ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཧོར་ཟླ་དང་པོ་བོད་སྤྱིའི་ལོ་སར་ཡིན་མིན་དོགས་སློང་གཉིས་པ། | 2016/3/6 13:42:00
ཧོར་ཟླ་དང་པོ་བོད་སྤྱིའི་ལོ་སར་ཡིན་མིན་དོགས་སློང་གཉིས་པ།
རིས་མེད་པ།

སྤྱིར་ལོ་སར་གཏོང་ཚུལ་མི་འདྲ་བ་སྣ་ཁ་མང་བ་མ་ཟད་བོད་རང་གཅིག་པུ་ལ་ཡང་ཁོ་བོའི་མཐོང་སར་དེང་སང་སྣ་ཁ་གསུམ་ཙམ་འདུག གཅིག་ཀོང་པོའི་ཁུལ་ལོ་སར་ཧོར་ཟླ་བཅུ་པའི་ཚེས་གཅིག ཧོར་ཟླ་བཅུ་གཉིས་ཚེས་གཅིག་བོད་སྔ་རབས་ལོ་སར་དེང་སང་བོད་ཞིང་འབྲོག་མང་ཞིག་གིས་སོ་ནམ་ལོ་སར་དང་བེའུ་ལུགས་ལོ་སར་ཟེར་བ། ཧོར་ཟླ་དང་པོའི་ཚེས་གཅིག་སོགས་པོའི་རྗེས་དད་ལོ་སར་བཅས་སོ།། དེང་སང་བོད་མི་མང་ཕལ་ཆེར་དེས་ཧོར་ཟླ་དང་པོ་ལ་ལོ་སར་གཏོང་བཞིན་འདུག་རུང་དོན་དུ་བཤད་ན་སྔོན་མའི་སྲོལ་བཟུངས་མ་ཤེས་པའམ་ཨ་གསར་ཚ་བའི་སྐྱོན་གང་རུང་ལས་མ་འདས། 
འདིར་བཤད་པར་བྱ་བའི་གཞི་ནི་གངས་སེང་རིན་པོ་ཆེ་ཡིས་བོད་རང་གི་ཟླ་མགོ་གང་ལ་བཟུངས་ཚུལ<<དཔྱད་ཟླ་ར་བའི་སྐོར་གྱི་དཔྱད་གླེང>>ནས་གསལ་བའི་ཚིག་འགའ་དང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་སྟེ་སྒྲིག་པའི<<དུང་དཀར་ཚིག་མཛོད་ཆེན་མོ>>འི་ནང་གི་ཚིག་འགའ་ཡིན། 
དང་པོའི་ནང་མཛོད་འབུམ་མདོ་གསུམ་གྱི་འདོད་ཚུལ་ལ།
དང་པོ་དེ་ཉི་ཟློག་ལ་གཞི་འཛིན་པ་ཙམ་ཡིན་སྟབས་ཉིན་དེ་ནས་བཟུངས་དཔྱིད་ཀྱི་དབུ་ཚུགས་པ་འབོད་དགོས། དོན་དུ་དེ་ལྟར་ཡིན་མོད། ཡིན་ནའང་ལོ་གསར་ཤར་རུང་ལོ་གསར་ཚེས་གཅིག་བསླེབ་མེད་སྟབས་དེ་ནི་ཧོར་ཟླ་བཅུ་གཉིས་ཚེས་གཅིག་ལ་རང་སར་བསླེབས་པ་ལོ་སར་སོགས་རྩ་བའི་འདོད་ཚུལ་མདོ་ལུགས་དང་མཐུན།
གཉིས་པ་དེ་བོད་ལ་དེ་ལྟ་བུའི་འདོད་ཚུལ་ཡོད་སྲིད་ལ་ཡོད་པ་ཙམ་གྱིས་བོད་སྤྱི་ཡི་འགྲོས་ཡིན་པའི་མ་ངེས་ལ། གསོ་དཔྱད་པའི་སྒེར་ལུགས་ཤིག་ཡོད་པ<<དུང་དཀར་ཚིག་མཛོད་ཆེན་མོ་ལས་གསལ>>བཤད་འདུག སྨན་དང་རྩིས་ཀྱི་སྐོར་གཞན་ལུགས་ཕར་ཚུལ་འདྲེས་པ་མང་བ་མ་ཟད་ཧོར་ཟླ་འདི་ཧོར་ལུགས་སྔོན་ནས་རྒྱ་ནག་ཞཱ་རྒྱལ་རབས་ཀྱི་སྐབས་ནས་རྩི་ཚུལ་ཡོད་པ་ལ་བལྟས་ན་ལུགས་དེ་འདྲ་བོད་པའི་ཐུན་མིན་མ་ཡིན་པར་རྒྱ་ནག་ལ་ཡང་ཡོད་པར་སྙམ། དེ་བཞིན་དེང་སང་རྒྱ་ནག་གི་ལོ་སར་མཉམ་དུ་འཛོམས་པའི་དོགས་སློང་གསུང་པ་ལྟར་འདི་ལ་བསམ་དགོས་པ་ཞིག་ལོས་ཡིན།
གསུམ་པ་དེ་བོད་རང་སྲོལ་ལོ་མགོ་འཁྲུལ་མེད་དུ་བྱུང་བ་ཡིན་ཏེ། ཞང་ཞུང་གི་འདོད་ཚུལ་ཟེར་བའི་ཁུངས་བོད་རང་གི་རིགས་གཞུང་ལས་མ་འདས་སྟབས་རྒྱལ་ཁབ་གཞན་དང་མི་འདྲ་བ་ཞང་ཞུང་གི་ཐུན་མིན་འདོད་ཚུལ་ལོགས་སུ་བྱུང་བར་སྙམ། 
གཉིས་པ་ལ། སྤྱིར་བཏང་བཤད་ན་བོད་ལ་ཕྱིས་འབྱུང་མཁས་པས་ལོ་མགོ་བཟུངས་ཚུལ་དགུ་ཙམ་བྱུང་ཚུལ<<དུང་དཀར་ཚིག་མཛོད་ཆེན་མོ་ལས་གསལ>>བཤད་མོད། དེ་ཚོའི་ནང་གཅིག་མ་གཏོགས་ཡིན་མི་སྲིད་རུང་རྒྱུ་མཚན་རེ་ལ་བརྟེན་ནས་བཤད་པ་ལོས་ཡིན་ལ། དེ་ལ་དེ་ལྟོས་བདེན་པ་རེ་ཡོད་ངེས། དཔེར་ན་ཁོར་ཡུག་ནམ་དུས་ཀྱི་དྲོད་གྲང་དང་སྐབས་ཐོབ་ཀྱི་ལས་ཀའི་རྒྱལ་ཁ་སོགས་ལ་དམིགས་ནས་བཟོས་པ་ལྟར་ལགས། ཡིན་ནའང་ལུགས་སྲོལ་མང་རུང་ཉུང་རུང་ལོ་རྗེས་མ་རྗེས་ཞག་ཉི་མ་སྤར་སྨེ་གཟའ་སྐར་ལས་ལྟ་ས་གཞན་མེད་མོད། དེ་ནི་དགུན་ཉི་ལྡོག་གཅིག་པོས་དཔང་རྟགས་བྱེད་ཐུབ་པ་གཞན་རྣམས་ལོ་མགོ་བཟུངས་ཚུལ་སྨྲས་པ་ནི་རང་འདོད་དུ་ཟད། ས་ཆའི་དྲོད་ཚད་དང་ཡུལ་མིའི་ཁོམ་པ་སོགས་སྣ་ཁ་མང་རུང་དོན་དུ་དགུན་ཉི་ལྡོག་གཅིག་མཚུངས་སུ་གྱུར་བ་ཙམ་གྱིས་ལོ་མགོ་གཅིག་མཚུངས་རང་བཞིན་དུ་གྲུབ་པ་ཡིན། དེ་དང་མཐུན་པའི་ཞང་ཞུང་བོད་པའི་ལོ་སར་འདི་མི་ལོ་སྟོང་ཕྲག་གི་སྲོལ་མ་ཉམས་པ་ད་ལྟ་མདོ་དབུས་ཁམས་གསུམ་ཞིང་འབྲོག་མང་ཞིག་གིས་རྒྱུད་འཛིན་པ་ངོ་མཚར་དུ་གྱུར།
གཞན་འགའ་ཞིག་གིས་དཔྱིད་ར་ཚེས་ན་དྲོད་ཆེན་པོ་ཞིག་བསླེབ་དགོས་པ་འདོད་བཞིན་འདུག་རུང་དྲོད་ལྕགས་རྡུལ་ཙམ་གྱིས་འགྲོ་བ་མི་ལ་ཚོར་སྣང་ཆེན་པོ་འབྱུང་ཐུབ་པའི་དངོས་པོ་ཞིག་ཨེ་ཡིན་བསམ་ན་ཤེས་སླ། 
༢༠༡༦-༢-༡༦ཉིན།
  • ཤོག་བྱང་། ལོ་སར 
  • དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
    Powered by Oblog.