དོགས་འདྲོགས།
ཁྱོད་ཀྱི་སེམས་ལ་ཞོན་ནས་མགོ་བོ་བསྲིངས་ན།
སྤྲིན་པའི་ཚོགས་མེ་རུ་འབར་བ་མཐོང་ཡོང་།
ཁྱོད་ཀྱི་སེམས་ལ་འབྱར་ནས་རྣ་བ་བླགས་ན།
རྡོ་བའི་ཚོགས་ངུ་ཤུམ་རྒྱག་པ་ཐོས་ཡོང་།
གལ་ཏེ ཁྱོད་ཀྱི་སེམས་པ་འཁུར་ནས།
གོམ་པ་འགའ་མདུན་ལ་སྤོ་བའི་དབང་དུ་བཏང་ན།
ཞབས་རྗེས་དེ་རླུང་བུས་གསུབ་བམ་སྙམ་ལ།
རླུང་བུ་དེ་ཡང་ས་སྨུག་རིམ་པ་འགས་བཏུམ་འགྲོའམ་སྙམ་སྟེ།
རླུང་བུས་ས་སྨུག་འཁུར་ཞིང་ས་སྨུག་གིས་མུན་པ་དྲུད་འདུག་པས་སོ།
༢༠༡༢ ༣ ༡༠ ཉིན།