ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སང་ཉིན་ལོ་སར་ཡིན་ཤར་ཤར། | 2016/2/8 23:39:00
སང་ཉིན་ལོ་སར་ཡིན་ཤར་ཤར།

རིས་མེད་པ།

༈ སང་ཉིན་ནི་ཧོར་ཟླ་དང་པོ་རེད་ལ་སོག་པོའི་ལོ་སར་ཡང་རེད། དུས་ཚིགས་འདིར་བོད་ཁུལ་གྱི་དགོན་སྡེ་གཙོས་པའི་ས་ཆ་མང་ཞིག་དང་རྒྱལ་ཁབ་གཞན་འགའ་ཞིག་བཅས་ལོ་སར་གཏོང་བཞིན་འདུག   ལོ་སར་དེ་སོག་པོའི་ལུགས་ཡིན་ཚུལ་ནི་དེ་སྔ་སྣ་ཁ་གཉིས་སུ་མཐོང་སོང་། 

             དང་པོ་ནི་རབ་བྱུང་གསུམ་པའི་ཆུ་རྟ་ལོར་འཁྲུངས་པའི་ཇིང་གེར་རྒྱལ་པོས་རབ་བྱུང་བཞི་པའི་མེ་ཕག་ལོར་དེང་སང་ཉིང་ཞ་ཟེར་བའི་ས་ཆ་སྔོན་མ་སྤྱི་ལོ༡༠༣༨ནས༡༢༢༧བར་སྲིད་དབང་བཟུངས་མྱོང་བའི་མི་ཉག་རྒྱལ་ཁབ་མགོ་སློང་བའི་རྒྱལ་ཁའི་དགའ་སྟོན་བྱས་པ་དེ་ནས་བཟུངས་ལོ་སར་གྱི་སྲོལ་འདི་དར༼  དུང་དཀར་ཚིག་མཛོད་སོགས་ལས་གསལ།  ༽ཚུལ་བཤད། 

          གཉིས་པ་ནི་རབ་བྱུང་བཞི་པའི་ཤིང་ཕག་ལོར་འཁྲུངས་པའི་ཡོན་རྒྱལ་རབས་ཀྱི་གོང་མ་དང་པོ་སེ་ཆེན་རྒྱལ་པོ་རབ་བྱུང་བཞི་པའི་ལྕགས་སྤྲེལ་ལོར་གོང་མའི་ཁྲི་ལ་འཁོད་པའི་ཟླ་ཚེས་དེ་སོག་པོའི་མངའ་རིས་ཚང་མས་ཧོར་ཟླ་དང་པོ་དང་ལོ་སར་དགའ་སྟོན་གཉིས་རྟེན་འབྲེལ་གྱི་ཆེད་ཡིན་ཟེར་ཞིང་དེ་ནས་བཟུངས་དར་བར༼  ཧོར་གྱི་རྒྱལ་རབས་ཉི་ཟེར་དོན་འདུས་ལས་གསལ།  ༽བཤད། དེ་གཉིས་འདོད་ཚུལ་མི་འདྲ་བ་ཅུང་ཞིག་འདུག་རུང་དོན་ཚུར་བསྡུས་ན་ལོ་སར་འདི་སོག་པོའི་ལུགས་ལས་གཞན་མ་ཡིན་པ་གསལ། 

      ལུགས་དེ་བོད་ལ་དར་ཚུལ་ཇི་ལྟར་ཡིན་ཟེར་ན། རབ་བྱུང་བཞི་པའི་ཤིང་ལུག་ལོར་འཁྲུངས་པའི་ས་སྐྱ་འགྲོ་མགོན་འཕགས་པ་མཆོག་གིས་སྤྱི་ལོ༡༢༥༣ལོར་སོག་ཡུལ་གྱི་རྒྱལ་པོ་གཙོས་པའི་མི་ཉི་ཤུ་རྩ་ལྔ་ལ་དབང་གནང་བའི་ཡོན་དུ་སོག་པོས་བོད་སྡེ་ཁྲི་སྐོར་བཅུ་གསུམ་ཕུལ་ཞིང་ཏི་ཤྲིའི་གོ་གནས་སོགས་སྤྲད་པ་ནས་བཟུངས་བོད་ཡུལ་འདིར་སོག་པོའི་ལུགས་ལྟར་ཟླ་ཚེས་དང་ལོ་སར་གཏོང་དགོས་པའི་བཀའ་ཕབ་པར༼  གོང་གི་དཔེ་ཆ་གཉིས་ཀར་གསལ།  ༽བཤད། དུས་དེ་ནས་བཟུངས་ད་བར་དུ་ཨ་གསར་ཅན་གྱི་བོད་པས་གཞན་སྲོལ་མ་ཉམ་པར་སྐྱོང་བཞིན་པ་རེད།    

          འོ་ན་ང་ཚོ་བོད་པ་རང་གི་སྲོལ་ལ་ལོ་སར་གཏོང་སྲོལ་མེད་པ་རེད་དམ་ཟེར་ན། མེད་པ་མ་རེད། ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་དེ་བོད་ལུགས་རྙིང་གི་ལོ་སར་རེད། བོད་ཞིང་འབྲོག་གཉིས་ཀྱི་ལོ་སར་དེ་རེད། མིང་ལ་ཡང་བོད་རང་གིས་བཏགས་པ་བོད་ཀྱི་ཞིང་པས་སོ་ནམ་ལོ་སར་འབྲོག་པས་བེའུ་ལུག་ལོ་སར་ཟེར། དེ་ནི་འབྱུང་རྩིས་དང་མཐུན་པ་རེད་ལ་བོད་རང་གི་ཁོར་ཡུག་ཀྱང་མཐུན་པའི་ལོ་སར་གྱི་དུས་ཚིགས་ཤིག་རེད། རྒྱུ་མཚན་ནི། དང་པོ་འབྱུང་རྩིས་ནང་ལ་དགུན་ཉི་ལྡོག་བྱས་ནས་ལོ་ཟླ་སྤར་སྨེ་སོགས་ས་བདག་ཚང་མ་སྐྱས་སྤོ་བྱེད་འགྲོ་ཟེར་བ་ལ་བལྟས་ན་དགུན་ཉི་ལྡོག་ཚར་ནས་ལོ་གསར་པའི་གནམ་ལོའི་འགྲོས་བསླེབས་ཚར་བ་ཤེས་མོད། དགུན་ཉི་ལྡོག་ནི་ཧོར་ཟླ་བཅུ་གཅིག་ནང་ལ་ཡིན་པ་དེས་ནས་ལོ་རྗེས་ན་ལོ་གསར་པའི་ཚེས་གཅིག་དེ་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལས་གཞན་མེད། གཉིས་པ་ཁོར་ཡུག་ལ་བཤད་ན་བོད་ཀྱི་ཞིང་པས་ལོ་རྙིང་གི་དཀའ་ངལ་ཆ་ཚང་སེལ་ཞིང་ལོ་གསར་པའི་ཞིང་འདེབས་གྲ་སྒྲིག་གཉིས་ཀྱི་མཚམས་སུ་ཡིན་པ་དང་བོད་ཀྱི་འབྲོག་པ་ཚོ་ཕྱུགས་རིགས་རྣམས་དགུན་གྱི་ཉེན་ཁ་ལས་ཐར་ཞིང་ཕྱུགས་དཀར་ནག་རྣམས་སྐྱེ་བསུའི་ལས་ལ་ཞུགས་པའི་ལས་ཀ་གཉིས་ཀྱི་མཚམ་སུ་ཡིན་པ་རེད། མདོར་ན་བོད་པའི་ཞིང་འབྲོག་རྣམས་ལོ་གཅིག་གི་ནང་ལ་ལྷོད་ལྷོད་བྱེད་པའི་དུས་མཚམས་ཤིག་དང་མ་འོངས་འབྲས་བཟང་ཡོང་བའི་རྟེན་འབྲེལ་གྱི་མགོ་ཞིག་ཡིན་པ་ན་ཁོར་ཡུག་མཐུན་ཟེར་ཡོད། འདི་ནི་གྲུབ་མཐའ་ཞིག་ལ་དགའ་ཞེན་བྱེད་ནས་བོད་རང་སྲོལ་ལ་མ་བསམ་པའི་དཔྱད་ཚུལ་གྱི་དྲི་མ་ཙམ་ཡང་མ་བྲོ་བའི་རིག་པ་ཡིན།      

       ཡིན་ནའང་དེང་སང་བོད་པའི་མི་ཆེན་འགའ་ཞིག་གིས་ད་དུང་སོག་པོའི་ལུགས་སྲོལ་ལྟར་བོད་པ་ཚང་མས་ལོ་སར་དགོས་ཟེར་ནས་ཆེ་ཆེ་ལྷག་ལྷག་འགའ་བཤད་བཞིན་འདུག    དེ་ཚོས་དོན་ངོ་མ་བོད་པའི་སྲོལ་རྒྱུན་ཧ་མ་གོ་བ་ཡིན་པ་མ་རེད་དེ་ནི། ཁྱི་ངན་བྱེད། དོར་མ་བརྙང་པ་བསྐུས་ཟེར་བ་ལྟར་བོད་པའི་ཆོས་ལ་ཕྲག་དོག་བྱེད་ཅིང་དེ་ལ་ངན་ངན་གཅིག་བྱེད་ཐུབ་ན་བསམ་ནས་བོད་རང་གི་ཡུལ་སྲོལ་སྣང་མེད་བྱེད་ཅིང་གཞན་རྗེས་སུ་འགྲོ་དགོས་ཟེར་ཡིན་ས་རེད་སྙམ་མོ། །

སྤྱི་ལོ༢༠༡༦-༢-༨ཉིན་དོགས་སློང་གི་ཆེད་དུ་སྤེལ།
  • ཤོག་བྱང་། ལོ་སར 
  • Re:སང་ཉིན་ལོ་སར་ཡིན་ཤར་ཤར། | 2016/3/13 2:25:14
    སྐུ་མགྲོན་Kof6Jv(སྐུ་མགྲོན)god
    རྩོམ་པ་པོ།:སྐུ་མགྲོན་Kof6Jv(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:སང་ཉིན་ལོ་སར་ཡིན་ཤར་ཤར། | 2016/2/9 2:32:22
    སྐུ་མགྲོན་q74Xp0(སྐུ་མགྲོན)ཡག་མོ་བྲིས་གནང་འདུག འོར་ཆེ་ཞུ། །
    རྩོམ་པ་པོ།:སྐུ་མགྲོན་q74Xp0(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
    Powered by Oblog.