སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
31
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 16038


 
ཕྱིར་དྲན།
[ 2016/7/15 0:11:00 | By: ཁ་བ་རྐང་གླིང་། ]
 

   ཕྱིར་དྲན།

 

                             ཁ་བ་རྐང་གླིང་།

 

ལྗང་ལྡེམ་ལྡེམ་གྱི་དག་ཞིང་ཞིག

ཁ་ཐོར་དུ་གནས་པའི་ཁང་པ་འགའ

དར་ལྕོག་གི་རྩེ་ནས་འཁུར་བའི་ནམ་མཁའ་དང་སྤྲིན་དཀར

ཡུལ་མི་ཚོའི་དགའ་སྐྱོའི་གཞས་ཆུང་ལེན་ས

ཁྱོད་ནི་གཞུང་ཞབས་པ་ཚོའི་འབོད་པའི་གྲོང་གསེབ

 

ང་རང་གྲོང་གསེབ་ནས་སྐྱེས་ནས་འཚར་བཞིན

ང་རང་གྲོང་གསེབ་ཀྱི་བདེ་སྐྱིད་ལ་གོམས་ཏེ

ཁྱེད་རང་བསྒྱུར་བར་ཡེ་ནས་མི་དགའ

ཨར་འདམ་ལས་བསྐྲུན་པའི་ཁང་པ

སྲང་ལམ་གྱི་བར་ནས་གཡག་རྒོད་ཀྱི་འགྲོ་ལམ་མེད་ཅིང

གཡག་རྒོད་ཀྱི་གྲིབ་གཟུགས་ཀྱང་མིན་འདུག

 

ང་རང་ལོ་མང་པོའི་སྔོན་གྱི་གྲོང་གསེབ་ཁོ་ནར་ཕྱོགས་བཞིན

ནམ་མཁའ་དང     སྤྲིན་དཀར    ལྗང་ལྡེམ་ལྡེམ་གྱི་སྣང་ཞིང

ངའི་ཆུང་དུས་ཀྱི་གཞས་ཆུང་ལེན་ས

ངས་དག་ཞིང་ཞེས་ཡང་ཡང་བོས།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.