སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ནག་དགོན།
[ 2019/2/20 15:01:00 | By: tibet99 ]
 


ཁྱུངནག་བསམ་གཏན་གླིང་དགོན།
བཟོད་པ་ཚུལ་ཁྲིམས།
༄༅་།ཚོགས་གཉིས་གཏེར་ལས་སྐུ་གཉིས་མཚན་བཞད་དོན་གཉིས་ཕུལ་ཕྱིན་ཐོད་དཀར་སྲས།     དྲུག་ཅུའི་དབྱངས་ཀྱིས་བརྒྱད་ཁྲིའི་བོན་བསྙད་ཉོན་མོངས་འཇོམས་བྱེད་གཡུང་དྲུང་བོན།                                                                       རིག་གྲོལ་གཉིས་ལྡན་ཡོན་ཏན་གྱིས་བསྡུས་ས་ལམ་བརྒྱུད་ལྡན་སེམས་དཔའི་ཚོགས།                      རིན་ཆེན་རྣམ་གསུམ་སྤྱི་གཙུག་རྒྱན་བཞུགས་འགྲོ་རྣམས་སྲིད་མཚོར་སྒྲོལ་དུ་གསོལ། །

ཤེས༵་བྱའི་གནས་ཀུན་མ་ལུས་གསལ་བའི་རྣམ་ཀུན་མཁྱེན་བརྩེའི་ཡོན་ཏན་རྫོགས། 
རབ༵་འབྱམས་ལུང་རྟོགས་བོན་གྱི་འཁོར་ལོ་ཁམས་གསུམ་གདུལ་བྱའི་ཞིང་ལ་བསྐོར། 
རྒྱལ༵་བའི་ཡོན་ཏན་སྤངས་རྟོགས་ཆ་འདྲ་སྐལ་ལྡན་རྒྱུད་ལ་འཕོ་མཛད་པ།    
མཚན༵་ལྡན་བླ་མ་སྨྲ་བའི་སེང་གེས་ཤེས་རབ་རིག་པའི་དངོས་འགྲུབ་སྩོལ། །      

རྣམ༵་དཀར་ཟད་མེད་ཡོན་ཏན་ལྷུན་རྫོགས་ཐུགས་ཉིད་ཟླ་བའི་མ་མ་ལས།           
རྣམ༵་མང་འགྲོ་རྣམས་བྱམས་བརྩེས་འཆིང་པའི་ལྷག་བསམ་དུང་ཟླ་མཁའ་ལ་བཞད།       
རྣམ༵་འདྲེན་བླ་མ་མི་ཡི་ཚུལ་བཟུང་ལུང་རྟོགས་བོན་གྱི་འཁོར་ལོ་བསྐོར།                
རྣམ༵་མཁྱེན་བོན་སྐུའི་རྒྱལ་ས་ཟིན་ཡང་སྲིད་འདིར་འགྲོ་འདྲེན་ཤ༵ར་རྫ༵་པ། །                  

   ཕྱི༵་ལྟར་རྣམ་དག་འདུལ་བསྟན༵་ལམ་གྱི་གཙང་ཁྲིམས་ཉིས་བརྒྱའི་དྲི་ཞིམ་འཐུལ།  
   ནང༵་ལྟར་ཏིང་འཛིན༵་རྣམ༵་གསུམ་འཕྲུལ་གྱིས་རྒྱུ་ལུས་འོད་སྐུ་མངོན་དུ་བཞེངས།   
   གས༵ང་བ་ཀ་དག༵་རྫོགས་པ་ཆེན་པོའི་སྣང་བཞིའི་གོམས་ཚད་མཐར་ཕྱིན་པ།    
  གསང་གསུམ་བདག་ཉིད་སྨྲ་བའི་དབང་པོས་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་སྩོལ།  

སྙིགས་མ་ལྔ་བདོའི་ལས་རླུང་རྐྱེན་གྱིས་སྒྲུབ་བརྒྱུད་འཕར་རྩ་ཆད་ཉེའི་སྐབས།           
གཤེན་བསྟན་སྲོག་རླུང་གཅིག་ཏུ་བསྡུས་ནས་ལུང་རྟོགས་ཟུང་ཁྲག་དྭངས་མ་ཡིས།      
སྐལ་ངན་སྐལ་ཁུག་དངོས་སུ་གསོས་ནས་སྒོམ་བསྒྲུབ་བསྟན་པའི་ལང་ཚོ་ནི།              
ཁྱུང་ནག་བསམ་གླིང་དགོན་ལ་རྒྱས་མཛད་འཁྲུལ་ཞིག་བོ༵ན་དབྱིང༵ས་ར༵ང་གྲོལ༵་རྒྱལ། །
        
  ཕན་བདེ་མ་ལུས་འབྱུང་བའི་ལྟེ་གནས་སངས་རྒྱས་བསྟན་པ་རིན་པོ་ཆེ།       
  དེ་ཉིད་ཡུན་དུ་གནས་པར་བྱེད་ལ་འཆད་ཉན་སྒྲུབ་ལ་རག་ལས་པས།   
བཤད་བསྒྲུབ་བསྟན་པའི་བ་དན་དེ་ཉིད་ཕྱོགས་བཅུར་ཡོངས་སུ་བསྒྲེང་པ་ལ།     
མཐུན་རྐྱེན་ལྷུན་འགྲུབ་འགལ་རྐྱེན་ཀུན་སེལ་ལྷ་སྲུངས་ཚོགས་ཀྱིས་གྲོགས་མཛོད་ཅིག ། 

ཅེས་མཆོད་བརྗོད་མེ་ཏོག་ཕྲེང་བས་ཚིག་གི་ལམ་ཡངས་པོར་ཕྱེས་ནས་ད་ལན་༧དཔལ་གཤེན་བསྟན་ཁྱུང་ནག་བསམ་གཏན་གླིང་གི་གཙུག་ལག་ཁང་ངམ་གས༵ས་ཁ༵ང་བ༵་ར༵བ་ཡོང༵ས་འ༵དུལ་གྱི་དཀར་ཆགས་ཉི་མའི་སྙིང་པོ་འགོད་པ་ལ། དེ་ཡང་གནས་གཞི་འདིར་ གསས་ཁང་བ་རབ་ཡོངས་འདུལ་ཞེས་པའི་མཚན་དེ་ཇི་ལྟར་བཏགས་པའི་ཚུལ་ནི། ལྷོ་
འཛམ་བུ་གླིང་གི་དམིག། སོག་ཀ་བོན་གྱི་འབྱུང་གནས་།  གནས་མཆོག་དམ་པ་འོལ་
མོ་ལུང་རིང་། དེའི་ལྷོ་ཕྱོགས་དབལ་སོ་གངས་ཀྱི་རྭ་བའི་ནང་དུ།  མུ་ཁྱུད་བདལ་པའི་
མཚོ་འགྲམ་ན། དབང་ཆེན་ས་བདག་གི་གླིང་ཞེས་བྱ་བ་ཡོད་དོ། ཡུལ་དེའི་ཤར་ཕྱོགས་
སུ་མཚོ་གླིང་འདམ་བུའི་ཚལ་ལ།   མཚོ་གླིང་བར་ཁམས་ཀྱི་གབ་རྩེ་གླིང་དགུ་འདྲ་བ་
ཅིག་གི་དཀྱིལ་དུ།  འདམ་བུ་མེ་ཏོག་གི་ཚལ་ཆེན། རུ་སྦལ་པད་མ་སྤུངས་པ་འདྲ་བ་
གཅིག་སྣང་བ། དེའི་དབུས་སུ་བཞེངས་པའི་གསས་ཁང་ཆེན་པོ་དེ་ལ། ལྷ་ཡི་དབང་
པོ་བརྒྱ་བྱིན་དང་། གཙུག་ན་རིན་ཆེན་དང་། ཐང་བཟང་རིང་སྐྱེས་དང་། འདོད་
པ་དགུ་འགྱུར་དང་། འཇིག་རྟེན་གྱི་མངའ་བོ་ཆེ་རྣམས་ཀྱིས་དཔྱད་པས། གསས་
ཁང་ཆེན་པོ་དེ་ནི།  ཆུ་གླིང་རྒྱ་མཚོའི་དཀྱིལ་གྱིས།  གཞན་དག་གང་ཡང་མི་འདྲ་
བར། ལྷ་ཡི་གསས་ཁང་ཆེན་པོ།  བརྟན་ལ་བརྗིད་པ། ལྷུན་ལ་ཆགས་པ།  བཙུན་
ལ་འཇིགས་པ།  སྒེག་ལ་མཛེས་པ་། རྒྱ་རུ་ཆེ་བ། དཔང་དུ་མཐོ་བ། གཞན་ལས་
དཔགས་པ།  ངོ་མཚར་ཆེ་བ།  དེ་ལྟ་བུ་གཅིག་ཏུ་སྣང་སྟེ། མངའ་བོ་ཆེ་བཞིའི་ཞལ་
མཐུན་ནས། མཚན་ཀྱང་གས༵ས་ཁ༵ང་བ༵་རབ༵་ཡོང༵ས་འ༵དུལ་ཞེས་བྱ་བ་བཏགས་སོ། དེ་
ལ་སྟོན་པ་ཡང་ཐུགས་དགྱེས་ནས།    ཞལ་འཛུམ་པར་མཛད་ནས་བཀའ་བསྩལ་པ།
ལེགས་སོ་ལེགས་སོ་འཇིག་རྟེན་མངའ་དབང་ཅན།   གཡུང་དྲུང་བསྟན་པ་དར་ཞིང་
རྒྱས་པ་དང་། ལྷ་ཀླུ་མི་གསུམ་དགེ་བ་འཕེལ་བ་དང་།  ས་བདག་རྒྱལ་པོའི་དགོངས་
དོན་འགྲུབ་པའི་ཕྱིར། དགུང་ཟླ་ངོ་གསུམ་གསས་ཁང་རྒྱས་པར་གྲུབ།   བཟོ་རྒྱལ་
གར་མས་ཤིན་ཏུ་བསྐོས་ལེགས་ཤིང་། འཛམ་གླིང་རྒྱན་དྲུག་ཤེས་རབ་རྩལ་རྫོགས་པས།  ངོ་མཚར་ཡིད་འོང་གཞལ་ཡས་ཀུན་ལས་འཕགས། ལྷ་ཀླུ་མི་གསུམ་མངའ་དབང་རྒྱལ་
པོ་ཡི། མཚན་རྟགས་དཔེ་དང་དོན་དུ་འཛོམས་པར་བྱུང་། བ༵་ནི་བོན་ཉིད་དབྱིངས་
ལས་སྤྲུལ་པས་བ༵། རབ༵་ནི་འགྲོ་བའི་དོན་ལ་བྱོན་པའི་རབ༵། ཡོངས༵་ནི་ཐུགས་རྗེས་
ཡོངས་ལ་ཁྱབ་པས་ཡོངས༵། འདུལ༵་ནི་ཐབས་མཁས་འགྲོ་བ་འདྲེན་པས་འདུལ༵། དེ་
ཡི་ཕྱིར་ན་བ་རབ་ཡོངས་འདུལ་ལོ། དེ་ཡང་གསས་ཁང་འདི་ལ་བརྟགས་པ་ནི། བསྟན་
པ་རིན་ཆེན་མཐའ་རྒྱུད་རྒྱས་པར་འབྱུང་།   ཞེས་བདག་ཅག་གི་སྟོན་པའི་ལུང་གིས་
བསྔགས་པའི་གསས་ཁང་དེ་ཉིད་ཀྱི་མཚན་དེ་། དེང་དུས་རྒྱལ་བསྟན་སླར་གསོའི་རྟེན་
འབྲེལ་གྱི་གནད་ལ་དམིགས་ཏེ།  གསོལ་བའི་འདུས་སྡེ་སྙག་ཆེན་ལི་ཤུས་ཕྱག་བཏབ་
པའི་ཁྱུང་ནག་བཀྲ་ཤིས་དགོན་གྱི་གཡོན་ཟུར།  གསང་བྲག་རིན་ཆེན་ཁྱུང་རྫོང་གི་
མདུན་ཞོལ་ས་དབྱིབས་པད་མ་འདབ་བརྒྱད་རྣམ་པར་བཀྲ་ཞིང་གནམ་ལ་འཁོར་ལོ་
རྩིབས་བརྒྱད་འོད་དུ་འབར་བ། ལོག་ལ་བཀྲ་ཤིས་རིགས་རྟགས་འབུར་དུ་ཐོན་པའི་
གནས་བཟང་བཀྲ་ཤིས་སུམ་མདོའམ་ས་སྔོན་སྒང་ཞེས་པའི་ས་གནས་དེ་ཉིད། གསང་བདག་གྲུབ་པའི་དབང་པོ་གྲུབ་ཆེན་བཟོད་པ་རིན་པོ་ཆེ་ལས་སོགས་སྐྱེས་ཆེན་དུ་མའི་ལུང་གིས་བསྔགས་པའི་ས་དམིགས་དེར། ཁྱུང་ནག་དགོན་གྱི་འདུས་སྡེ་ཆགས་ན་
རྒྱལ་བསྟན་གྱི་མེ་རོ་སླར་ཡང་རྒྱས་ཤིང་སྐྱེ་འགྲོ་ལྷ་སྡེ་ཡོངས་ཀྱི་ཚེ་གཡང་བསོད་ནམས་འཕེལ་བའི་རྟེན་འབྲེལ་གྱི་གནད་ཆེའོ།   ཞེས་པའི་ས་གནས་དེར་བཞེངས་པའི་རྒྱལ་
བསྟན་སྐྱོངས་པའི་ལྷ་སྲུང་གི་སྡོང་གྲོགས་དང་བཅས་ཏེ་ཉེ་བར་གྲུབ་པའི་གཙུག་ལག་
ཁང་འདི་ཉིད་དོ། མཚན་གང་གིས་གསོལ་ན་སྙིགས་མའི་དུས་འདིར་གྱེར་སྤུངས་དྲན་
པ་ནམ་མཁའ་ཚངས་སྤྱོད་ཚུལ་ལྡན་གྱི་གཟུགས་སུ་བསམ་བཞིན་དུ་བྱོན་པ་༧སྐྱབས་རྗེ་
ཡོངས་འཛིན་སྨྲ་དབང་བསྟན༵་འཛིན༵་རྣམ༵་དག༵་རིན་པོ་ཆེས་གསོལ་པའོ། ༧དེ་ལ་ཡང་
དགོས་ཆེད་དང་།  གནས་གཞི་བཟུང་བའི་ཚུལ།  གཙུག་ལག་ཁང་ཕྱི་ནང་གི་སྐོར་
དང་། རྟེན་གསུམ་བཞེངས་པའི་ཕན་ཡོན་བཅས་བཞིའོ། དང་པོ་ནི། སྐྱབས་རྗེ་
ཡོངས་འཛིན་རིན་པོ་ཆེས་མཛད་པའི་ཁྲི་བརྟན་ནོར་རྩེའི་དཀར་ཆག་ལས།  སྐྱེས་
དང་སྐྱེ་བའི་འགྲོ་བ་བསོད་ནམས་ཀྱི་ཞིང་དང་། རྒྱལ་བསྟན་རིན་པོ་ཆེ་འཇིག་རྟེན་གྱི
་ཁམས་སུ་ཡུན་རིང་དུ་གནས་པའི་ས་བོན་བཤད་བསྒྲུབ་འཁོར་ལོ་ལ་རག་ལས་གཤིས་
དེའི་གཞི་བསྐྲུན་པ་ནི་དགོས་ཆེད་དོ། ཞེས་དང།  བསྟན་པ་རིན་ཆེན་རབ་ཏུ་བརྟན་
པའི་མདོ་ལས། བསྟན་པ་རིན་ཆེན་བརྟན་པ་དང་། སེམས་ཅན་སྒྲིབ་པ་སྦྱོང་བ་དང་།  ཕྱི་རབས་རྣམས་ལ་དཔེ་བསྟན་ནས། དགེ་བ་ཅི་ལྟར་སྤྱོད་པ་ནི།  གཤེན་རབ་བདག་
གི་བསྟན་པ་ལ།  སྐུ་གསུང་ཐུགས་ཀྱི་བསྟན་པ་གསུམ། ད་ལྟ་སྐུ་ཡིས་འདུལ་བའི་དུས། 
སྔོན་ནས་སྒྲིབ་སྦྱངས་ཚོགས་རྫོགས་ཤིང་། སེམས་ཅན་ལས་སྐལ་ལྡན་པ་རྣམས།  ད་
ལྟ་བདག་དང་འཇལ་བའི་དུས་། བདག་ལ་མཆོད་པ་ཕུལ་བ་ཡིས།  ཚོགས་ཀྱི་ལྷག་
མ་རྫོགས་ནས་སུ། ཐར་པ་མངོན་སངས་རྒྱས་ཏེ་སོང་། ཕྱིན་ཆད་སླད་ན་ལུས་པ་ཡི།  འགྲོ་བ་སེམས་ཅན་ཐམས་ཅད་ཀྱང་། ཞལ་མཐོང་ཐར་པ་མ་ཐོབ་ཀྱང་།  སེམས་ཅན་
སྒྲིབ་པ་སྦྱངས་ནས་སུ།  སླད་ནས་ཐར་པ་ཐོབ་པའི་ཕྱིར།  སྐུ་གདུང་བརྩེག་ཅིང་སྐུ་
གཟུགས་བཞེངས། གསུང་རབ་ཡི་གེའི་རྒྱུད་བྲིས་ན།  འབྲས་བུ་ཐར་པ་ཐོབ་ཏེ་འོང་། 
ཞེས་གསུང་པའི་ཕྱིར། གཉིས་པ་ནི། གནས་གཞིར་འདིར་ཡོད་པའི་ས་ཞིང་རྣམས་ས་
ཞིང་བདག་པོ་རྣམས་ཀྱིས་རང་མོས་ཀྱིས་དགོན་ལ་བསྟན་རྩར་ཕུལ་ནས་སྤྱི་ལོ་༢༠༠༨ ལོར་རང་དགོན་གྱི་བླ་གྲྭ་སྡེ་དཔོན་མང་ཚོགས་ཡོངས་ཀྱིས་དགོན་པ་གནས་སྤོ་དགོས་
པའི་རེ་འདུན་དེ། རྫོང་ཆོས་དོན་ཅུས་དང་རྫོང་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་ལ་སྙན་
གསན་ཞུས་ནས་གོང་རིམ་དབུ་ཁྲིད་ཁག་ནས་མི་རིང་བར་གནས་སྤོ་བྱེད་ཆོག་པའི་ཆོག་མཆན་ཐོབ།སྤྱི་ལོ་༢༠༡༠ ལོའི་ཟླ་བ་༦ པའི་ཚེས༡༠ ཉིན། ཁྱུང་ཡུལ་བསྟན་པའི་
གཙུག་རྒྱན་ཟླ་སྤྲུལ་རིན་པོ་ཆེ་དང་། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་རྣམ་
གཉིས་མཆོག་གི་ཞབས་ཟུང་བསྟན་པའི་འཁོར་ལོ་གནས་འདིར་བཅག་པའི་ཚེ། ཆིབས་བསུ་དང་སེར་ཕྲེང་དཀར་ཕྱོགས་ལྷ་ཀླུ་མི་གསུམ་མཐོང་ཚད་སྤྲོ་སེམས་འཕེལ་བ་
ཞིག་ཞུས་ནས། གནས་འདིར་ས་སློང་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་གནང་ནས་མ་
འོངས་རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་སྨོན་འདུན་གྱིས་མཚམས་སྦྱར་ནས། ཁྱུང་ནག་བླ་གྲྭ་དབུ་ཁྲིད་ལྷ་སྡེ་ཡོངས་ནས་བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཁ་
གཡང་དང་།    ལྷ་རྒྱལ་སོགས་དབྱངས་སུ་གྱེར་ཞིང་བཀྲ་ཤིས་ཕྱེ་མར་བར་སྣང་གི་
དབྱིངས་སུ་འཐོར་ནས་ས་སློང་གི་མཛད་སྒོའི་རིམ་པར་གྲུབ་པའོ། ༧དེ་ནས་གཙུག་
ལག་ཁང་གི་ཕྱི་བརྩེག་གི་རྡོ་རྣམས་ཁྱུང་ནག་ལྷ་སྡེ་ཡོངས་ནས་དཀའ་བ་ཁྱད་བསད་ངལ་བ་དང་ལེན་གྱི་སྒོ་ནས་ཝ་ལ་ནས་རྡོ་སློག་ནས་རྡོ་རླངས་འཁོར་ཉིས་བརྒྱ་ལྷག་ཙམ་
གནས་གཞི་འདིར་འབྱོར།  རང་དགོན་གྱི་བླ་མ་དང་མཁན་པོ་གྲྭ་བཙུན་རྣམས་རང་
རང་གི་ཤེས་འཇོན་ལ་ལྟོས་ནས་ལས་དགོས་བྱས་ཏེ།  གཙུག་ལག་ཁང་གི་ཕྱི་དབྱིབས་
དང་ཐིག་བཀོད་རྣམས་མཁན་ཡེ་ཤེས་རབ་གསལ་མཆོག་ནས་འགན་བཞེས།  གཙུག་
ལག་ཁང་གསར་བཞེངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་མཁན་བསམ་གཏན་དགེ་ལེགས་
དང་། དེ་བཞིན་མཐའ་ཞུ་བླ་མ་དཔལ་མཆོག་དང་ཚུལ་ཁྲིམས་བློ་གྲོས།  ཚུལ་ཁྲིམས་
ཉི་མ་བཅས་ཀྱིས་ཨར་ལས་དོ་དམ་གྱི་འགན་བཞེས་ནས།  གཙུག་ལག་ཁང་གི་རྨིང་
བཏིང་ནས་བཟུང་རང་དགོན་གྱི་བླ་གྲྭ་ལྷ་སྡེ་ཡོངས་ཀྱིས་མཛུབ་མོ་ལྔ་ལ་སེན་མོས་རྒྱབ་
སྐྱོར་ཟེར་བའི་དཔེ་ལྟར་མཐུན་འབྲེལ་གྱི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། དཀའ་བའི་
ཚེགས་དང་དཀོན་པ་རྒྱུ་ནོར་གྱི་རྒྱབ་སྐྱོར་ཚད་མེད་བྱུང་བའི་ཉེར་ལེན་ལས་མཐོང་ཡུལ་གྱི་དངོས་པོ་འདི་ཉིད།ཁྱུང་ནག་ལྷ་སྡེ་རྣམས་ནས་ཐེང་དང་པོའི་བསྟན་རྩ་ཕུལ་བ་ཞིབ་ཕྲ་རྩིས་བྱང་ལས་གསལ་བ།ཁྱོན་སྡོམ་ཁྲི་ཉིས་བརྒྱ་མ་ཟིན་ཙམ་ཡོད་པ་མངོན།》གྲུབ་པའོ།       
ཚེ་སྔོན་རྣམ་དཀར་བཟང་པོའི་ཉེར་ལེན་ལས། 
རྙེད་པའི་དལ་འབྱོར་རྟེན་བཟང་ཐོབ་པའི་དུས།
         ལས་སྐལ་གཙུག་ལག་ཁང་བཞེངས་གོ་སྐབས་ཤར། 
         དལ་འབྱོར་སྟོང་ལོག་མ་གཏོང་དགེ་ལ་གཞོལ།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།༧གསུམ་པ། གཙུག་ལག་ཁང་གི་ཕྱི་ནང་སྐོར་
ལ།  གཙུག་ལག་ཁང་གི་ཕྱི་དབྱིབས་ཀྱི་བཟོ་བཀོད་རྣམས། མཁན་ཡེ་ཤེས་རབ་གསལ
་གྱིས་ཇུས་འགོད་གནང་ནས་ལས་དོན་ཆེ་ཕྲ་ཐམས་ཅད། སྤྱི་ཁྱབ་ལས་འཛིན་པ་མཁན
་བསམ་དགེ་དང་།  ཨ་ལས་དོ་དམ་ལས་འཛིན་པ་ཚུལ་ཁྲིམས་བློ་གྲོས།  ཚུལ་ཁྲིམས
་ཉི་བཅས་ཀྱི་ཁུར་བླངས་མཛད་པའི་བཀའ་དྲིན་ལ་བརྟེན་ནས་སྤྱི་ལོ་༢༠༡༠ ལོར་
གཙུག་ལག་ཁང་གི་རྨིང་བཏིང་ནས་བཟུང་ཕྱི་ལོ་༢༠༡༢ལོར་ཕྱི་དབྱིབས་ཀྱི་བཀོད་པ་
གེགས་མེད་མཐར་ཕྱིན་གྲུབ་པའོ། གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་ནི་༧  བདག་
ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་སྐུ་མདོག་རིན་པོ་ཆེ་བཱཻཌྲུརྱ་ལྟ་བུ་འདུག་པ། རྒྱན་དང་ཆ་ལུགས་ལོངས་སྤྱོད་རྫོགས་པའི་ཚུལ་ཅན་ཕྱག་ན་
སྲིད་པ་སྐོས་ཀྱི་ཆགས་ཤིང་བསྣམས་པ་དེ་ལ། གདུལ་བྱ་སྡེ་གསུམ་འདུལ་བྱེད་སྡེ་གསུམ་
གྱིས་བཏུལ་ཚུལ་བསྟན་པ།  ཟ་དྲུག་གི་རྒྱན་གྱིས་ཡོངས་སུ་སྤྲས་པ་ཕྱག་ཚད་རྒྱུད་སྡེ་
དང་མཐུན་པའི་སྐུ་བརྙན་ཟངས་གསེར་ལས་གྲུབ་པ་བཅས་བཀོད་བྱས་པའི་ནང་།  མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་གཟུངས་རྫོངས་ཀྱི་ཕྱག་ལེན་ལྟར་
གཟུངས་རྒྱས་འབྲིང་བསྡུས་གསུམ་ཚུལ་མཐུན་དུ་བསྒྲིལ་ཞུགས་དང་།  འཛབ་
ཆེན་གྱི་རྫས་དེ་བཞིན་གཤེགས་པའི་རིང་བསྲེལ་ལ། གསང་བདག་གྲུབ་པའི་དབང་པོ་
འཕོ་ཆེན་འཇའ་ལུས་བཞེངས་པ།  ཀུན་མཁྱེན་ཤར་རྫ་པའི་དབུ་ལྗོན་ཚལ་བུ་གཙོས་
ལུང་ཟིན་གྱི་སྐྱེས་ཆེན་དུ་མའི་དབུ་ལོ་དང་ཕྱག་ཕྲེང་། མཉམ་མེད་ན་བཟའ་། སྐྱབས་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.