ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྤ་ཚང་དགོན་སྟོན་པའི་འཁྲུངས་མཆོད། | 2017/3/16 14:45:00
སྤ་ཚང་དགོན་སྟོན་པའི་འཁྲུངས་མཆོད།
རིས་མེད་པ། (ཁམས་སྟོད)
སྦྲ་ཆེན་སྤ་ཚང་དགོན་གཡུང་དྲུང་རབ་བརྟན་གླིང་ནས་བཅོ་ལྔ་མཆོད་པའམ་སྟོན་པའི་འཁྲུངས་མཆོད་ཆེན་མོ་ནི། ཐོག་མར་དགོན་འདིའི་མཁན་རབས་བཞི་པ་སྤ་སྟོན་གཡུང་དྲུང་བསྟན་པའི་འབྲུག་གྲགས་མཆོག་གིས་སྤྱི་ལོ༡༩༣༦བོད་མེ་བྱི་ལོ་ཡི་ཟླ་བ་དང་པོའི་ཚེས་བཅོ་ལྔར་དབུ་འཛུགས་པ་དང་། ད་བར་ལོ་ངོ་བརྒྱད་ཅུ་གྱ་གཉིས་ཀྱི་ལོ་རྒྱུས་ལྡན། 
ལོ་ལྟར་དུས་ཆེན་གྱི་དུས་ཚིགས་ནི། སྤྱིར་བཏང་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ལ་འཚོགས་སྲོལ་ཡོད་རུང་། ཟླ་དེའི་ཚེས་གྲངས་ཆད་ལྷག་སོགས་བྱུང་ན་བཅུ་བཞི་དང་བཅུ་དྲུག་གང་རུང་ལ་ཁེལ་སྲིད། དེ་ནི་འདི་ལྟར་རེད། དགོན་གྱི་དགུ་ཆེན་བོད་ཟླ་བཅུ་གཉིས་པའི་ཉེར་གསུམ་ནས་དབུ་བཟུངས་ཤིང་ཉེར་དགུ་ལ་ཐོན་པ་དང་། གནམ་སྟོང(ལོ་དེའི་མཇུག་མཐའི་ཉིན་ལྟུང་བཤགས་ལ་བཙོན་པ་ནི་ལོ་བཤགས་ལྟ་བུ་མཐོང)ཉིན་གསོ་སྦྱོང་དང<<ལྟུང་བཤགས་དྲི་མེད་མཆོག་བྱང>>འཚོགས། བོད་ཟླ་དང་པོའི་ཚེས་གཅིག་ལ་ལྟུང་བཤགས་དང(ལོ་སར་གྱི་འདོན་མཆོད་ལྟ་བུ་མཐོང་། མེ་ཏོག་མཆོད་པ་ཟེར་བ་ནི<<མདོ་གཡུང་དྲུང་ཀློང་རྒྱས>>གཞུང་ནས་ཡར་མཆོད་མར་སྦྱིན་ལ་ཟེར)ཚེས་གཉིས་གསུམ་ལ་མེ་ཏོག་མཆོད་པ་འཚོགས། ཚེས་བཞི་ལྔ་གཉིས་མཉམ་མེད་དུས་ཆེན་འཚོགས། ཚེས་དྲུག་ནས(དེ་ཡང་མཉམ་མེད་པའི་འདས་འཁྲུངས་ལ་འབྲེལ་བ་ཡོད་པར་མཐོང)བརྒྱད་བར་སླར་ཡང་མེ་ཏོག་མཆོད་པ་འཚོགས། ཚེས་དགུ་ནས་བཅུ་དྲུག(ཚེས་བཅུ་གསུམ་ནས་བཟུངས་གྲྭ་པ་འགའ་ཞིག་གིས་དུས་ཆེན་གྱི་གཏོར་བཟོ་མར་རྒྱན་དང་ཚེས་བཅོ་ལྔ་སྟོན་པའི་འཁྲུངས་མཆོད། ཚེས་བཅུ་དྲུག་ཉིན<<སྒྲིབ་སྦྱོང་མུན་སེལ་སྒྲོ་མེའི>>དབང)ཨ་དཀར་བུམ་སྒྲུབ་མ་ཐོན་བར་ཁྱོན་ཉིན་ཉེར་བཞི་ཚོགས་འཚོགས་དགོས། དེ་བར་ཚེས་གྲངས་ཆད་ལྷག་བྱུང་ན་སྲོལ་རྒྱུན་ལ་ཉེར་དགུ་ནས་ཉེར་གསུམ་བར་མར་ནག་འདེད་དགོས་པ་དང་། གནམ་སྟོང་ནས་བཅུ་དྲུག་བར་ཡར་ནག་འདེད་བྱེད་སྲོལ་ཡོད་པ་དེར་བརྟེན་གོང་ཞུས་ལྟར་སྐབས་རེ་ཉིན་གཅིག་ཡར་མར་འགྲོ་སྲིད། དཔེར་ན་ད་ལོའི་བོད་ཟླ་དང་པོའི་ཚེས་བརྒྱད་ཆད་པ་དེས་བརྐྱེན་ད་ལོའི་འཁྲུངས་མཆོད་དམ་བཅོ་ལྔ་མཆོད་པ་དེ་ཚེས་བཅུ་དྲུག་ཁ་རྩང་ལ་ཡིན་པ་ལྟ་བུའོ། །དེ་ལྟར་མ་བྱས་ན་ཚེས་གྲངས་ཆད་ལྷག་སྐབས་ལོ་དུས་ཀྱི་ཚོགས་མ་ཆད་པ་དང་བཅོ་ལྔ་མཆོད་པ་ཡང་ཏག་ཏག་ཡོང་རྒྱུ་གཉིས་ཀ་བྱེད་ཐབས་མེད་པས་བསལ་ལོ། །དགོན་འགའ་ཞིག་དང་མི་སྒེར་ལྟ་བུ་ནི་སྟབས་བདེ་པོར་ཉིན་དེར་མཆོད་པ་ལོས་འབུལ་ཆོག
བཅོ་ལྔ་མཆོད་པའི་སྐབས་གཞན་དང་མ་འདྲ་བ་ནི། མཁས་པའི་དབང་པོ་སྤ་སྟོན་གཡུང་དྲུང་བསྟན་པའི་འབྲུག་གྲགས་མཆོག་གིས་མཉམ་མེད་དུས་ཆེན་ལ་ཆེད་དུ་གནང་མཛད་པའི<<དགྱེས་སྤྱོད་བསྐར་བཟང་ཚོགས་ཀྱི་འཁོར་ལོ་མེ་ཏོག་མཆོད་པའི་སྤྲིན>>དང<<གཤེན་སྐུ་བཀྲ་ཤིས་འོད་འབར་གྱིས་གཙོས་ཞལ་སྐྱིན་རྟེན་གསུམ་རྣམས་ལ་གསོལ་བ་གདབ་པའི་སྨོན་ཚིག་དྲང་སྲོང་ཤིས་བརྗོད་འདོད་དོན་མྱུར་འགྲུབ>>གཉིས། ད་དུང་ཁོང་གིས་མཛད་པའི<<ཚོགས་གླུ་དཔྱིད་ཀྱི་དཔལ་མོའི་འགྱུར་ཁུག>>དང་། གཞན་ཧོར་སྤྱི་ཁྱབ་རྒྱལ་རབས་བཅུ་དགུ་པ་རྒྱལ་པོ་ཚེ་དབང་ལྷ་རྒྱལ་མཆོག་གིས་ཞུས་ཤིང་སེམས་པ་ཆེན་པོ་སྤ་སྟོན་ཉི་མ་འབུམ་གསལ་མཆོག་གིས་མཛད་པའི<<གསོལ་འདེབས་བདེན་ཚིག་ཨུ་དཔལ་གཞོན་ནུའི་ཚལ>>སོགས་གྱེར་དབྱངས་འདོན་གསུམ་མཛད་ཅིང་དུས་ཆེན་ཚོགས་མཇལ་ཕེབས་པའི་དད་ལྡན་ལྷ་སྡེ་བརྒྱ་ཕྲག་ཡོངས་ལ་སྤྲོས་བྲལ་ཚོགས་ཀྱི་དངོས་གྲུབ་མངར་སིལ་ཐུལ་བའི་རོ་མཆོག་ཅན་གནང་ཞིང་སྣང་བ་འུར་ལེང་ངེ་བ་ཡོང་བའི་དུས་ཆེན་ཆེན་པོ་ཞིག་བཏང་སྲོལ་རྒྱུན་པར་ཡོད།
དུས་ཆེན་འདིའི་མིང་ལ་ཡང་སྤ་སྟོན་གཡུང་དྲུང་འབྲུག་གྲགས་མཆོག་གིས་རྒྱལ་བ་གཤེན་རབ་མཆོག་གི་དུས་ཆེན་སྨོན་ལམ་ཆེན་མོ་གསུང་འདུག དོན་ལ་ཡང་དེ་ལྟར་ལོས་ཡིན། ཚེས་དགུ་ནས་སྨོན་ལམ་མཐའ་ཡས་དབུ་བཟུངས་ཤིང་ཉི་མ་རེ་ལ་ཚར་རེ་གསུངས་ཤིང་མཐར་ཚེས་བཅོ་ལྔ་ཉིན་མོར་ཚར་བརྒྱད་གསུངས་དགོས་པ་མ་ཟད་སྡོམ་གསུམ་སྨོན་ལམ་དང་བཟང་སྤྱོད་སྨོན་ལམ་སོགས་སྨོན་ལམ་གང་མང་ཞིག་གསུང་དགོས། 
བཅོ་ལྔ་མཆོད་པའི་ཉིན་མོའི་བྱ་བཞག་སྐོར་རོབ་ཙམ་བཤད་ན། ཞོགས་པ་ཆུ་ཚོད་བདུན་པར་ཡར་འཚོགས་ནས་ཚོགས་འདོན་ཆ་ཚང་གསུངས་ཤིང་ཞོགས་ཇ་གསོལ། དེ་ནས<<སྒྲིབ་སྦྱོང་མིན་སེལ་སྒྲོ་མེའི>>(འདི་ཨ་དཀར་བུམ་སྒྲུབ་ཆེད་དུ་མཐོང)གཞུང་ཚར་གཅིག་བསྙེན་པ་བསོགས་ཤིང་ཇ་གཉིས་པ་གསོལ། དེ་ནས་<<སྨོན་ལམ་མཐའ་ཡས>>གཞུང་ཚར་གཉིས་གསུང་། ཇ་གསུམ་པ་གསོལ་ཞིང་ཉིན་གུང་ཚོགས་གྲོལ། ཕྱི་དྲོ་ཕྱག་ཚོད་གཉིས་པ་ཚད་ཀའི་ཐོག་ཡར་འཚོགས་ནས<<སྨོན་ལམ་མཐའ་ཡས>>གཞུང་ཚར་གཉིས་གསུངས་ཤིང་ཇ་བཞི་པ་གསོལ། དེ་ནས<<སྨོན་ལམ་མཐའ་ཡས>>གཞུང་ཚར་གཉིས་གསུངས་ཤིང་ཇ་ལྔ་པ་གསོལ། དེ་ནས<<སྨོན་ལམ་མཐའ་ཡས>>གཞུང་ཚར་གཉིས་རྗེས་མའི་སྨོན་ལམ་མགོར་ཇ་དྲུག་པ་གསོལ། དེ་ནས་ཆུ་ཚོད་བརྒྱད་པའི་ཐོག་སྔོན་མ་ཡིན་ན་སེར་ཐུང་གིས་དགོན་གྱི་རྟེན་གསུམ་གཤེན་སྐུ་བཀྲ་ཤིས་འོད་འབར(དུས་ཆེན་གྱི་མཛད་སྒོའི་འགོ་འདིར་ཡིན་པར་མཐོང)འདུ་ཁང་ནང་གདན་འདྲེན་བྱེད། དེ་ནས་འདུལ་ཆོག་གཞུང་གི་ཁྲུས་ནས་བསྐོར་བའི་འགོ་ཡན་གསུངས་ཤིང་ཇ་དྲུག་པ་གསོལ། བླ་གྲྭ་རྣམས་བཞེངས་ནས་བསྐོར་བའི་ཚིག་བཤད་སོགས་དང་སེར་འཕྲེང་ཐུང་བ་ཕེབས་ཤིང་འདུ་ཁང་སྒོ་ཁར་སྐུ་གླུད་བཏང་ཞིང་སྨོན་ལམ་གསུངས། ཡར་འཚོགས་ནས་གྱེར་མོ་གྲལ་གཉིས་ཀ་ཡར་བཞེངས་ཤིང<<མཚན་ལྡན་བླ་མ་མཆོད་ཐབས་ནོར་བུའི་ཕྲེང་བ>>དང་། <<ལྷ་ཡི་བོན་མདོ་ཡན་ལག་བརྒྱད་པ>> <<དགྱེས་སྤྱོད་བསྐར་བཟང་ཚོགས་ཀྱི་འཁོར་ལོ་མེ་ཏོག་མཆོད་པའི་སྤྲིན>>སོགས་གྱེར་ལེན་བྱེད། མཆོད་དཔོན་ནམ་གཞན་ངག་བདེ་ཅན་གཉིས་ཀྱིས<<ཚོགས་གླུ་དཔྱིད་ཀྱི་དཔལ་མོའི་འགྱུར་ཁུག>>ལེན་ཞིང་འདུས་པ་ཀུན་ཚོགས་ཀྱི་དངོས་གྲུབ་གསོལ་བ་དང་ཚོགས་ལྷག་བསྔོ་ཞིང་ཚོགས་སྨོན་གསུང་། བཤད་གྲྭ་བ་གཉིས་ཀྱིས་མཚན་ཉིད་ཚིག་བཀྲ་རྩོད། ཇ་བརྒྱད(ནམ་རྒྱུན་ཇ་བདུན་ལས་མེད)པ་གསོལ། དེ་ནས<<སྨོན་ལམ་མཐའ་ཡས>>གཞུང་སྨོན་དང་གཤེན་སྐུའི་སྨོན་ལམ་སོགས་གོང་གསལ་སྨོན་ལམ་ཀུན་དང་སྨོན་ལམ་རྣམ་གསུམ་ནས་མཐར་ཐོན་ཞིང་མཚན་མོའི་ཆུ་ཚོད་དང་པོའི་གཡས་གཡོན་ལ་ཚོགས་གྲོལ། དད་ལྡན་མང་ཚོགས་རྣམས་ཀྱིས་མཆོད་ཐིག་དང་མཆོད་མེ་སྤར་ཞིང་བསྐོར་བ་རྒྱག་ཞོར་སྔ་ཙམ་ཞིག་ནས་ཚོགས་གླུ་ཉན་རྒྱུ་དང་སྤྲོས་བྲལ་ཚོགས་ཀྱི་དངོས་གྲུབ་ལ་སྒུག་འདུག  
དུས་ཆེན་གྱི་ངོ་སྤྲོད་མདོར་ཙམ་རྒྱལ་བ་དགྱེས་པའི་མཆོད་པ་རུ་དམིགས་ནས་ཞུས་ཟིན།
ཡབ་གཞིས་དགེ་མིང་པ་ཤེས་རབ་མཐར་ཕྱིན་གྱིས2017-3-14
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.