་ལེགས་བསྐོར་དགུ་ཞུ།།

བཀའ་དྲིན་གཏང་རག་ཡང་ནས་མཆོད།།

ཞབས་པད་རྟག་བརྟན་བཀྲ་ཤིས་གསོལ།།

༢༠༢༡-༥-༣༡དགོང་མོར་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་རིས་མེད་པ་ཞེས་པའི་ཉམ་ཆུང་པ་དེས་ཇ་ཞོར་དུ་ཕུལ་བའོ།།

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.