༄། གངས་ལྷ་མེ་ཏོག།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
2930
སྤྱི་བསྒྲགས།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 16
  • དཔྱད་བརྗོད། 0
  • ཆེམས། 0
  • ཀློག་གྲངས། 7373


 
ལོ་གསར་བཟང།
[ 2018/4/16 22:53:00 | By: tibet99 ]
 
○       ༼  ཐུགས་སྤྲོའི་ཉིན་མོ་ཞིག༽
ལོ་གསར་པའི་སྐྱ་རེངས་ཤར་བའི་སྐབས།
གཉེན་ཕ་ཁུ་མིང་སྲིང་བུ་ཕྲུག་རྣམས།
ཁྲུས་གཙང་སྦྲ་བྱས་ནས་ཞོག་ཇ་རོལ།
བྱམས་བརྩེ་སེམས་སྤྲོ་སྣང་འཕེལ་བའི་ངང་།

རྒྱུ་སྤུས་བཟང་ལས་གྲུབ་ཅོག་ཙེའི་སྟེང་།
ཟས་དཀར་གསུམ་འདོད་ཡོན་སྣ་ལྔའི་ཁེངས།
ཕུད་དང་པོ་དཀོན་མཆོག་གསུམ་ལ་མཆོད།
ཟས་འདོད་ཡོན་ཚོགས་ལ་རོལ་བཞིན་མཆིས།

ཟས་དེ་རིགས་རོལ་ན་ལུས་ཟངས་རྒྱས།
ཟངས་དྭངས་མ་རྒྱས་པའི་ལུས་ཁམས་བདེ།
ལུས་སེམས་ཁམས་བདེ་ན་སྤྲོ་སྣང་འཕེལ།
སེམས་དགའ་སྤྲོ་འཕེལ་བའི་ལོ་གསར་བཟང་།

ཟས་དང་པོ་གཡོས་སྦྱོར་གཙང་མ་དགོས།
བར་བཟའ་བཏུང་ཟས་ཚོད་རན་པར་དགོས།
ཟས་ཟོས་རྗེས་མི་རྔུལ་རྩོལ་བཅག་དགོས།
ཚད་དེ་ལྡན་ནད་མེད་བདེ་ཐང་རྒྱུ།

སྦྱར་མི་རུང་ཟས་ཀྱི་གཡོས་སྦྱོར་དང་།
ཟས་སྔར་ཟོས་མ་ཞུ་ཕྱིར་བསྣོན་པ།
སྔར་མ་གོམས་ཟས་རིགས་ཚད་བརྒལ་བ།
ཟས་དེ་རིགས་ལུས་ཁམས་འཁྲུགས་པའི་རྒྱུ།






 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.