སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ནག་དགོན།
[ 2019/1/29 14:49:00 | By: tibet99 ]
 


ཁྱུང་ནག་དགོན་བཟོད་པ་ཚུལ་ཁྲིམས།
མཁྱེན་བརྩེའི་ཡོན་ཏན་ཆུ་གཏེར་ལས་ཟབ་ཐུགས་རྗེའི་རྟ་བདུན་མཁའ་ལ་བཞད།
གཞན་ཕན་བྱམས་བརྩེའི་འོད་ཞགས་དེ་ཡིས་འགྲོ་ཀུན་སྡུག་བསྔལ་གནས་ནས་དྲོངས།
སྤང་རྟོགས་ཡོན་ཏན་མཐའ་ཕྱིན་གཤེགས་ཀྱང་སྲིད་འདིར་འགྲོ་བའི་དོན་ལ་ཕེབས།
མཚན་དཔེའི་ཡོན་ཏན་པདྨའི་སྦུབ་བཞད་སྙ་ཆེན་མཆོག་ལ་གུས་པས་འདུས།།

གོང་གི་ཐུགས་བསྐྱེད་རིག་པའི་འོད་ཟེར་ཁྱུང་ནག་བཀྲ་ཤིས་དགོན་འདིར་འཕྲོས།
དེ་ཡི་རྒྱུད་འཛིན་སྟག་སྒྲ་དུན་གཙུག་ཁྱུང་པོའི་གདུང་ལས་མཚན་དཔེ་བཞད།
ཤེས་རིག་ལས་སོགས་ལྷན་སྐྱེས་ཡོན་ཏན་ཁྲི་གདུག་ཉི་མའི་མདྭངས་ལས་ལྷག །
བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དེ་ཉིད་མཁའ་ལ་བསྒྲེངས་མཛད་ཁྱུང་ཆེན་ཁྱེད།

བདག་མེད་རྟོགས་པའི་ཤེས་རབ་མཁའ་ལ་ཐབས་ཤེས་ཟུང་གི་གཤོག་བརླབ་རྐྱང་།
ཕ་རོལ་ཕྱིན་བཅུའི་རྩལ་དྲུག་རྫོགས་པའི་ཁྱུང་ནག་བླ་རབས་རིམ་བྱོན་གྱིས།
བགྲང་བྱ་ལོ་འཁོར་ཉིས་སྟོང་ལྷག་བརྒལ་བཤད་སྒྲུབ་བསྟན་པའི་མེ་རོ་སྤར།
མཛད་འཕྲིན་ཟླ་བའི་མ་མ་ལས་ཟབ་བྱས་རྗེས་རི་རྒྱལ་ལས་ཀྱང་མཐོ།

དེ་རྗེས་སོག་དམག་བོད་དུ་ལྡང་ནས་དམེ་འཁྲུགས་མཚོན་གྱི་འཁོར་ལོ་བསྐོར།
དུས་སྐབས་དེའི་ནང་ཁྱུང་ནག་དགོན་ཡང་བསྐལ་པའི་མེ་ཡི་ཞལ་དུ་སྲེགས།
ཉེས་ལེགས་སྟང་འཛིན་ལྷ་སྲུང་མཐུ་ཡིས་ནང་རྟེན་རིགས་གཞུང་མ་ཉམས་གནས།
དེ་རྗེས་ཁྱུང་པོ་གྲགས་པའི་མཚན་གྱིས་གདན་ས་སྤོས་ཏེ་འདུས་སྡེ་བཏབ།

འདུས་སྡེའི་མིང་ཡང་ཟླ་བ་དགོན་ཞེས་ལྔ་རིགས་བསྟན་པའི་སློབ་གླིང་རྒྱས།
གསང་སྔགས་བསྟན་པའི་རྟ་བདུན་མཁར་ཤར་འགྲོ་ལ་བདེ་སྐྱིད་པད་མོ་བཞད།
ལོ་འཁོར་ལོ་ཡི་བགྲང་བྱ་དུ་མ་ལུང་རྟོགས་བོན་གྱིས་འཁོར་ལོ་བསྐོར།
བྱམས་བརྩེའི་ཁྱབ་བདག་མཐའ་བཞི་ཞུ་སྒོམ་འགྲོ་བའི་དོན་དུ་གྲོགས་ལ་ཕེབས།

གྲུབ་རྟགས་རྫུ་འཕྲུལ་ཀྲུན་ལ་མངའ་བརྙེས་མཐའ་བཞི་བླ་རབས་རིམ་བྱོན་གྱིས།
སེམས་ཅན་ཀུན་ལ་གནོད་འཚེ་བརྩམ་པའི་མ་རུང་བདུད་སྲིན་དམ་ལ་བཏགས།
སྲོག་སྙིང་ཕུལ་ནས་སྐྱེ་འགྲོ་ཡོངས་ལ་འཚེ་བ་མི་བྱེད་ཁས་བླང་བཅས།
ཚེ་གཡང་བསོད་ནམས་རྒྱ་མཚོ་འཁྱིལ་ཞིང་བདེ་སྐྱིད་རྦ་རླབས་དགུང་ལ་གཡོས།

སེམས་ཅན་སྤྱི་མཐུན་ལས་ཀྱི་འཁོར་ལོ་ཟློག་མེད་རྟག་ཏུ་མདུན་ལ་བསྐྱོད།
རྣམ་དཀར་བསོད་ནམས་འབར་འབུར་མང་ཞིང་ལྔ་སྙིགས་དུས་ཀྱི་སྐྱོག་མཚམས་ཞིག།
དུག་ལྔའི་ལས་རླུང་ས་གཡོས་རྐྱེན་གྱིས་ཁྱུང་ནག་ཟླ་དགོན་འཇིག་རྐྱེན་བྱས།
ཁྱུང་ནག་བླ་དཔོན་ལྷ་སྡེའི་སེམས་ལ་སྐྱོ་བའི་སྤྲིན་ནག་མཐུག་པོས་གཏིབ།།

དེ་ནས་རང་དགོན་ཉམས་གསོའི་སྐོར་ལ་བླ་དཔོན་ལྷ་སྡེས་ཡང་གྲོས་བཏབ།
མདོ་སྨད་རྫ་ཁོག་ཡུལ་ནས་ཕེབས་པའི་བསྟན་གཉིས་གསང་སྔགས་གླིང་པ་ལ།
ལུང་བསྟན་སྩལ་བའི་གསོལ་བ་བཏབ་པས་འདུས་སྡེ་སྤོས་ན་ལེགས་ཚུལ་གསུང་།
ཁྱུང་ནག་ཕོ་བྲང་ལྟེ་གནས་ཡར་ཟུར་བཤད་སྒྲུབ་འདུས་སྡེའི་རྨིང་གཞི་བཏིང་།

འདུས་སྡེའི་མིང་ཡང་བསམ་གཏན་གླིང་དགོན་གསང་སྔགས་གླིང་པས་གསོལ་བ་སྣང་།
རང་དགོན་མཁན་པོ་ཚུལ་ཕུན་མཆོག་གིས་ཀུན་མཁྱེན་མཛོད་ལྔའི་སྒྲུབ་གྲྭ་བཙུག །
སྒྲུབ་ཞུགས་སློབ་མ་ཕྱིན་བཅུ་གྲངས་ལྡན་ཐོས་བསམ་འཚོ་བ་རོལ་འགོ་བརྩམ།
ལམ་གྱི་རྩ་བ་བླ་མ་བསྟེན་ནས་བླ་མེད་རྫོགས་ཆེན་མན་ཆོད་ལ།
ཉིན་རེ་ཐུན་བཞི་ཡུན་གྱི་རིང་ལ་ཨུ་ཆེན་སྒྲ་ཡིས་ཐུན་མཚམས་བཅད་།
དཔྱད་འཇོག་རེ་མོས་སྤེལ་ནས་སྒོམ་པས་ཉམས་རྟོགས་གཏེར་གྱི་འཕེལ་ཁ་རྒྱས།
མཛོད་ཆེན་སྡེ་ལྔ་སློབ་གཉེར་བྱས་ནས་བགྲང་བྱ་ལོ་བཞིའི་བཅད་མཚམས་འདས།
འདིར་ཞུགས་ཐོས་བསམ་སློབ་མའི་གྲས་ནས་བསྟན་འགྲོར་སྤྱིར་ཕན་མང་ཐོན་ཐོས།

དགུ་གཉིས་དུས་ཀྱི་རྩུབ་རླུང་དྲག་པོས་གང་ཟག་གཤིས་རྒྱུད་གཡོ་འཁྲུགས་གཏོང་།
སྙིགས་དུས་ལས་སྤྱོད་ངན་པའི་དབང་གིས་བསྟན་པའི་ཉི་མ་ནུབ་རི་བརྒལ།
དུས་སྐབས་དེའི་ནང་ཁྱུང་ནག་དགོན་ཡང་གཏོར་བཤིགས་དབང་གིས་ཉམས་གུད་གྱུར།
ལོ་འཁོར་བགྲང་བྱ་ཉི་ཤུ་བརྒལ་ནས་བཏང་གི་སྲིད་ཇུས་འོད་སྣང་གིས།

ཆོས་དད་རང་མོས་སྐྱ་རེངས་ཀྱིས་དྲངས་བསྟན་པའི་རྟ་ལྗང་མཁའ་ལ་ཤར།
བླ་དཔོན་ལྷ་སྡེ་ཚང་མ་འདུས་ནས་རང་དགོན་ཉམས་གསོའི་གྲོས་གླེང་བཏབ།
ཁྱུང་ནག་མཁན་པོ་བོན་དབྱིངས་མཆོག་གིས་ལས་འཛིན་གཙོ་བོའི་འགན་བཞེས་ནས།
བླ་གྲྭ་ལྷ་སྡེ་སེམས་ཤུག་གཅིག་བསྒྲིལ་རྟེན་དང་བརྟེན་པའི་གསས་ཁང་གྲུབ།

ཕྱོགས་ནས་ཕེབས་པའི་བླ་སྤྲུལ་ཁག་དང་རང་དགོན་བླ་གྲྭ་ཚང་མ་ལ།
མཛོད་ཆེན་སྡེ་ལྔའི་འཆད་ཁྲིད་བྱས་ནས་བཤད་སྒྲུབ་བསྟན་པའི་ས་བོན་བཏབས།
ཉམས་རྟོགས་ཡོན་ཏན་རིན་ཆེན་གླིང་ནས་བླ་སྤྲུལ་མང་པོས་སྐལ་རེ་ལོན།
རླབས་ཆེན་འཁོར་ལོ་གསུམ་གྱི་བྱ་བས་གདུལ་བྱའི་བློ་ཁ་བོན་ལ་བསྒྱུར།།

 དེ་ནས་གདུལ་བྱའི་བསོད་ནམས་དམན་རྐྱེན་བླ་མ་བོན་ཉིད་དབྱིངས་སུ་གཤེགས།
 ཤེས་རིག་ཡོན་ཏན་ན་ཚོད་མ་སྨིན་གྲྭ་ཆུང་སེམས་ནང་སྡུག་གིས་ཁེངས་།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.