སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༼ སྟེང་ཆེན་རྫོང་སྐབས་དང་པོའི་གསོ་རིགས་སློབ་གླིང་།༽
[ 2015/6/30 16:58:00 | By: tibet99 ]
 

ཏང་གི་གཟི་བརྗིད་འོད་སྣང་ལྷ་ལམ་མཁའ་དབྱིངས་སུ་མངོན་ནས།མ་འོང་གངས་ཅན་གསོ་རིགས་ཡར་རྒྱས་གོང་འཕེལ་དུ་གཏོང་ཕྱིར། བོད་ཆབ་སྟེང་ཆེན་རྫོང་ཀྱི་མོས་མཐུན་ཆོག་མཆན་ཞིག་ཐོབ་ནས། རྫོང་ཆོས་འཕྲོད་བསྟེན་སྡེ་ཡིས་རོག་སྐྱོར་གང་ལེགས་ཞིག་གནང་བྱུང་། བོན་གྱི་འབུམ་བཞི་ལས་སོགས་གསོ་རིགས་གོང་འཕེལ་གྱི་ཆེད་དུ། སྨན་སློབ་བསྟན་རྣམ་མཆོག་གིས་ཁྲི་ཚོ་ཉི་ཤུ་ལས་ལྷག་ཙམ། སྟེང་རྫོང་དབུས་སུ་གནོངས་ནས་ཤང་ཁག་སོ་སོ་ཡི་ནང་ནས། ན་གཞོན་སློབ་གྲྭ་བསྡུས་ནས་ལྔ་རིགས་སློབ་གླིང་ཞིག་བཙུགས་སོ། གནས་ལྔ་རིགས་པས་ཕྱུགས་པའི་དགེ་རྒན་ཉི་ཟླ་ཡི་ཟུང་གིས། རྟག་ཏུ་ཐུན་བཞིའི་ངང་ནས་ལྔ་རིགས་སྒྲོན་མེ་དེ་སྤར་ནས།ལས་དབང་འབྲེལ་བའི་སློབ་མའི་མ་རིག་བློའི་མུན་དེ་སེལ་ཞིང་། ཐོས་བསམ་འོད་སྣང་རྒྱས་པའི་བཀའ་དྲིན་གཞལ་ཟླ་ནི་མ་མཆིས། རྒན་སློབ་སུམ་ཅུ་ལྷག་གི་ཕན་ཚུན་འབྲེལ་མཐུན་གྱི་བརྩེ་སེམས། ནགས་ནོག་སྐྱོན་གྱིས་བྲལ་བའི་གངས་ཀྱི་རི་བོ་ལས་དཀར་ཞིང་། གཅིག་གྲོགས་གཅིག་གིས་བྱེད་ནས་ཤེས་བྱའི་ཆུ་གཏེར་གྱི་ཀློང་ནས། རིམ་གྱིས་བསགས་པའི་ཉམས་མྱོང་ཟེགས་མའི་མཚོ་མོ་ཞིག་འཁྱིལ་ལོ། དབྱར་དུས་རྒན་སློབ་ཡོངས་ཀྱིས་རྩི་ཤིང་སྔོ་སྨན་རིགས་སྒྲུབས་ནས། རྣམ་དཔྱོད་རིག་པའི་འཕྲུལ་གྱིས་རོ་ནུས་ཞུ་རྗེས་ལ་དཔྱད་དེ། ཐང་ཕྱེ་རིལ་བུ་ལས་སོགས་སྨན་སྣ་དྲུག་ཅུ་ལས་ལྷག་ཙམ། སྦྱར་བཟོ་ལེགས་པར་བྱས་ནས་ཚད་ལྡན་རྩལ་ཆེན་གྱི་སྨན་རིགས།དབུལ་འཕོངས་ནད་ཀྱིས་མནར་བའི་སྐྱེ་འགྲོའི་སྡུག་བསྔལ་རྣམས་སེལ་ཕྱིར། ཚ་གྲང་ནད་རིགས་ལ་གཞིགས་སྨན་གྱི་སྦྱིན་པ་དེ་སྩལ་ལོ། ཕན་སེམས་ཀུན་སློང་བསམ་པ་ཡར་ངོའི་དུང་ཟླ་ལས་དཀར་ཞིང་། ལྷག་སེམས་བརྩེ་བས་རྒྱུད་བརླན་རང་གཤིས་སྲིན་བལ་ལས་འཇམ་པ། བྱམས་སེམས་སྨན་ནུས་ཟུང་གིས་སྐྱེ་འགྲོའི་སྡུག་བསྔལ་རྣམས་སེལ་ནས། ཉེས་གསུམ་དྲུང་ནས་འབྱིན་པའི་འཚོ་བྱེད་རིགས་ཅན་གྱི་ལས་བཟང་། སྒོ་གསུམ་ལས་ཀྱི་འདུ་བྱེད་བསོད་ནམས་དང་འབྲེལ་བས། ཉེས་གསུམ་འདུ་ཕུང་འབྱུང་འཁྲུགས་འཕེལ་ཟད་དེ་ཆ་སྙོམས། དཀར་གསུམ་ཟས་ཀྱིས་ལུས་ཟུངས་འཕེལ་ཁ་དེ་རྒྱས་ནས། ཕུན་ཚོགས་བདེ་བཞིའི་དཔལ་རྫོགས་གསོ་རིགས་ཀྱི་བཀའ་དྲིན། ཀུན་གསལ་ངོས་སུ་བགྲོད་པའི་ཉིན་བྱེད་ཀྱིས། ཆུ་སྐྱེས་ཚོགས་རྣམས་ཞལ་ཁ་འབྱེད་པ་བཞིན། ཕུལ་བྱུང་འབུམ་བཞི་གསོ་རིགས་ཡོན་ཏན་གྱིས།  མ་རིག་ནད་མནར་འགྲོ་ལ་བདེ་སྐྱིད་སྟེར།  བཟོད་པ་ཚུལ་ཁྲིམས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.