ཨ་ནུའི་གོང་ནས་བོད་ཡིག་ཡོད་དམ།
ང་ཚོས་དུས་རྒྱུན་འདི་ལྟར་བཞེད་བཞིན་འདུག
ཐོན་མི་དགུང་ལོ་བཅོ་
ལྔ་ནས་རྒྱ་དཀར་ལ་ཕེབས་བཞིན་རྒྱ་དཀར་དུ་ལོ་བདུན་བཞུགས་པ་དང་དེ་རིང་རྒྱ་
དཀར་གྱི་བྲམ་ཟེ་མཁས་པ་གཉིས་ཀྱི་ཞབས་ལ་གཏུགས་ནས་ཡི་གེ་སྦྱང་པ་དང་དེ་
ནས་བོད་དུ་ཕེབས་རྗེས་སྔོན་ནས་ཡི་གེ་སོགས་གང་ཡང་མེད་པའི་བོད་འདིར་ཡི་
གེ་གསར་བཟོ་བྱས་པར་འདོད་ཅིང་འདུག
དེ་ནི་གུས་པས་བསམ་ན་ཆོས་ལུགས་
ཀྱི་ཕྱོག་ཞེན་ནམ་ཡང་ན་རང་ཉིད་ཀྱི་དད་སེམས་ཤུགས་ཆེར་བྱས་ཏེ་ཚད་ལས་
འདས་པའི་བསྟོད་པ་ཞིག་གིས་བོད་ཀྱི་ཡི་གེའི་འབྱུང་ཁུངས་འདི་རྙོག་ཆེན་པོ་ཞིག་
ཏུ་བཟོས་པ་མིན་ནམ་སྙམ།།
དེ་ཡང་སྟོན་པ་གཤེན་རབ་མི་བོ་ཆེ་ནི་བོད་ཀྱི་རྒྱལ་རྒྱུད་མ་ཚུགས་གོང་ནས་
ཕེབས་བཞིན།
ཁོང་གི་སྔོན་ལ་བོན་ཆོས་ཡོད་པ་རེད།
དེ་དག་ནི་ནམ་མཁའི་ནོར་
བུའི་གསུང་འབུམ་ལས་ར་སྤྲོད་གསལ་པོར་སྤྲོད་ཐུབ་ངེས་ལ། དེ་ནས་སྟོན་པ་
གཤེན་རབ་མི་བོ་ཆེ་ཕེབས་པ་ནས།
གཡུང་དྲུང་བོན་གྱི་བསྲན་པ་སྤེལ་བ་དང་
དུས་ཚུངས་ཞང་ཞུང་གི་སྐད་བརྡ་རྨང་གཞིར་བྱས་པའི་ཡི་གེ་གསར་བཟོ་བྱས་ཡོད་
པ་རེད། དེ་ནི་མདོ་ལས། སྒོ་བཞི་མཛོད་དང་ལྔ་ཡི་བོན་སྒོ་ལ། ཐབས་དང་ཤེས་
རབས་ཟུང་དུ་འབྲེལ་བའི་མཐུས། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས།
སེམས་ཅན་བཀྲིད་ཕྱིར་ཁྲི་དང་འབུམ་དུ་བྲིས། ཞེས་པའི་བྲིས་ལས་ཡི་གེ་ཡོད་པ་
གསལ་པོར་རྟོགས་ཐུབ། འོ་ན་དེའི་སྔོན་ནས་ཡི་གེ་མེད་དམ་ཟེར་མེད་པ་འདོད།
ཡོད་ན་དེའི་སྐབས་ནས་ཡི་གེ་ཡོད་པའི་ཁུངས་ཟ་དང་ཟུར་ནས་མངོན་སྲིད་
པས་སོ།།
མི་འགའ་ཞིག་སྐད་ཆ་འདི་དག་འདྲེན་བྱེད་དབང་པོའི་མདུན་ན་ལམ་
ལམ་དུ་མངོན་པས་ན་འཚུབ་བྱ་དང་འབྲེལ་ཏེ། འོ་ན་ཐོན་མིས་བོད་ཡིག་མ་
བཟོས་པར་ཁོང་གི་སྔོན་ནས་བོད་ཡིག་ཡོད་པར་འདོད་པ་ཡིན་ནམ་ཟེར་ན་དེ་ཡང་
མ་ཡིན་ཏེ། ཐོན་མིས་ཞང་ཞུང་གི་ཡི་གེ་རྨང་གཞིར་བྱས་པའི་ཐོག་ཡི་གེའི་གཟུགས་
དང་བརྡ་སྤྲོད་ཀྱི་གཞུང་སོགས་གོ་བདེར་བཀྲལ་བ་ཞིན་པ་མ་ཟད། བརྡ་སྤྲོད་ཀྱི་
གཞི་འཛིན་ས་གཙོ་བོ་དེ་ཡང་ཞང་ཞུང་གི་ཡི་གེ་བྱས་པའི་ཐོག་ཏུ་རྒྱ་དཀར་གྱི་བརྡ་
སྤྲོད་ལའང་ཟུར་ལྟ་བྱེད་བཞིན་དུ་ཐོན་མིས་ཡི་གེ་འདི་དག་མཐུན་མཁོ་ཇེ་ཚང་དུ་
གཏང་བའམ་ཡང་ན་བསྒྱུར་བཅོས་བྱས་པ་ཞིག་ལས་གསར་བཟོ་བྱས་པ་མ་ཡིན་ནོ།།
གཞན་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་བཞེད་སྲོལ་ལ། གཉའ་ཁྲི་
བཙན་པོའི་སྐབས་ཀྱི་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པ་དེ།
ལུག་རྗིའམ་དེ་
དཔོན་ལྟ་བུ་ཞིག་མ་ཡིན་པར། ཁོང་ཚོ་ནི་བོན་གྱི་རིག་གནས་ལ་ནང་བྱན་ཆུད་པའི་
ཤེས་ཡོན་ཅན་དུ་ངོས་འཛིན་བཞིན་ཡོད།
བོད་ཀྱི་སྤུར་རྒྱལ་བཙན་པོའི་རྒྱལ་ཁབ་
ཚུགས་པ་ནས་བོན་ཆོས་དང་སྤུར་རྒྱལ་བཙན་པོའི་བར་འབྲེལ་ཟབ་མོ་ཆགས་ཡོད་
པ་གསལ་པོར་རྟོགས་ཐུབ།།
ང་ཚོས་ཞང་ཞུང་གི་ཡི་གེ་དེ་བོད་ཡིག་གི་གོང་ན་ཡོད་པར་ཁས་ལེན་
བཞིན། བོན་ཆོས་ནི་ཞང་ཞུང་ནས་དར་བ་ཡང་མ་གྲོས་གཅིག་མཐུན་ཡིན་ན།
གོས་གི་གནས་ཚུལ་རྣམས་གོང་བསྒྲིག་ན། ལྐུགས་པ་མིན་ན་ཐོན་མིས་ཡི་གེ་ལ་
བསྒྱུར་བཅོས་བྱས་པ་ལས་གསལ་གཏོད་དམ་གསར་བཟོ་བྱས་མེད་པ་གསལ་པོར་
རྟོགས་ངེས་ལ་ཐ་སྙད་དེ་དག་དང་ཐོན་མིའི་བར་དུ་འབྲེལ་བ་གང་ཡང་མེད་པའང་
ཤེས་པར་ཐལ།།