ཧི་བོན་ཟིན་བྲིས།
རིས་མེད་པའི་ཟིན་བྲིས
སྤྱི་བསྒྲགས།
ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    2627282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཨ་མའི་ཞབས་ཕྱི། | 2015/4/13 10:01:00

ཨ་མའི་ཞབས་ཕྱི།

                 ___རིས་མེད་པས།

ཐག་རིང་ཡུལ་ལ་བསྐྱོད་དུས་ཨ་མ་དྲན་དུ་ཆེ་ཡ།།
མཉམ་པོར་བསྡོད་རྒྱུ་བྱུང་ན་ཞབས་ཕྱི་ཡང་དག་ཞུ་བསམ།།
ཨ་མའི་འཁྲིས་ལ་བསླེབས་རྒྱུ་བྲེལ་བ་གནམ་ཟིང་ས་ཟིང་།།
མ་འགྱང་མི་འགྱང་ངང་ནས་རང་ཁྱིམ་ནང་ལ་བསླེབས་སོང་།།

 

ཞོགས་པ་སྒོམ་ཞིག་རྒྱག་ཁུལ་ཨ་མའི་ཞབས་ཕྱི་མ་སོང་།།
སྔ་དྲོ་ཀློག་ལ་གཞོལ་ཚུལ་ཨ་མའི་ཞབས་ཕྱི་མ་སོང་།།
ཕྱི་དྲོ་རྩོམ་ལ་འཇུག་མདོག་ཨ་མའི་ཞབས་ཕྱི་མ་སོང་།།
དགོང་མོ་བགྲོ་གླེང་གཡེང་ནས་ཨ་མའི་ཞབས་ཕྱི་མ་སོང་།།

 

ད་དུང་བདུན་བཅུའི་ཨ་མས་ཁྲུས་ཆུ་བླུགས་ནས་ཁྱེར་བྱུང་།།
རྩམ་དང་མར་མནན་ཞོགས་ཇ་རླངས་པ་ཕྱུར་ཕྱུར་བསྲིངས་བྱུང་།།
ཉིན་གུང་ཟ་མ་ཡིན་ཟེར་དྲི་ཞིམ་སྣ་ལམ་སྐྱེལ་བྱུང་།།
དགོང་མོ་དགོང་ལྟོ་ཟོ་ཟེར་ཞིམ་ཚད་མདུན་ལ་བཞག་བྱུང་།།

 

བར་གསེང་ལྟོག་རེད་ཟེར་ནས་ཁ་ཟས་མང་མང་འཇོག་གདའ།།
ཨ་མའི་ཟུར་དུ་ཡོད་ན་ཨ་མ་གཡོག་ཏུ་གྱུར་བ།།
ཕན་མེད་བུ་ཞིག་སྐྱེས་པ་ཨ་མས་ཞེན་ཁ་མི་ལོག།
ཡང་ཡང་བསམ་ན་ཡང་ཡང་སྙིང་ནས་གཟེར་ཞིག་བཏངས་སོང་།།

 

འདི་ནས་ཨ་མའི་ཞབས་ཕྱི་འདི་ཡིན་ཟེར་བ་མ་ཐོན།།
ཕྱི་མ་གནས་བཟང་ཞིག་ཏུ་བདེ་ལྡན་ཕེབས་སྐྱེལ་མེད་ན།
འདི་ཕྱི་གཉིས་ལ་མི་ཕན་བུ་ཞིག་ཡོད་ན་མེད་ན།།
ཨ་མས་དགའ་བ་མ་འཛིན་ཨ་མའི་ཚོགས་ལ་ལབ་ཡིན།།

2015.4.6

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.