སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ནག་དགོན།
[ 2019/2/20 15:07:00 | By: tibet99 ]
 


ཁྱུང་ནག་བསམ་གཏན་གླིང་དགོན།
བཟོད་པ་ཚུལ་ཁྲིམས།
མགོན་ཟླ་བ་རྒྱལ་མཚན་གྱི་གདུང་རུས།གྲུབ་དབང་ཉི་མ་རྒྱལ་མཚན་གྱི་ན་བཟའ། དམུ་
ཙ་ཀྲ་ཧེའི་ཚེ་རྫས།སྤྲུལ་སྐུ་བློ་ལྡན་ན་བཟའ། བྱ་བཏང་འཇའ་ལུས་པའི་སྐུའི་ཟིལ་ཐིག། རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་ན་བཟའ།ཁྱུང་པོ་ནང་ཆེན་གྲགས་པའི་དབུ་ལོ། བྲམ་ཟེ་སྐྱེ་
བདུན་སྐུ་ཤ་ཀླུ་དགའི་གཏེར་མ། ག་ཤེལ་ཁྲི་ཆེན་སོགས་ཀྱི་གཏེར་བྱོན་དམ་རྫས་བརྒྱ་
རྩ།  དྲན་པ་ནམ་མཁའི་ཚེ་རྫས། མཁན་ཆེན་ཉི་མ་དབང་རྒྱལ་གྱི་ན་བཟའ་གཤེན་
ཉི་མའི་གདུང་རུས།སྟོང་རྒྱུང་མཐུ་ཆེན་གྱི་ན་བཟའ།གཙུག་ཕུད་འོད་གསལ་གྱི་དབུ་ལོ།
མཁན་བོན་དབྱིངས་རང་གྲོལ་གྱི་དབུ་ལོ་སོགས་དམ་པ་ཁོང་གི་ཉར་ཚགས་གནང་བའི་ཞང་བོད་མཁས་གྲུབ་ཡོངས་ཀྱི་དབུ་ལོ་དང་ན་བཟའ་གཙོས་པའི་བྱིན་རྟེན་དམ་རྫས་
བརྒྱ་ཕྲག་ལྷག་ཙམ་དང།༧ སྐྱབས་རྗེ་ཡོངས་འཛིན་སྨྲ་དབང་བསྟན་འཛིན་རྣམ་དག་
རིན་པོ་ཆེའི་དབུ་ལྗོན་ཚལ་བུ་བཅས་གདུང་རྟེན་སྲིད་ན་རྙེད་དཀའ་བའི་རིགས་དང་།  བོད་ཡུལ་དང་འཛམ་གླིང་གནས་བཟང་དུ་མའི་ས་ཆུ་གཡང་རྫས་རྣམས་བཞུགས་པའོ།  བདེ་བར་གཤེགས་པའི་བཀའ་དང་བཀའ་རྟེན་ཆ་གཉིས།  ཤར་རྫའི་གསུང་འབུམ་ཆ་
ཚངས། འབུམ་ཉི་མ་དགུ་ཤར་ཆ་གཉིས་བཅས་བཞུགས་པའོ།༧ རྟེན་འདིའི་འགྲོ་
གྲོན་ཡོངས་རྫོགས་ལྷག་བསམ་གྱི་སེམས་པ་གངས་ལས་དཀར་ཞིང་མཆོད་སྦྱིན་གྱི་ཁོ་
ལག་ཡོངས་སུ་རྫོགས་པའི་འབྱོར་ལྡན་གཤེན་སར་བུ་གཡང་ནས་《ཀྲུང་སྒོར་ཁྲི་བཞི་ བཅུ་ལྷག་ཙམ》བཏང་བའོ།  རྟེན་དེའི་གཡས་ཕྱོགས་སུ་དབྱིངས་ཀྱི་ཡུམ་ཆེན་མོ་ཤེས་རབ་བྱམས་
མ་ལ།   འཇིག་རྟེན་ཆེས་དགུས་མངོན་པར་སྤྲུལ་པའི་ན་དྲུག་གི་རྒྱན་གྱིས་ཡོངས་
སུ་སྤྲས་པ་ཕྱག་ཚད་རྒྱུད་སྡེ་དང་མཐུན་པའི་ཟངས་གསེར་ལས་གྲུབ་པའི་སྐུ་བརྙན་དེའི་ནང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་གཟུངས་རྫོངས་ཀྱི་ཕྱག་ལེན་
ལྟར་གཟུངས་རྒྱས་འབྲིང་བསྡུས་གསུམ་ཚུལ་མཐུན་དུ་བསྒྲིལ་བཞུགས་དང་། འཛབ་
ཆེན་གྱི་རྫས་དེ་བཞིན་གཤེགས་པའི་རིལ་བསྲེལ་ལ་གསང་བདག་གྲུབ་པའི་དབང་པོ་
འཕོ་ཆེན་འཇའ་ལུས་བཞེངས་པ་ཀུན་མཁྱེན་ཤར་རྫ་པའི་དབུ་ལྗོན་ཚལ་བུ་གཙོས་ལུང་ཟིན་གྱི་སྐྱེས་ཆེན་དུ་མའི་དབུ་ལོ་དང་ཕྱག་ཕྲེང་། མཉམ་མེད་ན་བཟའ། སྐྱབས་མགོན་
ཟླ་བ་རྒྱལ་མཚན་གྱི་གདུང་རུས། གྲུབ་དབང་ཉི་མ་རྒྱལ་མཚན་གྱི་ན་བཟའ།  དམུ་ཙ་
ཀྲ་ཧེའི་ཚེ་རྫས། སྤྲུལ་སྐུ་བློ་ལྡན་ན་བཟའ། བྱ་བཏང་འཇའ་ལུས་པའི་སྐུའི་ཟིལ་ཐིག། རྒྱལ་ཚབ་བློ་གྲོས་རྒྱལ་མཚོའི་ན་བཟའ། ཁྱུང་པོ་ནང་ཆེན་གྲགས་པའི་དབུ་ལོ། བྲམ་
ཟེ་སྐྱེ་བདུན་སྐུ་ཤ་ཀླུ་དགའི་གཏེར་མ།  ག་ཤེལ་ཁྲི་ཆེན་སོགས་ཀྱི་གཏེར་བྱོན་དམ་རྫས་
བརྒྱ་རྩ།དྲན་པ་ནམ་མཁའི་ཚེ་རྫས།མཁན་ཆེན་ཉི་མ་དབང་རྒྱལ་གྱི་ན་བཟའ།  གཤེན་
ཉི་མའི་གདུང་རུས།  སྟོང་རྒྱུང་མཐུ་ཆེན་གྱི་ན་བཟའ།   གཙུག་ཕུད་འོད་གསལ་གྱི་
དབུ་ལོ། མཁན་བོན་དབྱིངས་རང་གྲོལ་གྱི་དབུ་ལོ་སོགས་དམ་པ་ཁོང་གི་ཉར་ཚགས་
གནང་བའི་ཞང་བོད་མཁས་གྲུབ་ཡོངས་ཀྱི་དབུ་ལོ་དང་ན་བཟའ་གཙོས་པའི་བྱིན་རྟེནདམ་རྫས་བརྒྱ་ཕྲག་ལྷག་ཙམ་དང།༧ སྐྱབས་རྗེ་ཡོངས་འཛིན་སྨྲ་དབང་བསྟན་འཛིན་
རྣམ་དག་རིན་པོ་ཆེའི་དབུ་ལྗོན་ཚལ་བུ་བཅས་གདུང་རྟེན་སྲིད་ན་རྙེད་དཀའ་བའི་
རིགས་དང་། བོད་ཡུལ་དང་འཛམ་གླིང་གནས་བཟང་དུ་མའི་ས་ཆུ་གཡང་རྫས་རྣམས་
བཞུགས་པའོ། བདེ་བར་གཤེགས་པའི་བཀའ་དང་བཀའ་རྟེན་ཆ་གཉིས།  བྱམས་
མའི་སྒྲུབ་གཞུང་ཆ་དུ་མ། མཉམ་མེད་གསུང་འབུམ་བཅས་བསྩལ་བཞུགས་བྱས་ཡོད།
༧དབུས་རྟེན་དེའི་གཡོན་ཕྱོགས་སུ་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པ་རྣམ་གསུམ་རྗེས་བཞག་གི་མཛད་པའི་སྐབས་སུ་། རྣམ་པར་སྤྲུལ་པ་གཤེན་རབ་བགེགས་ལས་རྣམ་
པར་རྒྱལ་བའི་སྐུ་བཞེངས་པ་ལ། གདུལ་བྱ་སྡེ་གསུམ་འདུལ་བྱེད་སྡེ་གསུམ་གྱིས་བཏུལ་
ཚུལ་བསྟན་པ་ཟ་དྲུག་གིས་བརྒྱན་པ་ཕྱག་ཚད་རྒྱུད་དང་མཐུན་པ་ཟངས་གསེར་ལས་
གྲུབ་པའི་སྐུ་བརྙན་དེའི་ནང་།    མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་
གཟུངས་རྫོངས་ཀྱི་ཕྱག་ལེན་ལྟར་གཟུངས་རྒྱས་འབྲིང་བསྡུས་གསུམ་ཚུལ་མཐུན་དུ་
བསྒྲིལ་བཞུགས་དང་།  འཛབ་ཆེན་གྱི་རྫས་དེ་བཞིན་གཤེགས་པའི་རིལ་བསྲེལ་སོགས་
གོང་བཤད་བཞིན་དམ་རྫས་བརྒྱ། ལུང་ཟིན་སྐྱེས་ཆེན་དུ་མའི་དབུ་ལྗོན། གནས་ཆེན་
ཀོང་པོ་བོན་རི་ལས་སོགས་གནས་བཟང་དུ་མའི་ས་ཆུ་གཡང་རྫས་སྣ་ཚོགས། བདེ་བར་
གཤེགས་པའི་བཀའ་དང་བཀའ་རྟེན་ཆ་གཉིས། རྣམ་པར་རྒྱལ་བའི་སྒྲུབ་སྐོར་ཆ་དུ་མ་
བཅས་གཟུངས་བཞུགས་དུ་ཕུལ་བའོ། རྟེན་འདི་གཉིས་ཀྱི་འགྲོ་གྲོན་ཡོངས་རྫོགས་
ལྷག་སེམས་ལྷད་མེད་ཀྱི་དུང་ཟླ་མཁའ་དབྱིངས་སུ་མངོན་པས་རྟག་འཛིན་སེར་སྣའི་
མུན་ཚོགས་རང་སར་གཞིལ་ནས།  མཆོད་སྦྱིན་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་པོར་
བརྐྱང་པའི་ཁྱུང་ནག་ལྷ་སྡེ་ཡོངས་ནས་ཐེངས་གཉིས་པའི་བསྟན་རྩ་ཕུལ་བ་རྣམས་དོན་མེད་ཆུས་ཟོས་སུ་མ་སོང་བར་དམིགས་ཡུལ་དོན་འཁེལ་དགེ་རྩ་གནད་སྨིན་དུ་ཐེང་པའི་གྲུབ་འབྲས་ལ  ཐེངས་གཉིས་པའི་བསྟན་རྩིས་བརྩིས་བྱང་ལས་གསལ། ཁྲི་ཉིས་བརྒྱ་མ་ཟིན་ཙམ་ཡོད།   བྱུང་བའོ།  རྟེན་དེ་དག་གི་ཆེ་ཆུང་གི་ཚད་ནི་དབུས་རྟེན་ལ་ཀུང་ཁྲི་དྲུག་དང་གཡས་གཡོན་གྱི་རྟེན་ལ་ཀུང་ཁྲི་ལྔ་ལྷག་ཙམ་ཡོད།    རྟེན་དེ་དག་གི་ཟུར་གཡས་གཡོན་གཉིས་སུ་ཁྱུང་ནག་མཁན་
པོ་བོན་དབྱིངས་རང་གྲོལ་དང་མཐའ་ཞུ་བླ་མ་གཡུང་དྲུང་གྲགས་པ་རྣམ་གཉིས་ཀྱི་སྐུ་གདུང་ལ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རེ་རེ་བཞེངས་སུ་གསོལ་ནས་རྟེན་དེ་གཉིས་ནང་བཞུགས་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་གཟུངས་རྫོངས་ཀྱི་ཕྱག་ལེན་ལྟར་གཟུངས་རྒྱས་འབྲིང་བསྡུས་གསུམ་ཚུལ་མཐུན་དུ་བསྒྲིལ་བཞུགས་དང་།  འཛབ་ཆེན་གྱི་རྫས་དེ་བཞིན་གཤེགས་པའི་རིལ་བསྲེལ་སོགས་གོང་བཤད་བཞིན་དམ་རྫས་བརྒྱ་། ལུང་ཟིན་སྐྱེས་ཆེན་དུ་མའི་དབུ་ལྗོན། སྐྱབས་རྗེ་ཡོངས་འཛིན་སྨྲ་དབང་
བསྟན་འཛིན་རྣམ་དག་རིན་པོ་ཆེའི་དབུ་ལྗོན་ཚལ་བུ།མཁན་བོན་དབྱིངས་རང་གྲོལ་གྱི་དབུ་ལོ་དང་གནས་ཆེན་ཀོང་པོ་བོན་རི་ལས་སོགས་གནས་བཟང་དུ་མའི་ས་ཆུ་གཡང་
རྫས་སྣ་ཚོགས།བདེ་བར་གཤེགས་པའི་བཀའ་དང་བཀའ་རྟེན་ཆ་དུ་མ། གདུང་རུས་
རྣམས་རུས་ཆོག་ལུང་ལས་གསུང་པ་ལྟར་ལེགས་པར་བྱས་ལ་ཞིབ་པར་བཏགས་པའི་ཕྱེ་མ་སྨན་དྲི་བཟང་དང་ས་སྦྱིན་གཙང་མ་རྣམས་དང་སྦྱར་ལ་ས་ཚྪའི་པར་བཏབ་ཏེ། ས་
ཚོན་སྣ་ལྔའི་རྩི་གསོལ་ནས་བུམ་པའི་སྨད་དུ་མཁན་པོ་དང་་བླ་མ་རང་རང་གི་གདུང་
རྟེན་ནང་བཞུགས་སུ་གསོལ།  ཤར་རྫའི་གསུང་འབུམ་ཆ་ཚངས།  འབུམ་ཉི་མ་དགུ་
ཤར་ཆ་གཉིས་བཞུགས་སུ་གསོལ་ཡོད།  མཁན་པོ་དམ་པའི་གདུང་རྟེན་གྱི་འགྲོ་གྲོན་
ཡོངས་རྫོགས་ནི་སངས་རྒྱས་བསྟན་ལ་ཤ་ཞེན་ཆེ་ཞིང་སྤྱི་ཕན་ཞབས་ཞུ་སྒྲུབ་ལ་བརྩོན་
འགྲུས་མྱུར་བ་ལྷག་བསམ་གྱི་སེམས་པ་གངས་ལས་དཀར་བའི་མཁན་ཡེ་ཤེས་རབ་
གསལ་གྱིས། རྩ་བླ་མཁན་པོ་དམ་པ་མཆོག་ལ་སྲི་ཞུའི་ཆེད་དུ་སྐུ་གདུང་བཞེངས་དགོས་
པའི་འབོད་སྐུལ་བཏང་ནས་སྔོན་མཁན་པོ་དམ་པ་མཆོག་ལ་བླ་སློབ་གྱི་འབྲེལ་བའི་བླ་
སྤྲུལ་རྣམས་དང་དད་གསུམ་ཐལ་མོ་སྙིང་ཁར་ཟུམ་ནས་མཁན་པོ་དམ་པ་མཆོག་གི་
ཞབས་རྡུལ་སྤྱི་བོར་ལེན་པའི་མཆོད་ཡོན་ལྷ་སྡེ་རྣམས་པས་སྐུ་གདུང་ཞལ་འདེབས་ཕུལ་བ་ལ་བརྟེནནས།་༧འཇའ་ལུས་པ་མཁན་བོན་དབྱིངས་རང་གྲོལ་མཆོག་གི་སྐུ་
གདུང་མཐོང་བ་རང་གྲོལ་ལ་ཞལ་འདེབས་ཕུལ་བའི་བསྟན་སྦྱིན་གྱི་མཚན་ཐོ། ཀོ་དགོན་མཁན་པོ་དགེ་ལེགས་ཚུལ་ཁྲིམས་མཆོག་ནས་སྒོར།༢༠༠༠༠མཁའ་
ཡན་མཚམས་པ་ལས་གྲུབ་མཆོག་ནས་སྒོར།༢༠༠༠མཚམས་པ་བརྩོན་འགྲུས་
ཕུན་ཚོགས་མཆོག་ནས་སྒོར།༥༠༠ དེ་བཞིན་《ཁྱུང་ནག་དགོན་ཞབས་》བླ་མ་དྲི་མེད་རྣམ་དག་ནས་སྒོར།༡༠༠༠༠མཚམས་པ་ཤེས་རབ་ཚུལ་ཁྲིམས་ནས་སྒོར་༣༠༠༠མཚམས་པ་ཚུལ་ཁྲིམས་འོད་ཟེར་ནས་སྒོར།༡༥༠༠མཚམས་པ་བྱང་ཆུབ་རྒྱལ་མཚན་ནས་སྒོར།༡༠༠༠མཁན་ཚུལ་ཁྲིམས་ཉི་མ་ནས་སྒོར་༢༠༠༠ གྲྭ་བརྩོན་འགྲུས་ཡེ་ཤེས་ནས་སྒོར། ༡༠༠༠  གྲྭ་བསྟན་འཛིན་ཚུལ་ཁྲིམས་ནས་
སྒོར་༡༠༠༠གྲྭ་སྐལ་བཟང་དོན་འགྲུབ་ནས་སྒོར།༡༠༠༠གྲྭ་སྐར་མ་རྒྱལ་མཚན་ནས་སྒོར་༡༠༠༠རི་ཐ་ཁམས་བུ་ཚང་བཙུན་མ་བསྟན་འཛིན་ལྷ་མོ་ནས་སྒོར།
༡༠༠ནོར་མ་ཉི་མ་ནས་སྒོར།༢༠༠༠༠ སྔོ་ས་རིན་ཆེན་དབང་གྲགས་ནས་སྒོར་ ༣༠༠༠ མགར་བུ་རིན་ཆེན་དབང་རྒྱལ་ནས་སྒོར་ ༥༠༠༠ བུ་མོ་ཚེ་ལྷ་ནས་
སྒོར་༡༠༠༠བུ་དས་སྡིས་ནས་སྒོར་ ༡༠༠༠ མགོ་རྟ་བཀྲ་ཤིས་ནོར་བུ་ནས་སྒོར་ ༡༡༠༠བསོད་ནམས་འཛོམས་སྐྱིད་ནས་སྒོར་༥༠༠༠ བུ་ལྷ་གནམ་ཚེ་རིང་ནས་
སྒོར་ ༡༠༠༠ ངག་ཆོས་ནས་སྒོར༡༠༠༠ མཁར་ཉི་མ་དབང་འདུས་ནས་སྒོར ་༣༠༠དབང་ཆེན་རྣམ་རྒྱལ་ནས་སྒོར་༡༠༠ལྷ་མཐོང་ཙུའུ་དང་པོ། སྔོ་ས་ཡ་ལོ་
ནས་སྒོར་ ༥༠༠༠མཁར་ཚེ་རིང་དཔལ་སྒྲོན་ནས་སྒོར་༣༠༠ འདན་ཁུག་ཡུས་
ཁ་ཚང་ནས་སྒོར་ ༥༠༠༠  ཞང་འབྲུག་གྲགས་ནས་སྒོར་ ༢༠༠ བསམ་
འགྲུབ་ཚང་བོ་ལྷ་ནས་སྒོར་༡༥༠   ཙུའུ་གཉིས་པ་། ལྷ་བཙན་ཤེས་རབ་ནས་
སྒོར་༡༠༠༠ མགར་བ་བསོད་ནམས་དབང་གྲགས་ནས་སྒོར་༥༠༠༠ ཙུའུ་
བཞི་པ། ཡར་གྲོང་ཚང་བུ་མོ་མེ་ཏོག་ནས་སྒོར་ ༡༠༠༠ ཙུའུ་ལྔ་པ། ལྷ་
རག་འབོ་དགེ་ཚང་ནས་སྒོར་༣༠༠༠ སྒང་སྨད་འབོ་དགེ་མ་ལོ་ཚང་ནས་སྒོར་ ༡༠༠༠ རྨ་ཙམ་ཚང་བཀྲ་ཤིས་མཚོ་མོ་ནས་སྒོར་ ༢༠༠  གཡུ་གཞོང་ཚང་
ནས་སྒོར་ ༢༠༠༠ བྱང་པ། ཨ་རོལ་ཚང་ནས་སྒོར་ ༡༠༠༠ཨ་ནེ་ལྷ་སྒྲོན་ནས་
སྒོར་ ༡༠༠  འབོ་ཐ། མཁན་འོད་ཟེར་རྒྱལ་མཚན་ནས་སྒོར་ ༢༠༠བོང་ལུ་
བ་ཡོ་ཚང་ནས་སྒོར་༢༠༠ཆབ་མདོ་ནས  ་སྦ་ཆུང་རིན་ཆེན་གྲགས་པ་ནས་སྒོར་
༡༠༠  འབོ་དགེ་བསོད་ནམས་དབང་གྲགས་ནས་སྒོར་༥༠༠༠ བསྟན་འཛིན་
ལྷ་མོ་ནས་སྒོར་ ༥༠༠༠ འཛམས་པ་ཚེ་དབང་དཔལ་སྒྲོན་ནས་སྒོར་ ༡༠༠༠ སྒང་སྨད་དགའ་འབུམ་ནས་སྒོར་༡༠༠༠བ་ས་བསོད་ནམས་དཔལ་ལྡན་ནས་
སྒོར་ ༡༠༠༠ ཚེ་དཔག་ ལྷ་མོ་ནས་སྒོར་ ༡༠༠༠  ནག་རུ་ལྷག་པ་
ནས་སྒོར་  ༡༠༠༠  སྐྱིད་འཛོམས་ནས་སྒོར་  ༡༠༠༠  སྐལ་བཟང་གཡུ་
སྒྲོན་ནས་སྒོར་ ༥༠༠  ཤ་ཁྲུག་ནས་སྒོར་ ༥༠༠ བྱང་པ་ཤ་ཁྲུག་ནས་སྒོར་ ༥༠༠ ན་ཚ་བསོད་ནམས་གྲགས་པ་ནས་སྒོར་ ༢༠༠  དགེ་རྒན་དབང་མོ་
ནས་སྒོར་༡༥༠  ཨ་ཐོ་ནས་སྒོར་ ༡༠༠ དགའ་ཚེ་ནས་སྒོར་ ༡༠༠ ཐོག་
མེད་ནས་སྒོར་༡༠༠ཕུན་ཚོགས་བཀྲ་ཤིས་ནས་སྒོར་༡༠༠ དོན་འགྲུབ་སྒྲོན་
མ་ནས་སྒོར་༡༠༠ ཚེ་རིང་སྒྲོན་མ་ནས་སྒོར་  ༡༠༠  འཁྲབ་སྟོན་རུ་ཁག་ཚེ་
དགའ་ནས་སྒོར་༡༠༠ སེར་ཚ་ཤེས་རབ་ཕུན་ཚོགས་ནས་སྒོར་༡༠༠  སེར་ཚ་
དགའ་སྐྱིད་ནས་སྒོར་ ༡༠༠  བུན་སྐྱོབས་ ནས་སྒོར་ ༡༠༠ མཛོད་ལྡན་
ནས་༣༠  གཡུང་རྒྱ་ནས་ ༧༠ དགའ་དཔལ་ནས་ ༢༥  བསོད་ནམས་ཚེ་
འཛོམས་ནས་ ༤༠ རྒྱལ་མཚོ་ནས་ ༥༠ དཔལ་མཛེས་ནས་ ༡༠༠ སྟེང་ཆེན་ཁ་ཡེ་ཤེས་སྒྲོན་དཀར་ནས་༥༠ བསོད་ནམས་སྒྲོན་མ་ནས་༥༠ཚེས་
གསུམ་ནོར་བུ་ནས་༢༠  འཇམ་དབྱངས་ཤེས་རབ་ནས་ ༡༠ ཚེ་སྟོབས་ནས་ ༢༠བུ་ཚེ་ནས་ ༢༠ འབོ་ཐ་པད་གྲགས་ནས་སྒོར་ ༡༠༠  སེར་ཚ་མཚོ་རྒྱལ་
ནས་ ༥༠ ཆབ་མདོ་བོན་པོའི་སྤྱི་རིམ་ གཞུང་ནས་སྒོར་ ༥༠༠ ཕ་ཡུལ་ལྷོ་པ་
ཞིག་གི་༥༠དེ་མིན་སེར་ཚ་རི་ཕ་ཉིན་སྲིབ་སོག་པ་གང་གསུམ་གནམ་མདངས་
བཅས་ནས་ཁྱོན་ཞལ་འདེབས་སྒོར་༡༦༢༩༠བྱུང་།  སྐུ་གདུང་ལ་གསེར་རྩི་
གསོལ་སྐབས་ཀོ་དགོན་མཁན་པོ་དགེ་ལེགས་ཚུལ་ཁྲིམས་མཆོག་ནས་སྒོར་ ༢༠༠༠༠ རུ་ཡ་བློ་གྲོས་ནས་སྒོར་ ༥༠༠ ཨ་རོལ་ཚུལ་ཁྲིམས་ནས་སྒོར་ ༡༠༠༠བཙུན་མ་ཞིག་མཚན་མ་ཤེས་༣༠༠བཀའ་དྲིན་ཟླ་མེད་ཀྱི་རྒྱབ་སྐྱོར་
གནང་བ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ཞུ། གྲུབ་པའོ། མཐའ་ཞུ་བླ་མ་དམ་པ་
མཆོག་གི་གདུང་རྟེན་གྱི་འགྲོ་གྲོན་ཡོངས་རྫོགས་ནི་བསྟན་ལ་ལྷག་བསམ་ཤིན་ཏུ་དཀར་བའི་མཐའ་ཞུ་བླ་མ་དཔལ་མཆོག་ནས་ 《ཀྲུང་སྒོར་ཁྲི་དགུ》གཏོང་བའོ། གཙུག་ལག་ཁང་གི་སྦུག་ནས་སྐུ་རྟེན་སྐུ་གཟུགས་ལ། དབྱིངས་ཀྱི་ཡུམ་ཆེན་མོ་ཤེས་རབ་
བྱམས་མ། སྟོན་པ་ལོངས་སྤྱོད་རྫོགས་སྐུ། གཤེན་རབ་རྣམ་པར་རྒྱལ་བ་བཅས་དང་།  གསུང་རྟེན་ལ་བདེ་བར་གཤེགས་པའི་བཀའ་དང་བཀའ་རྟེན་ཆ་དུ་མ་བཅས།《ཙུའུ་
ལྔ་པ་ནས་བཀའ་འགྱུར་སྤུས་ལེགས་ཆ་གཅིག་ལ་སྒོར་ ༡༠༠༠༠ རྟེན་བཞག་བྱས་ལ། ཙུའུ་དང་པོའི་ནས  བཀའ་འགྱུར་དང་བསྟན་འགྱུར་སྤུས་ལེགས་ཆ་གཅིག་ལ་སྒོར་ ༡༢༥༠༠ རྟེན་བཞག་བྱས་ཡོད། ཙུའུ་གསུམ་པ་
ནས་བཀའ་རྟེན་ཆ་གཅིག་རྟེན་བཞག་བྱས་ཡོད               ཐུགས་ཀྱི་རྟེན་ལ་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཆེན་པོ་གཉིས་བཅས་སྐུ་
གསུང་ཐུགས་ཀྱི་རྟེན་གསུམ་མཛེས་བརྗིད་རྒྱན་དང་ལྡན་པར་བཞུགས་སུ་གསོལ་ལོ།   རྟེན་གསུམ་དེ་དག་གི་མདུན་ལ་མཆོད་པའི་གཙོ་བོ་མཎྜལ་འབུལ་བ། འབུལ་རྒྱུའི་
མཎྜལ་ཚ་གསེར་ཅན་སྤུས་ལེགས་ཆ་གཅིག་ལ་སྒོར་ ༦༠༠༠༠ དང་། ཡ་རེ་རེའི་
སྦྱིན་བདག་གཞི་སོང་གྲྭ་སྨོན་ལམ་ཕུན་ཚོགས་དང་ཟན་ཡ་ལོ་གྲྭ་སྦྱིན་པ་ཉི་མ་རྣམ་
གཉིས་དང་། མཎྜལ་བླུག་གསེར་ཅན་སྤུས་ལེགས་ཆ་གཅིག་ལ་སྒོར་ ༤༠༠༠༠ དང་།    ཡ་རེ་རེའི་སྦྱིན་བདག་མཚམས་པ་ཚུལ་ཁྲིམས་འོད་ཟེར་དང་མཚམས་པ་བྱུང་ཆུབ་རྒྱལ་མཚན་རྣམ་གཉིས་དང་།   དེ་བཞིན་ཨ་ར་ནས་མཎྜལ་བླུག་གསེར་ཅན་སྤུས་ལེགས་
གཅིག་ལ་སྒོར་༡༠༠༠༠  ཁྲི་ལྷག་ཙམ་གནང་བས་ཁོང་རྣམས་པའི་ལྷག་བསམ་དག་
པའི་སྦྱིན་བདག་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ༧ གཙུག་ལག་ཁང་གི་
སྒོ་ལོག་གཡས་གཡོན་དུ་བསྟན་སྐྱོང་གཙོ་མོ་མ་མཆོག་སྲིད་གསུམ་དབང་བསྒྱུར་རྒྱལ་མོ་དང་།   ཆེ་མཆོག་དབལ་གསས་རྔམ་པའི་སྤྲུལ་པར་གསུང་པའི་གཡང་བདག་ནེ་གེ་
འབྱམ་པ། སྒོ་འཁྱམས་སུ་ཕྱོགས་བཞིར་སྲུང་བའི་རྒྱལ་པོ་ཆེན་པོ་བཞི་དང་། སྣང་སྲིད་
སྣོད་བཅུད་ཀྱི་བཀོད་པ་དང་།    བསྟོད་ཚིགས་སྒྲ་འཁོར་བཅས་ཉེ་བར་སྟ་གོན་ལ་
འབད་བཞིན་མཆིས།  གཙུག་ལག་ཁང་གི་མདུན་ཕྱོགས་སུ་གཡུང་དྲུང་བཀོད་ལེགས་
ཀྱི་མཆོད་རྟེན་ཆེན་པོ་བཞི་མཛེས་བརྗིད་རྒྱན་དང་ལྡན་པ་བཞེངས་སུ་གསོལ་ནས། དེའི་ནང་འཛབ་ཆེན་གྱི་རྫས་དང་གཟུངས་གཞུགས་རྣམས་གོང་ཞུས་བཞིན་ཚུལ་མཐུན་དུ་བསྒྲིལ་བཞུགས་བྱས་ཡོད་《  རྟེན་འདིའི་འགྲོ་གྲོན་མཆོད་རྟེན་རེ་ལ་སྒོར་ ཁྲི་གཉིས་དང་། མཆོད་རྟེན་རེ་རེའི་སྦྱིན་བདག་ལ། མཐོ་པོ་ཚང་དཔའ་བཟང།  རྒྱལ་བ་། གཡུ་གཞོང་ཚང་། འཆི་མེད་ རིན་འཛིན་བཅས་ཀྱི་ལྷག་བསམ་དག་པའི་སྦྱིན་བདག་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ》 བཞི་པ་རྟེན་གསུམ་བཞེངས་པའི་ཕན་ཡོན་དང་བཀུར་བསྟིའི་བསོད་ནམས་གཉིས།   དང་པོ་ནི།  སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ལས།  ཕོ་བྲང་གཞལ་ཡས་
བདེར་གཤེགས་སྐུ་ཡི་རྒྱུད།    འཛབ་བསྙེན་ཚ་ཚ་བདེར་གཤེགས་གསུང་གི་རྒྱུད་།  
རྣམ་དག་མཆོད་རྟེན་བདེར་གཤེགས་ཐུགས་ཀྱི་རྒྱུད།   དེ་ལྟར་རྒྱུད་གསུམ་བདེར་
གཤེགས་དཀྱིལ་འཁོར་ལས། སྤྱོད་འཇུག་རྟོགས་དང་ཤེས་རབ་རྣམ་སྦྱང་ཞིང་།  བརྩོན་པ་ཕུལ་ཕྱིན་དཀའ་བ་མཐར་བསྐྱལ་ནས།    བདེར་གཤེགས་སྐུ་གདུང་རིལ་
བསྲེལ་བཞེངས་བྱེད་པ། བསྐལ་པ་བསགས་པའི་བག་ཆགས་སྒྲིབ་པ་འདག། མཚམས་མེད་ལས་གྱུར་སྡིག་དང་སྒྲིབ་པ་སྦྱང་། བསོད་ནམས་ཡེ་ཤེས་ཚོགས་ཆེན་མྱུར་
དུ་རྫོགས་།  འབྲས་བུ་སྐུ་གསུམ་སངས་རྒྱས་འཐོབ་པར་འགྱུར།  གང་ཞིག་སེམས་
ཅན་ལས་ཀྱིས་མནར་བ་ཡི། མ་རིག་ཉོན་མོངས་གཏི་མུག་དབང་གྱུར་ནས། མཚམས་
མེད་ལྔ་ཡི་ལས་ལ་འབག་གྱུར་པ། ནམ་ཡང་ཐར་མེད་དམྱལ་བའི་གནས་སུ་ལྟུང་། དེ་
ལ་བྱང་ཞིང་དག་པར་ཚངས་ནས་སུ།  བླ་མེད་ཐར་པའི་གོ་འཕང་འཐོབ་འདོད་ན། འགྱོད་སེམས་དྲག་པོའི་དཔུང་དང་བཅས་ནས་སུ།  བདེ་བར་གཤེགས་པའི་སྐུ་གདུང་
མ་བཞེངས་ན།   གཞན་དག་དགེ་བ་ཕལ་གྱིས་བྱང་མི་འགྱུར།   དེ་ཕྱིར་བདེར་
གཤེགས་སྐུ་གདུང་བཞེངས་པ་གཅེས།    བདེར་གཤེགས་སྐུ་གདུང་བཞེངས་བརྩོན་
བསྒྲུབས་གྱུར་ན། མཚམས་མེད་ལྔ་ཡི་སྡིག་སྒྲིབ་བྱང་གྱུར་ཏེ། གཞན་དག་ཕྲན་ཚེགས་
དག་ལ་སྨོས་ཅི་དགོས། གང་ཞིག་ལོག་པར་ལྟ་བ་བཤགས་མེད་ཀྱང་། རིན་ཆེན་གསེར་
ལས་གྲུབ་པའི་མཆོད་པའི་རྟེན།  བཀྲ་ཤིས་དབུ་མང་འགའ་རེ་བཞེངས་ནས་སུ།  དེ་
ལ་ཕྱག་སྐོར་མོས་འདུན་རྒྱུན་བརྩོན་ན། ལོག་པར་ལྟ་བའི་སྡིག་པ་བཤགས་གྱུར་ན།  བསྐལ་པ་སྦྱང་ནས་ཡང་དག་དོན་དང་འཕྲད།  དེ་ནས་མི་ལྡོག་ཐར་པའི་ལམ་ལ་
ཞུགས།  དེ་ཕྱིར་བདེར་གཤེགས་སྐུ་གདུང་ཡོན་ཏན་ནི།  བསམ་གྱིས་མི་ཁྱབ་བརྗོད་
པར་ག་ལ་ནུས་། སྟོན་པ་སངས་རྒྱས་བདེ་བར་གཤེགས་པ་རྣམས།  ཕྲ་རབ་རྡུལ་དང་
གྲངས་འཛིན་རྡུལ་ཕྲན་མཁྱེན།  གང་གྷའི་ཀླུང་གི་བྱེ་མ་སྙེད་རྩིས་མངོན།  སྐུ་གདུང་
ཡོན་ཏན་གྲངས་ཀྱིས་བརྗོད་མི་ལོངས།  དེ་བཞིན་སྟོབས་དང་ཡོན་ཏན་མཐའ་ཡས་
པས།  ཕྱི་རབས་རྗེས་འབྲང་གང་ཟག་རིགས་ཀྱི་བུ། སྒྲིབ་གཉིས་བྱང་ཞིང་ཚོགས་
གཉིས་རྫོགས་འདོད་ན།   བདེར་གཤེགས་སྐུ་གདུང་གཞལ་ཡས་བཞེངས་སོ་འཚལ་
ཞེས་དང་།ཡང་དེ་ཉིད་ལས།ད་ཡང་དགེ་བའི་རྩ་བ་ལ། དྭངས་བའི་སེམས་ཀྱིས་འདུན་
བསྐྱེད་ཅིང་།  དད་པའི་སེམས་ཀྱིས་ཐང་བཅད་དེ།   བདེ་བར་གཤེགས་པའི་སྐུ་
གདུང་ལ་།  ས་སྤར་གང་གི་འཕང་བསྟོད་ཅིང་།  ཆུ་སྐྱོགས་གང་གི་ཆག་གདབ་ནས། 
ས་སྤར་གང་གི་རྡུལ་གྲངས་དང་།  ཆུ་སྐྱོགས་གང་གི་ཐིགས་གྲངས་ཀྱིས་།  དགའ་
བདེ་བསོད་ནམས་འཕེལ་བར་འགྱུར།  ཞེས་གསུང་པས།  གསས་ཁང་བཞེངས་པ་
ལ་ས་ཆུ་དང་གཞན་ཡོ་བྱད་མཁོ་འདོན་བྱེད་པ་ལུས་ངག་ཡིད་ཀྱིས་འབད་རྩོལ་གང་བགྱིས་པའི་བསོད་ནམས་ནི། དཔེར་ན་ས་སྤར་བ་གང་ཕུལ་བའི་རྡུལ་གྱི་གྲངས་དང་། ཆུ་
སྐྱོགས་གང་ཕུལ་བའི་ཐིགས་པའི་གྲངས་བཞིན་བསོད་ནམས་དགེ་བ་འབྱུང་ཞིང་། དགེ་བ་དེ་ཡང་སྒྲིབ་པ་སྦྱང་བ་དང་ཚོགས་རྫོགས་པའི་རྐྱེན་དུ་འགྱུར་བ་ཡིན་པའི་ཕྱིར། འདི་ལྟར་བསོད་ནམས་རྒྱ་ཆེན་པོ་གསོག་པའི་དུས་སུ་ཡང་སྔོན་ནས་ཚོགས་བཟང་པོ་
བསགས་པའི་བག་ཆགས་ཡོད་པ་རྣམས་བག་ཆགས་དང་ས་བོན་དེས་རྐྱེན་བསྐུལ་ཏེ་
ལས་འདི་རྣམས་ལ་ནམ་མཁའི་སྤྲིན་སྤུངས་བཞིན་འདུ་ནས་སྡོང་དང་གྲོགས་བྱེད་པ་ལ་རིང་ཤིང་འཁོར་ལ།  དེ་ལྟར་བསོད་ནམས་མི་ལྡན་པའི་རིགས་རྣམས་ཀྱིས་དགེ་བའི་
རང་བཞིན་ལ་བར་ཆོད་བརྩམས་པ་དང་།    རྒྱང་དུ་བྱོལ་བར་འགྱུར་བ་ཡིན་པས་
བཀུག་ཀྱང་མི་འཁོར་རོ།  འཕྲིན་ལས་བཅོ་བརྒྱད་སྟོན་པའི་མདོ་ལས། འཇིག་རྟེན་
ཁམས་ཀྱི་སེམས་ཅན་ལ།  བག་ཆགས་བཟང་པོ་ཡོད་པ་རྣམས།  དགེ་བའི་སྡོང་དང་
སྤྲིན་བཞིན་འདུས་།   ཞེས་གསུང་པའི་ཕྱིར།    དེ་ལྟར་རྟེན་ཕྱི་ནང་གི་བྱ་བ་གྲུབ་
པ་དང་།  མངའ་དབུལ་རབ་གནས་ཀྱང་ཤིན་ཏུ་གལ་ཆེ་སྟེ།  དུས་འཁོར་ཆོ་ག་ལས། ཕྱི་རབས་གང་ཟག་བསྟན་པའི་རྗེས་འཛིན་ནས།  བདེར་གཤེགས་སྐུ་གདུང་གཞལ་
ཡས་བཞེངས་པ་ནི། འདི་ལ་ཆ་གསུམ་མཉམ་པོར་དགོས་པ་སྟེ། ཆ་གཅིག་ཕྱི་ཡི་ཕུབ་
དང་གཞལ་ཡས་དགོས།  ཆ་གཅིག་ནང་གི་སྐུ་གཟུགས་མཆོད་པའི་རྟེན་།  ཆ་
གཅིག་རབ་ཏུ་གནས་པའི་རིམ་པའོ།   དེ་གསུམ་ཟུང་འབྲེལ་སྒྲིབ་བྱང་ཚོགས་
གཉིས་རྫོགས།  ཞེས་གསུང་པའི་ཕྱིར།  གཉིས་པ་བཀུར་བསྟི་དགོས་པ་དང་དེ་ལ་
བསོད་ནམས་ཡོད་པ་ནི། མཆོད་རྟེན་གྱི་གཞུང་ཆེན་ལས། འདུ་བྱས་གཞལ་ཡས་སྒྱུ་
མའི་རང་བཞིན་ཅན། རྗས་རྣམས་གཙང་ཞིང་མཛེས་པར་མ་བགྱིས་ན།  བདག་དང་
མཐའ་ཡས་སེམས་ཅན་ལ། ཉོན་མོངས་སྒྲིབ་པ་རི་ཡི་དྲི་མ་འདྲ་།  རི་གྲིབ་བསལ་
ཕྱིར་མཛེས་ཆགས་འདི་འདེབས་ཀྱི། ཞེས་དང་།  སྐུ་གདུང་བསྟན་པ་རྗེས་བཞག་
གི་མདོ་ལས།  གང་ཞིག་མཆོད་རྟེན་སྐུ་ལ་མར་མེ་འབུལ་བ་ནི་།  ཡེ་ཤེས་གསལ་བའི་
སྒྲོན་མེ་འདེགས་པར་འགྱུར།གང་ཞིག་མཆོད་རྟེན་སྐུ་ལ་ཡོན་ཆབ་འབུལ་བ་ནི།  བག་
ཆགས་མེད་པའི་གནས་གཙང་ཐོབ་པར་འགྱུར། གང་ཞིག་མཆོད་རྟེན་སྐུ་ལ་ལྷ་སངས་
འབུལ་བ་ནི།  བཀྲེས་སྐོམ་མེད་ཅིང་བདེ་ལེགས་ཐོབ་པར་འགྱུར།  གང་ཞིག་མཆོད་
རྟེན་སྐུ་ལ་མེ་ཏོག་འབུལ་བ་ནི།   སྒྲིབ་པ་བྱང་ཞིང་ཡོན་ཏན་ཐོབ་པར་འགྱུར། གང་
ཞིག་མཆོད་རྟེན་སྐུ་ལ་སྤོས་ལྔ་འབུལ་བ་ནི།  དྲི་ཞིམ་ངད་ལྡན་ཡིད་འོང་ཐོབ་པར་
འགྱུར། ཞེས་དང་། དེ་ཉིད་ལས།   གང་ཞིག་མཆོད་རྟེན་སྐུ་ལ་ཕྱག་སྐོར་འབུལ་
བ་ནི།  རྩ་གསུམ་གནས་སུ་བོན་འཁོར་སྐོར་བ་འགྱུར།  གང་ཞིག་མཆོད་རྟེན་སྐུ་ལ་
མཆོད་བརྗོད་འབུལ་བ་ནི། འཁོར་བ་མེད་ཅིང་མྱ་ངན་འདའ་བར་འགྱུར། ཞེས་དང་། མ་རྒྱུད་ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས།   འབྲོང་རྒོད་རྔ་མ་ཁད་མ་ཉམས་པས་
ཐུགས་ཀྱི་རྟེན་གྱི་རྡུལ་བྱབ། སེམས་ཀྱི་སྒྲིབ་པ་དག་པར་འགྱུར།  དྲེད་རྒོད་ཀྱི་ལྟག་
ཚོམ་སྤར་ཁབ་གྲ་མ་ཉམས་པས་སྐུ་ཡི་རྟེན་དུ་རྡུལ་བྱབ།  ལུས་ཀྱི་སྒྲིབ་པ་དག་པར་
འགྱུར། བྱ་རྒོད་ཕོད་དཀར་རྩི་མ་ཉམས་པས་གསུང་གི་རྟེན་ལ་རྡུལ་བྱབ། ངག་གི་
སྒྲིབ་པ་དག་པར་འགྱུར། རིན་ཆེན་རྩི་ཤིང་ཕྱག་ཤིང་གིས།  རྟེན་གསུམ་དག་པའི་
གདན་ཕྱག།  དར་དཀར་རྡུལ་བྱབ་ཀྱིས་། རྟེན་གསུམ་ཁྱད་པར་ཕྱག།  ཕྱག་
བདར་གུས་པའི་བསོད་ནམས་ཀྱིས་།  ཕྱི་ནང་སྒྲིབ་པ་དག་ཅིང་བར་ཆད་སེལ། སྒྲིབ་
གཉིས་བྱང་ཞིང་ཚོགས་གཉིས་ཆུབ།  མཚམས་མེད་ལྔ་ཡི་སྒྲིབ་དག་ཅིང་།  བྱང་ཆུབ་
བློ་དང་ལྡན་པར་འགྱུར། ཞེས་གསུང་པའི་ཕྱིར།  དེ་ལྟར་བུའི་སྒོ་གསུམ་ཟོལ་མེད་ཀྱི་
ཀུན་སློང་བཟང་པོས་རྣམ་དཀར་དགེ་ཚོགས་ལ་འཇུག་ན་འབྲས་བུ་གཡུལ་དུ་སྨིན་པའི་ཡོན་ཏན་གྱི་ལོ་འབྲས་རབ་ཏུ་རྒྱས་པ་གདོན་མི་ཟའོ། སླར་སྨྲས་པ།
           སྤང་རྟོགས་ཡོན་ཏན་ཕུལ་ཕྱིན་སྟོན་མཆོག་རྒྱལ༵། 
           རྒྱལ༵་བའི་ཞལ་གསུང་ལུང་རྟོགས་གཡུང་དྲུང་བོ༵ན།  
           བོ༵ན་བསྟན་འཛིན་སྐྱོང་སྤེལ་བའི་གཤེན་རབས་མཆོ༵ག། 
           མཆོ༵ག་གསུམ་དམ་པས་སྐྱེ་རྒུ་རྟག་སྲུངས་ཤིག།  

           ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས།  
རྒྱལ་བསྟན་རིན་ཆེན་ཡིད་བཞིན་ནོར་བུ་ཉིད།    
ཡུན་གནས་འཆད་རྩོད་རྩོམ་པའི་བྱི་དོར་དང་། 
བསོད་ནམས་ཚོགས་བསགས་དེས་སླད་འདུས་སྡེ་བསྐྲུན།

སྐུ་གདུང་སྐུ་གཟུགས་བཞེངས་པའི་ཡོན་ཏན་གྱིས། 
འཁོར་བའི་སྡུག་བསྔལ་མཚོ་བྱིང་མཐའ་ཡས་མ། 
ཐར་པ་བདེ་བའི་ལམ་ལ་དབུགས་དབྱུང་ནས།  
ས་ལམ་རིམ་བགྲོད་རྫོགས་སངས་རྒྱས་གྱུར་ཅིག།

དཔོན་གསས་བླ་མའི་བཀའ་ལུང་མི་ལྡོག་ཙམ། 
རང་དགོན་གཙུག་ལག་ཁང་གི་དཀར་ཆག་འདི།
བྲིས་པའི་ནོར་འཁྲུལ་གང་ཡོད་གནས་བཞིར་མཐོལ། 
བསོད་ནམས་ཆ་མཆིས་རྫོགས་བྱང་རྒྱུར་འགྱུར་ཅིག།  
ཅེས་དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་གསས་ཁང་བ་རབ་ཡོངས་འདུལ་གྱི་དཀར་ཆག་འདི་ནི་ཁྱུང་ནག་གྲྭ་བཙུན་སྔོ་ས་བཟོད་པ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེའོ 
ཟུར་དུ་ཞུ་རྒྱུ་ནི། ཁྱུང་ནག་སྒྲུབ་གྲྭ་འདུས་སྤྱི་ནས་བཞེངས་པའི་༧རྗེ་མཉམ་མེད་ཆེན་པོའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་ཆེ་ཆུང་ཚད་ནི་ཀུང་ཁྲི་གསུམ་ཙམ་ལ་སྒོར་ཁྲི་བཅུ་ལྷག་ཙམ་དང་། ཁྱུང་ནག་སྒྲུབ་ནས་བཞེངས་པའི་དབལ་གསས་རྔམ་པའི་སྐུ་བརྙན་གྱི་འགྲོ་གྲོན་ལ་སྒོར་ཁྲི་༣༦༠༠༠༠དང་། ཁྱུང་ནག་སྒྲུབ་གྲྭ་བ་ནམ་མཁའ་ཡེ་ཤེས་མཆོག་ནས་བཞེངས་
པའི་གསང་བདག་གྲུབ་པའི་དབང་པོ་ཀུན་མཁྱེན་ཤར་རྫ་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་ཆེ་ཆུང་གི་ཚད་ནི་ཀུང་ཁྲི་གསུམ་ཙམ་ལ་སྒོར་ཁྲི་བཅུ་ལྷག་ཙམ་། དེ་མིན་
ཨ་ར་ནས་ཀུན་བཟང་རྒྱལ་འདུས་ཀྱི་སྐུ་དང་། ལྷག་རག་འབོ་དགེ་ཚང་ནས་ལི་ཤུ་
སྟག་རིང་། སྔོ་མ་ལོ་ཚང་ནས་བླ་ཆེན་དྲན་པའི་སྐུ་དང་། འཇའ་ལུས་འཕོ་ཆེན་
ཉེར་དྲུག་སོགས་བཞེངས་མཁན་སྦྱིན་བདག་གི་མཚན་ཐོ་རྣམས་རིམ་བཞིན་འགོད་ཆར་ཡོད་པས་དེ་ལུགས་ཀྱི་ཡིད་འཇག་འཚལ་།བསྟན་འགྲོ་སྤྱི་ལ་ཕན་པའི་མཐུན་སྦྱོར་གྱི་
ཞལ་འདེབས་ཕུལ་བའི་དགེ་རྩ་དང་།སྐྱབས་གནས་ཡུལ་མཆོག་གནས་བཞིའི་ཐུགས་
རྗེའི་བདེན་སྟོབས་ཀྱིས་བསྟན་སྦྱིན་རྣམས་པའི་ཚེ་འདི་ཕྱི་གཉིས་ཀར་བདེ་སྐྱིད་ཕུན་
གསུམ་འཚོགས་པར་ལོངས་སྤྱོད་པར་ཤོག་ཅིག་གུ། ཅེས་པ་འདི་ཁྱུང་ནག་བཟོད་པ་
ཚུལ་ཁྲིམས་ཀྱིས་བྲིས་པའོ།  བཀྲ་ཤིས་ཤོག།  མངྒ་ལམ་།  


 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.