ཁྱུང་གི་རུ་ཐུར
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

 

 

      QQ : 591530358

qunzang@yahoo.com.cn

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 46
  • དཔྱད་བརྗོད། 84
  • ཆེམས། 0
  • ཀློག་གྲངས། 13512


 
ཁྱུང་བཟང་གིས་ཐོག་མར་བཤད་འདོད་པ་དེ།
[ 2011/5/10 21:22:00 | By: ཁྱུང་བཟང་། ]
 

 

ཁྱུང་བཟང་གིས་ཐོག་མར་བཤད་འདོད་པ་དེ།

 

ཧི་མ་ལ་ཡའི་བོན་གྱི་དྲ་བ་ཉིན་བྱེད་བཞིན་མཁའ་རུ་འཕགས་རྗེས་ཧི་བོན་ཟིན་བྲིས་ཀྱང་འདི་ལྟར་ཟླ་བ་བཞིན་བཀྲ་ཤིས་དབྱིངས་ནས་ཚེས་བྱུང་། ཕྲན་གྱི་རྟོག་ངོར་འདི་ལྟ་བུའི་ཉི་མ་ནི་བྲི་གང་གི་སྐྱོན་གྱིས་གོས་པར་མི་སྲིད་དེ། བསྐལ་བའི་ཕུགས་ལམ་ནས་ཞུན་བརྡར་དང་བཙོ་སྦྱངས་བྱས་ནས་འོངས་པའི་ཡབ་མེས་ཀྱི་རིག་གཞུང་གཏོས་ཆེ་བ་ཞིག་འདི་ཉིད་ཀྱི་བརྗོད་བྱའི་སྲོག་ཏུ་གྱུར་ཟིན་པས་ཡིན་ལ། བོད་ཕྱི་ནང་གཉི་གའི་ཤེས་རབ་ཀྱི་དཔུང་བའི་སྟོབས་དག་ཕྱོགས་གཅིག་ཏུ་བསྒྲིལ་འདུག་པས་ཀྱང་རེད། ཡིན་ནའང་དེ་དང་བསྡུར་ན་ཟླ་བ་ལ་ནི་འཕེལ་འགྲིབ་ཀྱི་སྣང་ཚུལ་རེ་གཉིས་རྒྱུན་དུ་འབྱུང་སྲིད་པར་སྙམ་སྟེ།ཟླ་བ་ལྟ་བུའི་ཧི་བོན་ཟིན་བྲིས་འདི་ཉིད་མི་སྒེར་སོ་སོའི་ཟིན་བྲིས་ཀྱི་ར་བ་ཆེན་པོ་ཞིག་ཏུ་འགྱུར་ངེས་པའི་ཆ་ནས་འགྱུར་ལྡོག་གི་སྣང་ཚུལ་དེ་ཉིད་ཅིས་ཀྱང་འབྱུང་ངེས་ལ་བྱུང་འོས་པ་ཞིག་ཏུའང་བསམ་ཡོང་།

དེ་ན་ངས་དེ་རིང་དགའ་བའི་མཆོད་པ་སྙིང་ནས་བཤམས་ཏེ་ཆེད་དུ་གཏམ་འདི་འདྲ་ཞིག་སྨྲ་བར་འདོད་དེ། བོན་གྱི་འདས་ཟིན་པ་ཡང་ཀུན་གྱི་འདས་ཟིན་པ་དང་འདྲ་བར་ཉ་དང་ཆ་ཤས་ཡོངས་སུ་རྫོགས་པའི་ཚེས་ཆེན་བཅོ་ལྔར་འཕགས་མྱོང་ལ། འགྲིབ་པའི་ དུས་ཀྱིས་གཏུགས་ཏེ་གནམ་སྟོང་གི་མཐའ་རུའང་འགྲིལ་མྱོང་སྟེ། དོན་ལ་ལམ་ལུགས་སྣ་ཚོགས་པའི་སུན་གཙེར་དང་དུས་རབས་ཀྱི་སོ་ཁ་རྣོ་རྟུལ་མང་རབ་བརྒལ་ཅིང་། དད་པ་དང་སྡང་ཟུག་གི་ལུང་ཀྱོག་གྲངས་མེད་པ་དག་ཀྱང་ཅི་མི་སྙམ་པར་བརྒྱུད་པས། འདི་ལྟར་དུས་རབས་ཉེར་གཅིག་པའི་ནང་དུའང་ད་རུང་ཉམས་སད་ཐེག་པའི་དཔུང་བ་སྦོམ་པོ་ཉིད་མཐོ་ནས་མཐོ་རུ་འགྱོགས་བཞིན་པ་རེད།

དེའི་ཕྱིར་ང་ཚོས་རང་གི་ས་གཞིས་བཙས་ཤིང་ནམ་མཁས་སྐྱོར་བའི་རིག་པའི་ནོར་བུ་ནོར་བུ་རུ་བརྩིས་ཤིང་། དེ་ཉིད་ད་བར་དུ་ལུས་སྲོག་བླ་གསུམ་གྱིས་བསྲུངས་ཤིང་འོངས་པའི་འཕྲིན་ལས་དག་ནི་ད་གཟོད་བོན་འབངས་ཀུན་གྱིས་བོད་རང་གི་ཤེས་རིག་ལ་བཞག་པའི་བྱས་རྗེས་སམ་ངོ་མཚར་གྱི་ལྟད་མོ་ཉིད་དུ་རྩིས་ཆོག་ཆོག་ཅིག་ཡིན་འདུག་མོད།  འོན་ཀྱང་ཤེས་རིག་ཀུན་གྱི་ཏོག་ནི་བདག་ཅག་ལ་དབང་ངོ་བསམ་ཞིང་ལྟ་བ་ཀུན་གྱི་མཐར་ཐུག་ནི་བདག་ཅག་གི་འདིའོ་ཟེར་ལ། གང་སུ་དག་གི་དད་མོས་ཐམས་ཅད་རང་གི་འཁོར་དང་འབངས་སུ་བསྡུ་འདོད་ཅིང་ཆགས་སྡང་གི་བཤན་གྲི་ཀླད་དུ་བསྐོར་བ་བསྟན་པའི་ཞབས་འདེགས་སུ་བོས་ཤིང་བསྒྲགས་མྱོང་བ་དག་གམ་དེ་དག་གི་དུག་ཁུ་ངོམ་མེད་དུ་བཞེས་ཏེ་བཟི་ཁ་མ་ཡལ་བ་རྣམས་ཀྱིས་ནི་ཤེས་རིག་སྣ་མང་མཉམ་གནས་བྱེད་པའི་དེང་གི་དུས་སུ་ཡང་མ་བསླབས་མ་འདྲིས་གང་ཡང་མི་ཤེས་བཞིན་དུ་བོན་པོ་ནི་ཕྱི་རོལ་བའམ་སྐྱབས་གནས་མ་དག་པའི་ཁོངས་སུ་གཅོད་ཅིང་འདེད་པའི་སྐྱོ་གར་ནི་སོ་སོ་རང་གི་མཐའ་འཁོར་དག་ན་འཚུབ་མ་བཞིན་འཁོར་གྱིན་པ་འདི་རེད།

དོན་དངོས་ཀྱི་སྟེང་ནས་བསམ་ན་བོན་ཞེས་པའི་བརྡ་དོན་འདིས་གྲུབ་མཐའ་ཁོ་ནའི་སྟེང་ངམ་དད་མོས་རྐྱང་བའི་ངོས་ཙམ་མ་ཡིན་པར་མིའི་ཤེས་རིག་ལོ་རྒྱུས་ཀྱི་ངོས་དང་མིའི་རིག་གཞུང་མ་ལག་གི་ངོས། མིའི་རིག་དངོས་ཤུལ་བཞག་གི་ཆའམ་མིའི་བསམ་པའི་འཚོལ་སྙེག་གི་འགྲོས་སོགས་ཕྱོགས་དང་ཟུར་མང་བོ་ཞིག་ན་ང་ཚོ་རང་ལ་བསམ་གཞིག་གི་རིན་ཐང་མང་དུ་བརྡལ་འདུག་པ་རེད་ཨང་།

གང་ལྟར་ཧི་བོན་སྔ་ཕྱི་གཉིས་དྲ་རྒྱའི་ནམ་མཁའ་ཡི་ཀློང་ཆེན་པོ་ནས་རང་གི་འོད་དང་འགྲོགས་ཏེ་མངོན་པར་ཤར་བ་འདིས་གངས་ཅན་པའི་ཁུང་བུ་མང་པོ་ཆེ་རུ་སྐྱེད་པ་ལ་སྟོབས་དང་ཤུགས་སྩོལ་ཞིང་། སྐད་ཡིག་གི་ཚེ་སྲོག་ཉེ་བར་སྲུང་བ་ལ་ནུས་པའི་རྟགས་ཐོན་ངེས་པས་ན། ངས་འདིར་རེ་བའི་མེ་ཏོག་ཆུན་པོ་ཞིག་ཅིས་ཀྱང་དབུལ་བར་འདོད་པ་ནི་འདི་ལྟ་སྟེ། དྲ་བའི་བདེ་ཐང་གི་འཚར་ལོངས་དང་བདག་དབང་ལ་ཡོངས་སུ་མི་གནོད་པའི་སྟེང་ནས། གཅིག་དུ་ཟིན་བྲིས་ནི་ཟིན་བྲིས་རང་ཡིན་པས་དེར་གྲུབ་མཐའི་བཅད་རྒྱ་མི་འཐེན་པ་དཔེར་ན་ཟིན་བྲིས་སྤེལ་མཁན་བོན་པོ་ཡིན་དགོས་མིན་དང་རྩོམ་ཡིག་གི་ནང་དོན་བོན་དང་འབྲེལ་དགོས་མིན་གྱི་ཆ་རྐྱེན་བརྩེགས་པའི་ཉོག་དྲ་སྤོང་བ་དང་། གཉིས་ནས་སྲོལ་རྒྱུན་དང་དེང་རབས། སྐྱ་སེར་དང་ཕོ་མོ། གསར་རྙིང་དང་ཕྱི་ནང་སོགས་ཕྱོགས་དང་རིས་སུ་ཆད་པའི་མིག་གིས་ཟིན་བྲིས་པར་ཡིན་མིན་བཟང་ངན་གྱི་ཐིག་མི་འདེབས་པ། གསུམ་དུ་ན་བརྩམས་ཆོས་ཀྱི་ལུས་དང་འབྲི་ཐབས་རིགས་དང་དབྱེ་བ་སོགས་འདི་དང་གན་གྱི་སྒྲོམ་དུ་མི་འཇུག་པ། བཞི་ནས་དཔྱད་མཆན་ཡག་པོའམ་སྙན་མོ་དག་ཉར་ཞིང་མི་སྙན་པའི་རིགས་འདོར་བའི་ངལ་ལས་ཀྱི་བྱང་རྩལ་མི་ངོམ་པ་སྟེ། མདོར་ན་ཧི་བོན་ཟིན་བྲིས་ནི་བོན་གྱིས་གཉེར་བའི་བོད་ཀྱི་ནང་མིའི་འདུ་ར་སྟོང་ཤོང་ཁྲ་མོ་དེའམ་བོད་མིའི་སེམས་ཀྱི་འོ་ཇ་ལྷོག་ལྷོག་ཏུ་གདུ་བའི་ཟངས་ཀྱི་སླ་ང་ཆེན་པོ་ཞིག་གམ། ཡང་ན་སྣ་མང་མེ་ཏོག་གི་ཚོགས་རྣམས་ཁྲ་ཆིལ་དགུ་ཆིལ་དུ་བཞད་པའི་མཛེས་སྡུག་གི་སྤང་ཐང་ཡངས་མོ་ཞིག་ཏུ་འགྱུར་བའི་རེ་བ་ཤིན་ཏུ་ཆེ་ཞིང་། དེ་ལྟར་སྨོན་ལམ་ཡང་མི་མངོན་བརྩེ་ བའི་དབྱིངས་ལ་ཡང་ཡང་དུ་འདེབས་པ་ལགས་ཤིང་། དེ་ལྟ་མིན་ཚེ་ཧི་བོན་དྲ་བ་དང་ཧི་བོན་ཟིན་བྲིས་གཉིས་ལ་སོ་སོ་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ཅན་ཞིགས་ཆགས་དཀའ་བར་འགྱུར་བས་སོ།། འདི་ང་རང་གི་ཐོག་མའི་དྲན་འཆར་ཙམ་སྟེ་ཡིད་ཀྱི་རེ་སྨོན་ལགས་པས་བཤད་ཉེས་འདྲ་ཤོར་ཡོད་ན་དགོངས་འགལ་མེད་པར་ཞུ་རྒྱུ་ཡིན།

 

མཐར་ཧི་བོན་དྲ་བར་རང་གི་ཁྱད་ཆོས་མངོན་པར་ལྡན་ཞིང་གཞན་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་འབར་བར་ཤོག།

 

           ཁ་བྲོ             བཀྲ་ཤིས།

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁྱུང་བཟང་གིས་ཐོག་མར་བཤད་འདོད་པ་དེ།
[ 2011/5/12 16:03:54 | By: qongsang ]
 
qongsangརྒན་རིན་སྤུངས་ཚང་དང་ཁྲི་བསོད་བསྟན་མཆོག་སྟེ། དྲ་བདག་རྣམ་པ་གཉིས་ཀྱིས་ཕྲན་ལ་དགའ་བསུ་དང་སྣེ་ལེན་བྱས་པར་རྟ་འདང་དང་མཛོ་འདང་ཡིན། འདིར་ཐུགས་རྗེ་ཡང་ཡང་ཞུ་གི་ཡོད། ཡང་ཁེར་ཉིན་རྩོམ་ཡིག་ལ་ཞུ་དག་བྱེད་མ་ཁོམ་པར་དེ་རིང་ནོར་བ་སོགས་ཅུང་ཟད་བཅོས་པས་སྔར་གྱི་དེ་གསུབ་ཡོད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.