ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གངས་སྐོར་དང་པོའི་ཚོར་ཤེས། | 2015/4/13 14:56:00
གངས་བསྐོར་དང་པོའི་ཚོར་ཤེས།
རིས་མེད་པས།
དེ་ཡང་རང་བཞིན་གནས་ལུགས་ཀྱི་དབང་དུ་བཤད་ན།  མི་རྣམས་ཀྱི་གླེང་མོལ་མང་དེ་རང་འདོད་ལྟར་ཟད་ལ་ད་དུང་ཆོས་ལུགས་ཀྱི་ཕྱོགས་སུ་བཤད་མཁན་ནི་དེ་བས་ཀྱང་རིས་སུ་ལྷུང་བཞིན་འདུག  དེ་ཡང་རང་ཉིད་གངས་བསྐོར་དུ་མ་སོང་བའི་སྔོན་ལ་ཐོས་པ་ཀུན་དེ་རིང་བདེན་པའི་ཟུར་ནས་བྲོས་པ་ལྟར་དུ་སྣང་།  དེའི་སྐོར་ཞིབ་གསལ་དུ་བཤད་ན་འདི་འདྲ་ཞིག་རེད། ད་ནང་ཞོགས་པར་ཆུ་ཚོད་བཞི་དང་སྐར་མ་སུམ་ཅུ་སླེབ་དུས་ཇ་འཐུང་ཞིང་རྩམ་པ་ཟོས་ནས་གངས་བསྐོར་དུ་ཕྱིན་པ་ཡིན།  བསྐོར་བའི་ཁ་ཕྱོགས་ནི་ཁག་ཅིག་མདུན་ནས་གཡས་དང་ཁག་ཅིག་མདུན་ནས་གཡོན་དུ་བསྐོར་བཞིན་འདུག དེ་ལ་དགེ་བ་ཆེ་ཆུང་དང་རླུང་རྟ་བཟང་ངན་ཞིག་ཡོད་པ་མིན།  རྒྱུ་མཚན་ནི་གངས་རིན་པོ་ཆེ་ལ་ཕྱོགས་རིས་ཀྱི་དྲི་མ་མེད་ནས་མི་རིགས་ཕལ་གྱིས་བསྐོར་ཕྱག་གི་གནས་སུ་གྱུར་བ་ཞིག་ཡིན་དུས།  དེ་ལ་དད་མཁན་དེས་རིས་སུ་བཟུང་བ་ནི་གངས་རིན་པོ་ཆེ་ཡི་ཆེ་བ་ཟུར་ཙམ་ལས་མ་མཐོང་བ་དེ་ནི་རང་སྐྱོན་ལས་མ་འདས།  དཔེར་ན་མི་ལའི་རྣམ་ཐར་དཔེ་རྙིང་༼བྲིས་རྙིང་རྣམ་ཐར་སྡུས་མ་ཞིག་ནང་ལ་དེའི་སྐོར་མེད་པ་ཐོས་བྱུང་།༽དང་བོན་པོའི་གཞུང་ལུགས་ཀྱི་ལོ་རྒྱུས་དང་རྒྱུན་རིམ་ནང་ལ་མ་གསལ་བའི་ན་རོ་བོན་ཆུང་ཟེར་བ་དེ་དང་རྗེ་བཙུན་མི་ལ་རས་པ་གཉིས་ཀྱིས་གངས་རིའི་ཆེ་བའི་ཡོན་ཏན་མ་མཐོང་ནས་སོ་སོའི་ཞེན་འཛིན་དང་རིས་ཆོད་ཆགས་སྡང་རྟོགས་ཚད་སོགས་ལྷང་དུ་བུད་ཚུལ་ལྟར་རེད།  འོ་ན་ཁྱོད་ཀྱིས་གང་ནས་བསྐོར་བ་ཡིན་ཟེར་ན།  ཁོ་བོས་གངས་ཀྱི་མདུན་ནས་གཡོན། གཡོན་ནས་རྒྱབ། རྒྱབ་ནས་གཡས། གཡས་ནས་མདུན་དུ་བསྐོར་བ་ཡིན།  དེ་ནི་བླ་རི་གངས་དཀར་ཏི་སེ་བླ་མཚོ་མ་པང་༼ཕམ༽གཡུ་མཚོ་ཟེར་བ་ལྟར་ཡབ་མེས་ཀྱི་སྲོལ་ཙམ་ལས་གཞན་མིན།  དེ་ནས་བསྐོར་ལམ་དུ་ཐོད་ཐུག་རྣམས་དང་པོ་མཐོང་མ་ཐག་སྔོན་མ་ཕ་ཡུལ་གྱི་གངས་བསྐོར་བ་དང་ད་ཐེངས་ལྷ་སར་གྲོགས་པོའི་གསུང་ལ་བན་དེས་ལམ་འཕྲད་སྐབས་བསྐོར་བ་ནང་ནས་མ་སོང་ན་སྐོར་བའི་དགེ་བ་བོན་པོ་ལ་ཤོར་འགྲོ་རེད་ཟེར་བཞིན་འདུག་ཟེར་བ་ལ་ཡིད་འཁོར་ནས་གང་ནས་གཟུར་ན་ཡག་བསམ་བཞིན་བྱུང་།  ཁག་ཅིག་ནང་ནས་འགྲོ་འདོད་དང་ཁག་ཅིག་གང་བདེར་ཁག་ཅིག་གུས་ཚུལ་གྱི་སྒོ་ནས་ཕྱི་ནས་འགྲོ་བཞིན་འདུག  མ་ཟད་ལ་མགོའི་ཁ་བར་གཟབ་དགོས་ཚུལ་གྱི་དྲན་སྐུལ་ཡང་བྱེད་མཁན་མང་།  མདོར་ན་རྗེ་བཙུན་མི་ལ་མཆོག་དང་ན་རོ་བོན་ཆུང་རྣམ་གཉིས་ཀྱིས་བཏབས་པའི་ཆགས་སྡང་གི་ས་བོན་ཅན་ནམ་ཡང་ན་གངས་རིའི་ཆེ་བའི་ཡོན་ཏན་མ་མཐོང་བའི་རིས་ཅན་གྱི་བླ་མའི་རྗེས་འགྲོ་ཁ་ཤས་ལས་ཡོངས་ཁྱབ་ཀྱི་ལྟ་ཚུལ་མིན་པ་ཤེས་དུས་སེམས་ཀྱི་ན་ཟུག་དེ་འཇོམས་སོང་།  རང་ལྟ་བུ་ལ་བསྐོར་ལམ་དུ་དགེ་སྒྲུབ་མཁན་སྐོར་ཁོང་དུ་བཙུད་ན་དགེ་བ་མ་ཆེ་ན་དེས་གཞན་གྱི་དགེ་བ་འཕྲོག་པའི་བསམ་པ་མི་རྒྱུ་བ་ཡིད་ཆེས་ཡོད།  གལ་ཏེ་བསམ་ངན་དེ་འདྲ་རྒྱུ་ན་ལས་སླ་པོ་རྐུ་རྒྱག་གི་ཅ་ལག་ཅིག་ཨི་ཡིན་ནམ།  དེ་ནས་ལ་མགོར་སླེབ་དུས་སྔོན་མ་ཕ་ཡུལ་དུ་གངས་སྐོར་བས་བོན་པོའི་དར་ཅོག་འདོགས་ན་བན་དེས་མེད་པ་གཏོང་བཞིན་འདུག་ཟེར་བ་ཡིད་ལ་དྲན་ནས་དར་ཅོག་གསེང་དེར་ལྟས་པ་བོན་གྱི་དར་ཅོག་མང་པོ་མང་པོ་འདུག  ཡང་དེ་བཞིན་བོན་པོའི་རྡོ་འབུམ་ཡང་རྐོ་བ་དང་འཇོག་པ་སོགས་བཀག་འགོག་བྱེད་བཞིན་འདུག་ཟེར།  དེ་ཡང་མི་བདེན་རྫུན་བཟོ་རེད་འདུག་པ་མིག་ཡོད་ཀུན་གྱིས་ལྟས་ན་གང་སར་མ་ཏྲི་སོགས་ཀྱི་རྡོ་འབུམ་མཐོང་རྒྱུ་མང་།  དེ་ནས་རིས་མེད་ཀྱི་མི་བུ་དེས་རིས་མེད་ཀྱི་ལམ་བུ་རྒྱུད་ནས་རིས་མེད་ཀྱི་གངས་རི་དེར་བསྐོར་བ་ཞིག་སོང་ནས་མགྲོན་ཁང་དུ་བསླེབས་ནས་བསམ་གཞིག་གི་ཕྱིར་ལྟས་མང་ཙམ་བྱས་མཐར་གངས་རི་དང་མཚོ་མོ་གཉིས་ཀྱི་རིན་ཐང་ནི་སྒེར་གཅོད་པའི་བསམ་ཡུལ་ལ་འདས་པ་ཞིག་རེད་ཅེས་བཤད་པར་སྤྲོ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.