པོ་ཏ་ལ་རྒས་ནས་གོག་འགྲོ །
ཁ་བ་རྐང་གླིང་།
འདི་ནས་ཉི་མ་ཤར་སའི་ཕྱོགས་སུ་བསྐྱོད་ན།
པོ་ཏ་ལའི་མདུན་དུ་སླེབས་ངེས། བདག་ག་བོག་གཏོང་རླངས་འཁོར་ལ་བསྡད་དེ། བཞི་མདོ་མང་
པོ་ཞིག་བརྒྱུདེ་རྗེས་ང་རང་པོ་ཏ་ལའི་མདུན་དུ་སླེབས་བྱུང་། བདག་གི་པོ་ཏ་ལའི་
ཐང་ཆེན་ནས་མགོ་ཡར་སྒྱེས་ན།
དམར་བོ་རིའི་སྟེང་ན་དཀར་དམར་གྱི་དབྱེ་
བའི་པོ་ཏ་རྒས་ཉམས་ཀྱི་བཟི་ནས་འགྱིང་འདུག །
མིག་འབྲས་ཀྱི་ཞིབ་མོར་དམར་བོར་རིའི་སྟེང་དུ་ལྟས་ན། ཀོང་ཇོ་གཉིས་
པོ་དང་འུ་ཅག་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གསུམ་སྤྲོ་འཆམ་ལ་ཕེབས་བཞིན་
མ་འོངས་པའི་འུ་ཚོའི་མི་རིགས་འདིའི་སྐྱེ་འཆི་ལ་གླེང་མོལ་བྱེད་བཞིན། བཙན་པོ་
ཉིད། མི་རིགས་འདིའི་འཕེལ་རྒྱས་ལ་མནོ་བསམ་ཡང་ཡང་གཏོན་བཞིན་ཡོད་པ་
འདྲ།།
པོ་ཏ་ལའི་རྩིག་ངོས་དག་དུ་ཞིབ་མོར་ལྟས་ན། ལོ་རྒྱུས་ལས་སྐྱེས་པའི་སྐྱོ་གར་ཁྲོད་དུ་ཁྲག་གི་ཁོལ་བའི་ལོ་ཟླ་དག་ལྷམ་ཙམ་ལྷམ་ཙམ་དུ་མངོན་བཞིན། དེ་ནས་སྡེ་སྲིད་རིམ་བྱོན་གྱི་རང་གི་སྲིད་དབང་གི་སླད་དུ་ཁོལ་བའི་ཁྲག ཆབ་སྲིད་
པ་ཚོའི་རང་རང་ལྟ་བ་མ་མཐུན་པ་ལས་འཛར་བའི་ཁྲག ཆོས་པ་ཚོའི་རང་གི་གྲུབ་མཐའི་སླད་དུ་འཐབ་པའི་ཁྲག
པོ་ཏ་ལའི་གྱང་ངོས་གང་ས་ན་ཁྲག་དྲི་ཁོ་ན་བཞིན། ངུ་སྐད་དང་ཨ་ཚ་ཨ་མའི་སྐད་སྒྲས་ཁེངས་ནས་འདུག །
རྣ་བ་ག་ལེར་བླགས་ན།
པོ་ཏ་ལའི་ཡང་རྩེ་ནས། ཆོས་སྐད་ལྷང་ལྷང་དུ་
གྲག་བཞིན།
འུ་ཅག་གི་མཁས་པའི་རྩེ་མོ་རྒྱལ་བ་བློ་བཟང་རྒྱ་མཆོ་བྱམས་སེམས་
ཁོ་ནས་རིག་གནས་ཆེ་ཆུང་འཆད་བཞིན། སྙན་ངག་མཁན་པོ་ཚང་དབྱངས་རྒྱ་མཚོ་
ཡང་མི་རིགས་འདིའི་སྙན་ངག་འཛམ་གླིང་སྙན་ངག་གི་གླ་བསྟར་སྤུད་དོ་ཟེར་བཞིན། སརང་སེམས་སྙན་ངག་གི་དབྱངས་རྟ་ལ་སྐུལ་བྱེད་བཞིན་འདུག
།
པོ་ཏ་ལ།
པོ་ཏ་ལས་ང་ཚོའི་ལོ་རྒྱུས་ཀྱི་གསང་བ་ག་ཙམ་ཞིག་སྦས་པ་སུ་
ཡི་རྟོགས་སམ།
ད་ནི་ཁྱེད་རང་རྒས་ནས་གོག་པོར་གྱུར་ལ་ཉེ།།