ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་པོ་ཞིག་གིས་བྲིས་པའི་དགེ་བཤེས་འཇམ་དཔལ་བློ་ཤེས་དཀར་འདོན། | 2019/10/21 22:25:00

བོན་པོ་ཞིག་གིས་བྲིས་པའི་དགེ་བཤེས་འཇམ་དཔལ་བློ་ཤེས་དཀར་འདོན།

རིས་མེད་པ།

ཁ་ཅིག་གིས་འཇམ་བློས་བལ་ཡུལ་དམར་མཆོད་དེ་བོན་པོའི་དམར་མཆོད་རེད་ཟེར་འདུག་ཟེར་ན། དེ་ལ། དམར་མཆོད་དེ་བོན་གྱི་དམར་མཆོད་རེད་ཟེར་ན་ལོས་ཆོག སྔོན་མ་ཆོས་ལུགས་ཐམས་ཅད་མིང་ལ་བོན་ཟེར་བའི་མིང་བཏགས་ཆོག་པ་བཞིན་བལ་ཆོས་དེ་ཡང་བོན་ཆོས་ཡིན་པ་དང་། དེའི་ལུགས་དེ་ཡང་བོན་གྱི་དམར་མཆོད་ལུགས་སྲོལ་ཡིན་པ་འདོད་ཆོག རྒྱུ་མཚན་ནི་གདོད་མའི་བོན་ལུགས་དམར་མཆོད་ནི་འདི་རིགས་ལ་གོ་དགོས་པས་སོ། །ཁོང་གིས་གསུང་པ་ལྟར་བསང་དང་གསུར་སོགས་རྗེས་མ་ནང་ཆོས་རྣམ་པ་བཟོས་ཚུལ་བོན་རང་ལུགས་ཀྱང་ཡོད་ལ། མ་ཟད་སྲོང་བཙན་སྐབས་གདོན་གཟུགས་བོན་གྱི་བསྟན་པ་ཟེར་ས་དེ་དམར་མཆོད་ཅན་ལ་གོ་དགོས་ཚུལ་ལོ་རྒྱུས་ཀྱང་ཡོད་པས་སོ། །ད་དུང་བོན་པོ་ཡིན་ན་གཡུང་དྲུང་བོན་ཡིན་པའི་མ་ཁྱབ་པ་དེ་བོན་རང་ལུགས་འཇུག་མཁན་ཚོའི་ཁ་བྱང་ལག་བྱང་ཡིན་པས་སོ།།

ཁ་ཅིག་གིས་འཇམ་བློས་སྟོན་པ་གཤེན་རབ་མི་བོ་ཕྱི་རོལ་སྟོན་པའི་མཚན་གཞི་བཞག་འདུག་ཟེར་ན། དེ་ནི་ཁོང་སྒེར་གྱི་འདོད་ཚུལ་མ་ཡིན། སྐབས་དེར་སློབ་མ་དེའི་འདོད་ཚུལ་ལྟར་འཇོག་རུང་ཚུལ་ནི་ཁོང་གིས་འཇམ་དབྱངས་བཞད་པས་དེ་ལྟར་གསུང་ཡོད་པའི་རྒྱུ་མཚན་ལ་རྟེན་ནས་གསུང་པ་དང་ད་དུང་ཁོང་གིས་བོན་པོ་ནང་པ་འདོད་མཁན་ཡང་ཡོད་པ་སོགས་གསུང་ཞིང་དོན་ལ་ཁོང་གིས་བན་རང་ལུགས་ལ་འདོད་ཚུལ་མི་འདྲ་བ་གཉིས་ཡོད་ཚུལ་བཤད་པ་ལས་སྐུ་སྒེར་གྱིས་ཕྱི་ནང་འདི་ཡིན་ཐག་བཅད་མི་འདུག འོ་ན་ཁོང་གིས་ཕྱི་རོལ་སྟོན་པའི་མཚན་གཞི་ག་རེ་འཇོག་འདོད་དམ་ཟེར་ན། ཁོང་གིས་ལྷ་དབང་ཕྱུག་འཇོག་དགོས་རེད་གསུང་པ་སྒྲ་སྒམ་དེའི་ནང་ལ་འདུག་པ་དེ་ནི་སྐབས་དེར་ཁོང་གིས་སྟོན་པ་གཤེན་རབ་ཕྱི་པ་དང་ནང་པ་གང་ལ་ངོས་བཟུང་འདོད་མེད་པ་མངོན་ཐུབ་པ་མ་ཟད་ཁོང་རང་གིས་འདི་རེད་ཅེས་ཐག་མ་བཅད་པའི་བདེན་དཔང་ཡིན་ནོ། །ད་དུང་གངས་ལྗོངས་སྨོན་ལམ་ཆེ་མོའི་སྐབས་ཁོང་གི་གསུང་བཤད་ཅིག་ནང་། ཆོས་རྒྱུད་བཞི་དང་གཡུང་དྲུང་བོན་དེ་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཡིན་གསུང་པས་འདིས་ཀྱང་ཁོང་གིས་སྟོན་པ་གཤེན་རབ་ཕྱི་རོལ་སྟོན་པ་མི་འདོད་པའི་བདེན་དཔང་ལོས་བྱེད། ཁོང་ནི་དེ་རིང་ཤས་བོད་ཁམས་ཡོང་ནས་མཁས་པའི་སྙན་གྲགས་འབར་བཞིན་པ་ཞིག་གིས་ནང་འགལ་གྱི་སྐད་ཆ་བཤད་མི་སྲིད་པས་སོ།།

ཞོར་འཕྲོས་ཤིག་ནི། རྟགས་རིགས་སྒྲ་སྒམ་དེའི་ནང་གི་སློབ་མ་དེས་མཚན་གཞི་འཇོག་སྟངས་དང་། ཉེ་བའི་ཆར་བོན་གྱི་གྲྭ་པ་འགའ་ཞིག་རྫ་སེར་ཤུལ་དགོན་བཤད་གྲྭར་ཞུགས་གྲབས་སྐབས་དགོན་གྱི་འགན་འཛིན་གྱིས་ཁྱོད་ཚོ་བཤད་གྲྭར་ཞུགས་ཆོག་རེད། ཡིན་ནའང་ཁང་པའི་སྒོ་སོགས་ལ་འདིའི་ནང་ལ་བོན་ནག་ཡོད་ཅེས་ཡི་གེ་འབྲི་ཡོང་སྲིད་རེད་དེ་དུས་སྙོགས་གྲྭ་བཟོ་ཆོག་མ་རེད་ཅེས་ཟེར་འདུག་སྐད། དོན་དེ་གཉིས་ལ་བལྟས་ན་དགོན་དེའི་ནང་ལ་སྔར་སྔ་ཚེའི་ལྟ་ངན་རིགས་མ་དོར་བའི་རྒན་པ་འགའ་ཡོད་པ་མ་ཟད་དེའི་རྗེས་འཇུག་བྱེད་མཁན་ཡང་ཅུང་ཟད་ཡོད་འགྲོ་སྙམ། ད་དུང་འཇམ་དཔལ་བློ་ཤེས་ཁོང་ཁོར་ཡུག་དེའི་ནང་འགན་འཛིན་དེ་ཚོའི་ཞབས་ལ་བཞུགས་དགོས་ཙ་རང་ལུགས་ཡིག་ཆ་ལྟར་འཇོག་རུང་ཚུལ་དང་ལོ་རྒྱུས་ནང་བཀོད་ཟིན་པ་དེ་ཚོ་བསྐྱར་ཟློས་ལོས་གསུང་དགོས་ཐུག ཡིན་ནའང་དེ་དག་སྐུ་སྒེར་གྱི་དགོངས་ཚུལ་ཡིན་མིན་ཞིབ་ཕྲས་ཉན་དགོས་པ་ལས་ཧོལ་རྒྱུག་དང་བཟང་སྤྱོད་བོར་བའི་ལས་ལ་འཇུག་ག་ལ་རུང་། གལ་སྲིད་འཇུག་ན་དེ་ནི་བསྟན་པའི་ཞབས་ཕྱི་མིན་པའི་ཞབས་འདྲེན་དང་གང་ཟག་དེ་ཉིད་ཆོས་པའི་བཟོ་ལྟ་ཤོར་ཟིན་པའི་ངན་རེངས་ཀྱི་གྲལ་དུ་རང་གིས་འཚང་ཁ་བྱས་པ་ཅི་ཁྱད།

གསལ་བཤད་ཞུ་དགོས་པ་ཞིག་ལ། བོན་ལུགས་ཟེར་ན་གཡུང་དྲུང་བོན་ལུགས་ལ་གོ་དགོས་པའི་ངེས་པ་མེད་པ་དང་། གཞན་གྱི་འདོད་ཚུལ་དང་། གྲུབ་མཐའ་དེའི་རང་ལུགས་བཤད་སྐབས་མི་དེའི་སྒེར་གྱི་འདོད་ཚུལ་ཡིན་པའི་ངེས་པ་མེད་པ་རྣམས་དབྱེ་མཚམས་འབྱེད་ཤེས་དགོས་རྒྱུ་གལ་ཆེན་ནང་གི་དོན་ཆེན་དུ་མཐོང་། ལྷག་པར་དུ་གྲུབ་མཐའ་རྩོད་མཁན་ཞིག་གི་ངོས་ནས་བཤད་ན་རང་ལུགས་གསལ་པོ་དང་། གཞན་ལུགས་ཤེས་པ། ལོ་རྒྱུས་རྟོགས་པ། སྤྱི་སྒེར་གྱི་འདོད་དོན་དབྱེ་ཤེས་པ། མི་ཡིས་བཤད་པ་དེའི་དོན་ངོ་མ་དང་རྒྱུ་རྐྱེན་གྱི་གོ་བ་ལེན་ཤེས་པ། གཞུང་ལུགས་སྦྱོང་པ་སྔོན་སོང་གི་འབྲས་རྟགས་ཡོད་པའི་སྒོ་ནས་ལེན་དོན་མཐུན་རྒྱག་པ་ལས་འཇིག་རྟེན་པའི་མི་ཤ་རྩོད་རྩོད་རེད་མ་སོང་བ་བྱེད་རྒྱུ་དང་། བྱང་ཆུབ་སེམས་ཀྱི་མངོན་རྟགས་ཡོད་པའི་སྒོ་ནས་སྤྱོད་ལམ་ལས་རང་ཉིད་མིང་གི་ཆེད་དུ་བསྟན་པ་དང་བསྟན་འཛིན་གྱི་ཕ་བླ་མ་བཙོང་པ་བྱེད་རྒྱུ་གཙོ་བོ་རུ་འཛིན་དགོས་པ་མཐོང་སོང་། གྲུབ་མཐའ་རྩོད་མཁན་རྣམ་པའི་བཀའ་དྲིན་སྐུ་དྲིན་ཡོད་རེད། ཡིན་ནའང་རང་ཉིད་གྲགས་འདོད་ཀྱི་ཆེད་དུ་ནམ་ཡང་མཁས་མདོག་དང་སྤྱོད་ངན་གྱི་སྒོ་ནས་བསྟན་དོན་ཁ་གཡར་ས་བཙལ་ཞིང་གྲུབ་མཐའ་རྩོད་མདོག་མ་བྱེད་རོགས་ཞེས་རེ་བ་ཞུ་བཞིན་པ་ལགས། རྒྱུས་མེད་སྔུན་ལ་སྟོང་གཏམ་ལབ་ཆོག་ཆོག་ལྟ་བུ་ཡོད་རུང་རྒྱུས་ཡོད་སྔུན་ལ་ཁྲེལ་བགད་ཤོར་ཡུལ་ཁོ་ན་རུ་གྱུར་ངེས། རྗེ་རིན་པོ་ཆེས། རྒྱལ་བའི་དགོངས་པ་ཟབ་མོ་རླམ་སེམས་མ་སྐྱེ་མཁས་ལ་སྟེན་པར་མཛོད་ཅེས་ཞལ་མངག་གསེར་དཀར་ལྷད་མེད་གསུང་པའི་དོན་ལ་ང་ཚོས་འབད་དགོས་པར་སྙམ་མོ།

ཞེས་འཇམ་དཔལ་བློ་ཤེས་མཆོག་གི་སྒྲ་སྒམ་རྣམས་གང་ཁོམ་ཉན་པ་དང་ཁ་ནས་ཁོང་མཁས་པ་ཞིག་རེད་ཅེས་ནམ་རྒྱུན་གླེང་མཁན་དྲྭ་མིང་དུ་རིས་མེད་པ་ཞེས་འབོད་པ་དེས་རང་རེས་ཚོགས་ངན་མི་བསགས་པའི་ཐབས་ལ་ཅུང་ཟད་འབད་པའི་ཚུལ་དུ་ཆེན་པོ་ཧོར་གྱི་རྒྱལ་ཁམས་ནས༢༠༡༩-༡༠-༢༡ཉིན་ལས་ཞོར་ནས་ཧྲུས་པའོ།།


Re:བོན་པོ་ཞིག་གིས་བྲིས་པའི་དགེ་བཤེས་འཇམ་དཔལ་བློ་ཤེས་དཀར་འདོན། | 2019/11/9 17:54:32
སྐུ་མགྲོན་tXOb6F(སྐུ་མགྲོན)སྤྱི་ཡིས་འདོད་ཚུལ་བཞིན་སྟོན་པ་གཤེན་རབ་མུ་སྟེགས་པའི་སྟོན་པའི་མཚན་གཞི་བཞག་པ་དེེས་ཆོག་འདུག
རྩོམ་པ་པོ།:སྐུ་མགྲོན་tXOb6F(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.