ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བར་ཆད་འདྲ་བའི་ཁ་བ།
[ 2012/3/31 13:00:00 | By: ཁྱུང་བཟང་། ]
 

     

         བར་ཆད་འདྲ་བའི་ཁ་བ།

 

ཁྱོད་རང་གང་དུ་སླེབས་ཀྱང་ང་རང་དེ་རུ་འབྱོར་ངེས་པའི་དཔའ་གདེང་དེ།

ཁ་བ་འབབ་ཐེངས་གཅིག་གིས  ཁ་ཆག་མགོ་ཆག་བཟོས་སོང་།

 

འབབ་འཕྱི་བའི་ཁ་བ་འདིས།

ལམ་ཁ་ཡོད་ཚད་བཀག་སྟེ་དཀར་ལམ་ལམ་དུ་སྡོད་དུས།

རུས་དཀར་བདུད་མོས   མི་ཚོགས་ཀྱི་འདོད་པ་ལ་རུས་པས་ཆུ་རགས་བརྒྱབ་པ་འདྲ་སྟེ།

ཏག་ཏག་སྐབས་འདི་ལ།

གདུང་བས་གཟིར་བའི་སེམས་པ་ག་ཙམ་གྱི་ཁོག་ན་མེ་འབར་གྱི་ཡོད་དམ།

རེ་བས་དེད་པའི་རྐང་བ་ཅི་ཙམ་གྱི་མཐིལ་ན་དོ་ལང་གིན་ཡོད་དམ།

 

ཏག་ཏག་སྐབས་འདི་ལ།

ངས་སྤྲུལ་སྒྱུར་དོན་གཅིག་གི་ཨུ་ཁུང་དྲན་ཡོང་སྟེ།

ཕུ་འདེབས་ཐེངས་གཅིག་གིས      འོད་ཆ་ལེར    སྐྱ་ཤ་ལེར།

ལམ་གྱི་སྣེ་མོ་ཁྱེད་ཀྱི་སྙིང་ག་རུ་འཐེན་ན་བསམ་ཞིང་།

དྲན་པའི་ཁུ་བ་ཁྱོད་ཀྱི་ཨ་ཡིག་ལ་བསྟིམ་ན་བསམ་ཡོང་།

 

ཡིན་ཡང་ཁ་བ་ལ་སྙིང་རྗེ་མི་འདུག

བར་ཆད་འདྲ་བའི་གཏོར་བཤིག་འདྲ་བའི་ཁ་བ་འདིས།

རླངས་འཁོར་གྱི་ཐོད་པ་ཐོད་པར་གཏུག་གིན་འདུག

ཚེ་སྲོག་གི་མདུད་པ་བཤིག་བཤིག་གཏོང་གིན་འདུག

པད་ཤག་ལ་ཅེར་བའི་ཨེམ་ཆི་དག་ལ   

དངུལ་ལོར་གྱི་ཆར་བ་འབེབ་ཀྱིན་འདུག

 

 

ཁྱོད་རང་གང་དུ་སླེབས་ཀྱང་ང་རང་དེ་རུ་འབྱོར་ངེས་པའི་དཔའ་གདེང་དེ།

ཀྱེ    ཁ་བ་འབབ་ཐེངས་གཅིག་གིས་འདི་ལྟར་ཁ་ཆག་མགོ་ཆག་བཟོས་སོང་།

 

ཅི་ཞིག་མ་གྲུབ་པའི་བྲེལ་ཤས་རྡུལ་འཚུབ་སློང་དུས།

གང་ཞིག་མཐོང་འདོད་ཀྱི་ཞེན་པས་བྲང་ཁོག་རྡུང་དུས།

བརྡ་རྟགས་ཀྱིས་རྔུལ་ཆུ་ཤམ་ཤམ་དུ་འཁུར་ཡོང་བའི་འཕྲིན་གྱི་ཐིགས་པ་དེས།

མི་ལ་སེམས་དང་སེམས་ན་འདང་ཡོད་ན།

ཀྱོག་མོའི་ལམ་ལ་རྡོག་པ་མ་བཀོད་ཀྱང་།

རྡོག་པའི་སྣེ་མོ་འདམ་གྱིས་མ་སྦགས་ཀྱང་།

བར་ཐག་གིས་སྟོང་བའི་སེམས་ཀྱི་འོད་ཟེར།

གནས་དུས་ཀྱི་རིམ་པ་བརྟོལ་ཏེ་ཞི་བའི་ཁམས་ནས་འདྲེས་ཆོག་ཟེར།

ཁྱོད་ཀྱི་རྣམ་འགྱུར་དྲོན་མོ་དེས།

ད་ནི་ང་རང་ཁ་བ་ལ་སྡང་དགོས་མིན་ཡང་ཤེས་མ་སོང་ཨང་།

 

           ༢༠༡༢         ༡༣ ཉིན། 

 
 
Re:བར་ཆད་འདྲ་བའི་ཁ་བ།
[ 2013/2/15 6:09:19 | By: སྐུ་མགྲོན་v05Dtg(སྐུ་མགྲོན) ]
 
སྐུ་མགྲོན་v05Dtg(སྐུ་མགྲོན)
 
 
Re:བར་ཆད་འདྲ་བའི་ཁ་བ།
[ 2012/4/28 17:10:43 | By: སྐུ་མགྲོན་wb61Ui(སྐུ་མགྲོན) ]
 
སྐུ་མགྲོན་wb61Ui(སྐུ་མགྲོན)མི་རིགས་ཤིག་གི་ཚོར་བ་འཐུང་བའི་སྙན་ངག་ཟེར་བ་བསམ་བློ་སྤྱི་ཚོགས་ལ་གཏོད་པ་དང་སྤྱི་ཚོགས་བསམ་བློ་ལ་ཉར་བ་བཅས་ཀྱིས་མི་རིགས་ཤིག་གི་ཕུགས་འདུན་མཚོན་པའི་སྙན་ངག རང་ཉིད་དང་པོར་བཟི་བ་དང་ཀློག་མཁན་གཉིས་པ་བཟི་བའི་སྙན་ངག་འདི་ལྟ་བུ་ཅི་ལ་མིན དོ་ནུབ་ངས་སྙན་ངག་གི་བཟི་ཁ་འདི་འཐུང་བཞིན་ཅི་ཙམ་ལ་འདིའི་གདོང་བ་ལ་ཅེར་ནས་འདུག་དགོས་པ་སུ་ཡིས་ཤེས། བརྗོད་བྱ་དོན་གྱིས་ཕྱུག་འདུག ཞེས་འཕགས་ཡུལ་ཧི་མ་ཅལ་གྱི་སྙིང་པོར་སྨིན་པ་༧དཔལ་གཤེན་བསྟན་སྨན་རིའི་གླིང་ནས་སྐྱིད་སྲས་དགེ་ལེགས་ཉི་མ་ནས།
 
 
Re:བར་ཆད་འདྲ་བའི་ཁ་བ།
[ 2012/4/23 11:54:10 | By: སྐུ་མགྲོན་1IYl0O(སྐུ་མགྲོན) ]
 
སྐུ་མགྲོན་1IYl0O(སྐུ་མགྲོན)ཚོར་འདུ་ཤུགས་དྲག་ལས་བརྡོལ་བའི་སེམས་ཀྱི་འགྱུ་བག་ནི་སྙན་ངག་གི་བླ་སྲོག་ཏུ་འཁུམས་པ་ནང་བཞིན་སྐུ་ཉིད་ཀྱིས་མི་ཚེའི་རིན་ཐང་དང་འགན་འཁྲིའི་འདུ་ཤེས་གཅེས་སུ་བཟུང་ནས་འགྱུར་མེད་ཀྱི་རང་གཤིས་ཤིག་ཇི་སྲིད་བར་ཡོད་དགོས་པའི་སྔོན་འགྲོའི་རོལ་དབྱངས་དཀྲོལ་བ་འདིས་ང་ལ་སྙན་ངག་མཁན་བཟང་བོ་ཞིག་ཡིན་ཕྱིན། དེའི་སྙན་ངག་ནང་དུ་མི་དམངས་ཀྱི་རེ་འདུན་དང་དགོས་མཁོ་སྟོན་ཕོད་པ་ཡིན་ཟེར་བའི་གསུངས་ཚིག་ཡིད་ལ་དྲན་ཏུ་བཅུག དེ་བས་བདག་གིས་ཕུགས་བསམ་རིང་ལ་བརྩེ་དུང་གི་ནུས་པ་ཕྱུག་པའི་འདི་འདྲའི་སྙན་ངག་ངོ་མར་སེམས་གཏིང་ནས་ཡི་རངས་བྱེད་པའི་གནས་ལགས་སོ། གཟེར་མིག་གིས།
 
 
Re:བར་ཆད་འདྲ་བའི་ཁ་བ།
[ 2012/3/31 22:07:05 | By: yxlz ]
 
yxlzབར་ཆད་མི་ཐོན་དགུ་ཐོན།། བར་ནས་འདུག་རྒྱུ་དཀའ་འདུག། བར་ཆད་འདྲ་བའི་ཁ་བ།། མི་འདོད་ས་ནས་འབབ་ཀི། ཐོལ་བྱུང་ཙམ་པོ་བ་འདི་བར་ཆད་འདྲ་བའི་ཁ་བས་བཞག་པ་རེད་དོ།། ཁྲི་བློ་རྩེ་ནས་ཕུལ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.