ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྦ་གུར་གྱི་སྦ་དེ་ས་སྦ་དང་ར་རྦ་གང་ཡིན་ནམ། | 2018/12/3 21:49:00

སྦ་གུར་གྱི་སྦ་དེ་ས་སྦ་དང་ར་རྦ་གང་ཡིན་ནམ།

རིས་མེད་པ། ༼སྦ་ཆེན༽

སྦ་གུར་སྦ་ལ་ར་རྦ་དང་ས་སྦ་གང་འབྲི་དགོས་ཞེས་དྲིས་ལེན་དུ། སྦ་གུར་གྱི་སྦ་ལ་ར་རྦ་དང་ས་སྦ་གཉིས་ནང་ནས་ཡུལ་སྐད་ལ་བལྟས་ཡོང་ན། ས་སྦ་ཡིན་ས་རེད་བསམ་བསམ་གདའ། རྒྱུ་མཚན་ནི། དཔེར་ན། འབས་ལ་འབྲས་དང་། བོས་ལ་བྲོས། བག་ལ་བྲག འབུག་ལ་འབྲུག ཡིག་འབུ་ལ་ཡིག་འབྲུ། བིས་འབུ་ལ་བྲིས་འབྲི། བུས་ལ་བྲུས། བེ་ལ་བྲེ། ཨབ་ར་ལ་ཨ་བྲ། སྦགས་ལ་སྦྲགས། སྦིད་པ་ལ་སྦྲིད་པ། སྦེ་ལ་སྦྲེ། སྦུད་ལ་སྦྲུད། སྦུས་ལ་སྦྲུལ་ལྟ་བུ་ར་བཏགས་གསར་བྱུང་མང་བ་ལྟར། ཐ་སྙད་གསར་རྗེའི་སྐབས་སུ་སྦ་ལ་ར་བཏགས་གསར་དུ་བཏགས་པས་སྦྲ་ཞེས་པ་ཙམ་ལས་གཞན་གང་ཡང་མིན་པར་སྣང་བས་གནས་སྐབས་རིང་རང་གིས་ས་སྦ་འབྲི་བཞིན་ཡོད།

ཡིན་ནའང་ལོ་རྒྱུས་ཡིག་ཆའི་ནང་ལ་བལྟས་ན། སྦ་གུར་སྦ་ནི་ར་རྦ་ཡིན་ཚུལ་དགེ་ཆོས་མཆོག་གིས་ཞལ་གསལ་གསུང་ཡོད་སྟབས་དེ་ལ་ཡང་དཔྱད་རིན་ལོས་ཡོད།

#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#ཡང་གད་མོ་ཤོར་དགོས་ས་ཞིག་ལ། དེང་སང་མཁས་པའི་མིང་དུ་གྲགས་པ་འགའ་ཞིག་གིས། བོད་རང་གི་ཐ་སྙད་ཀྱི་ཐད་ལ། བསྒྱུར་བཅོས་ཐེངས་གསུམ་བྱས་རྗེས་སུ་བྱུང་བའི་ཐ་སྙད་འགའ། དེའི་སྔོན་ནས་ཡོད་པར་ཆག་འཇོག་བྱས་ནས། ལྷ་སའི་ཕྱོགས་ཀྱི་ཕལ་སྐད་ལ། བ་སོགས་ནི་ར་བཏགས་འགའ་ཡི་སྒྲ་མེད་ཚུལ་གླེང་འདུག་མོད། སྐབས་རེ་མཁས་མིང་ཅན་ཡིན་ན། མཐོང་ཐོས་ཆུང་སྐྱོན་ནམ་དཔེ་རྙིང་ལྟ་ཀློག་ཞན་པའི་ནང་རྟགས་ཕྱི་རུ་མངོན་ཡོང་བཞིན་འདུག རྒྱུ་མཚན་ནི། ལྷ་སའི་ཕྱོགས་ཟེར་ན་འདྲ། མདོར་ན་སྦྲ་ཆེན་སོགས་ཁམས་ཁུལ་བ་ལ་ར་བཏགས་ཡོད་པའི་ཐ་སྙད་ངོ་མ་རྣམས་སྒྲ་དག་པར་ཀློག་བཞིན་པ་གྲངས་མང་རེད། དཔེར་ན། བྲུ་ཚང་། ཕོ་བྲང་། འབྲེལ་བ། བྲུ་ཤ། བྲུབ་ཁུང་། བྲེད་དངངས། བྲེལ་བ། བྲོ་གླུ། སྦྲང་རྩི། སྦྲམ་བུ། སྦྲེལ་མཐུད། སྦྲུམ་མ་སོགས་འདི་རྣམས་བྲུ་ཚང་ལ་བུ་ཚང་དང་། ཕོ་བྲང་ལ་ཕོ་བང་སོགས་མི་ཟེར་བར་ར་བཏགས་ཀྱི་སྒྲ་ཡོད་པ་ཤ་སྟག་ཡིན། གོང་གི་སྦེ་དང་ཨབ་ར་སོགས་ནི་བ་ལ་ར་བཏགས་སྒྲ་དགོས་དང་མི་དགོས་ཁྱད་པར་ཕྱེས་ཤིང་ར་བཏགས་སྒྲ་མེད་པར་སྨྲས་པ་ལས་ཡིག་སྐད་མ་དག་འུ་ཐུག་ཅིང་ར་བཏགས་སྒྲ་ལུས་སོང་བའི་ཕལ་སྐད་ཞིག་རྩ་བ་ཉིད་ནས་མིན་ནོ།། རྒྱུ་མཚན་ནི། སྐད་གསར་བཅད་ཡར་སྔོན་གྱི་རང་རེའི་དཔེ་རྒྱུད་རྙིང་པ་རྣམས་ཀྱི་ནང་དུ་ཡི་གེ་འདི་རྣམས་མང་ཕལ་ཆེར་མཐོང་རྒྱུ་ཡོད་པའི་ཕྱིར། སྤྱིར་བཏང་སྦ་ཆེན་ས་ཁུལ་ཁ་སྐད་མང་ཕལ་ཆེར་དེ། དེང་སང་ཚིག་མཛོད་ནང་དུ་མི་རྙེད་རུང་། བོད་རང་གི་བཀའ་རྟེན་འགྱུར་སོགས་དཔེ་རྙིང་རྣམས་ཀྱི་ནང་ལ་ཡོད་འདུག་པས། རང་རེའི་ཡུལ་གྱི་རང་སྐད་འདི་ཚོ། རུག་རུག་བྱེད་ནས་ཚིག་མཛོད་དུ་བཟོ་ཐུབ་ན། རང་རེའི་ཞིང་འབྲོག་དང་རང་རེའི་སྐད་ཡིག་གཉིས་བར་ཐག་ཇེ་ཉེ་རུ་འགྲོ་བའི་ཕན་དུ་ཆེ་བ་མ་ཟད། མི་ཡིས་ཡིག་སྐད་མ་ཡིན་པའི་ཕལ་སྐད་ཀྱི་གྲལ་ལ་བཞག་པ་དེ། དོན་དུ་ཁོ་ཚོས་སྒྲ་མ་དག་པའམ་ཨ་གསར་ཆེ་ནས་བསྒྱུར་སོང་བའི་སྐྱོན་དུ་ཡིན་པ་ར་སྤྲོད་ཀྱང་བྱེད་ཐུབ། གོང་གསལ་སྦེ་དང་བག་ལ་སོགས་ལ། ར་བཏགས་ནི་ང་ཚོའི་ཡུལ་གྱི་རང་སྐད་ལས་རྗེས་སུ་བྱུང་བའི་བོད་ཡིག་ལེགས་བཅོས་སམ་ངན་བཅོས་ཐེངས་གསུམ་སྐབས་སུ་བྱུང་བ་འདྲ། བཅོས་བསྒྱུར་ཐེངས་གསུམ་དེ། སྐབས་དེའི་རྒྱ་གར་བའི་རིག་གཞུང་འགའ་བོད་ལ་བསྒྱུར་བདེ་བའི་ཆེད་དུ་ལས་བོད་རང་གི་སྐད་དེ་ཡི་གེ་དང་མཐུན་ཐབས་མ་ཡིན་མོད། དེས་ཚོགས་གསུམ་ནང་གི་ཕྲད་རྣམ་དབྱེའི་ཚོགས་དང་བྱ་བྱེད་ལས་ཀྱི་ཚོགས་ལ་ལེགས་ཆ་ཅུང་ཟད་བྱུང་ཡོད་རུང་། མིང་གཞི་དག་གི་ཚོགས་ལ་སྐྱོན་ཁོ་ནའོ།། རྒྱུ་མཚན་ནི། བཅོས་དང་བསྒྱུར་བཟོ་བྱེད་ས་ནི། བོད་རང་གི་ཞིང་འབྲོག་པའི་མིང་གཞིའམ་སྐད་བརྡ་ལ་ཐུག་ཙ། བོད་རང་གི་ཐ་སྙད་དུ་མ་བག་ལ་ཞ་བའི་སྐྱོན་དུ་བྱས་པ་མ་ཟད། བསྒྱུར་བཞག་པ་དེ་ནི་ཤོག་ཐོག་གི་ཡི་གེ་ཡིན་ཙ། ཞིང་འབྲོག་པ་དང་རང་རེའི་དེང་གི་སྐད་ཡིག་གཉིས་བར་ཐག་རིང་བའི་སྐྱོན་འདི། སྐབས་དེའི་ལོ་ཙཱ་བ་རྣམ་པས་གཞན་རིག་ལ་དགའ་ཞེན་ཆེ་བའི་སྐྱོན་ལས་ལེགས་ཆ་ཞིག་མིན་ནོ།། འདི་རིགས་ཀློག་ལ་བྱང་པའི་གྲོང་ཆོག་པ་དང་། མཐོང་ཐོས་ཆུང་བའི་མཁས་མིང་རྣམས་ལ་ནམ་ཡང་སྐྱོན་དུ་མཐོང་བའི་ཆུ་ཚད་མེད་ན་ཡང་། བོད་རང་གི་སྐད་ཡིག་ལ་ཤ་ཞེན་ཅན་གྱི་བློ་གསར་བཤད་གྲྭ་པ་འགའ་ལ་དྲན་སྐུལ་ཞིག་བྱས་ན། ཕན་དུ་རེ་ནས་རིས་མེད་པས་ལས་ཞོར་དུ་གླེང་བའོ།། ༢༠༡༨-༡༢-༣ཉིན།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.