ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

 

      QQ : 591530358

qunzang@yahoo.com.cn

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 46
  • དཔྱད་བརྗོད། 84
  • ཆེམས། 0
  • ཀློག་གྲངས། 13748


 
ལུག་ཤ་ཟ་བའི་མི་རྣམས།
[ 2011/5/13 9:17:00 | By: ཁྱུང་བཟང་། ]
 

    ལུག་ཤ་ཟ་བའི་མི་རྣམས།

              

  འོད་ཆེམ་ཆེམ་གྱི་གྲི་དངོ་དང     ལུག་ཁྱུའི།

  དབུགས་ལྷེམ་ལྷེམ་གྱི་ཚེ་སྲོག་གི་བར་ན།

  དོན་ངོ་མར    བར་ཐག་ག་ཙམ་ཡོད།

  གྲི་དངོ་དང་འཆི་བའི་འབྲེལ་བ་ཡང་།

  ཡང་སྙིང་ཇི་འདྲ་ཞིག་ཡིན་ངེས།

 

  ལུག་ཁྱུས་རྩྭ་ལྗང་གི་ཀློང་ན་འབའ་སྐད་ཡང་མོར་འབྱིན་དུས།

  མགར་བའི་ཁོལ་ཁ་ན།  

  རྣོ་ལྕགས་དམར་བོར་གྱུར་བའི་ཚ་ཚད་ཏུའུ་གྲངས་ག་ཙམ་དུ་སླེབས་ཡོད།

              

  སྔོན་དཔག་དང་དོགས་བློ་གང་ཡང་མེད་པར།

  ཁྲག་དམར་ཆིལ་ཆིལ་དུ་ཐོན་དུས།

  ཉོ་བདག་ཀྱང    སྦྲང་ནག་དང་མཉམ་དུ་སླེབས་འདུག

  ལག་པས་ཚོ་ལྗིད་གླེང་དུས།

  སྒོར་མོས་བར་ཐག་ཡོད་ཚད་སྟུང་ཞིང་།

  ལུག་ཤ་བུབས་རེ་རེ་བཞིན་རླངས་འཁོར་དུ་དབོར་གྱིན་འདུག

              

  ཞི་བདེ    འདྲ་མཉམ    མ་གྱུར་སེམས་ཅན།

  དར་ཆ་འདི་དག་ཤེད་ཡོད་མེད་ཀུན་གྱིས་མཐོ་

  ནས་མཐོ་རུ་བཀྱགས་ཏེ།

  ཤར་ལྷོ་ནུབ་བྱང་དུ་ཟིལ་ཤུགས་ཀྱིས་བསྐྱོད་དུས།

  བཤས་རའི་ཁྲག་དྲོན་གྱི་རླངས་པ་སྨུག་སྤྲིན་དང་འདྲེས་འདུག

  སྨུག་སྤྲིན་དང་འདྲེས་འདུག་གོ།

             

  དོན་དམ་པར་མི་དང་གྲི་ལ་དབྱེ་བ་གང་ཡང་མི་འདུག

  གྲི་དང་འཆི་བདག་ལའང་ཁྱད་པར་ཅི་ཡང་མི་སྣང་སྟེ།

  མིའི་ཕོ་བ་དང་དམྱལ་བའི་མཁར་སླང་ཡང་དབྱེར་མེད་རོ་གཅིག་ཏུ་ཟད་དོ།།

                                                              

                                                               ༢༠༠༧  .   . ༣༡ ཉིན།

 

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.