གཅེས་ཕྲུག་སྙིང་གི་ནོར་བུ།།
ཁ་བ་རྐང་གླིང་།
ཨ་ཕ་ཨ་ཕ་ཟེར་བའི་ང་ཡི་སེམས་ཀྱི་གཅེས་ནོར་འདི།།
ལྷ་ས་ལྷ་ས་ཟེར་བའི་དག་ཞིང་དེ་ཡི་གྲུ་ཟུར་ན།།
རང་དབང་གང་འདོད་རྕེད་འཇོར་རོལ་བཞིན་དགོད་ཅིང་ངུ་བཞིན་དུ།།
གཅེས་པའི་མིག་གིས་བདག་གི་ཡང་ཡང་ལྟ་བ་དྲན་པས་ན།།
ཁྲག་དང་ཤ་ལས་གྲུབ་པའི་སྙིང་གི་འཕར་ལྡིང་མྱུར་དུ་འགྲོ།
ལྷ་ས་ཞེས་པའི་དག་ཞིང་དེ་རུ་བདག་རང་སླེབས་པའི་སྐབས།།
དཀའ་ངལ་ཞེས་པ་རླུང་གི་སྤུ་སྒྲོར་རྒྱང་ལ་སྐུར་ནས་ནི།།
ཨ་ཕའི་པང་དུ་པང་ནས་དྲན་པའི་འོ་ཞིག་ཤུགས་ཀྱིས་བྱ།།
ཨ་ཕ་ཡིན་ཞེས་ངོ་ཞིག་སྤྲོད་བྱེད་རྩེད་མོ་འགའ་ཡང་རྩེད།།
ཨ་པ་ཡིན་ཞེས་ཁྱོད་ལ་དགོད་ཁ་འགའ་ཡང་སློང་བར་སྲིད།།
ཉིན་མ་གཅིག་རེ་གཉིས་རེ་ལ་ཁའི་རི་བོའི་རྒྱབ་ཏུ་ཡིབ།།
ང་རང་རྒྱང་རིང་ཡུལ་དུ་སླར་ཡང་ཨུ་ཚུགས་ངང་ནས་ཆས།།
དུས་ཚོད་སྐར་ཆ་སྐར་མ་རེ་ཡི་སྲུབ་དང་བར་བླག་ནས།།
ཝ་ལེ་ཝ་ལེར་ཁྱེད་རང་དྲན་པའི་སེམས་ཀྱི་ཉོབ་སྟངས་འདི།།
ཇི་ལྟར་བྱས་ཏེ་བསེལ་ན་ཕན་ནམ་བདག་གི་གཅེས་ཕྲུག་ཀྱེ།
ལོ་གསར་སྐབས་སུ་ལོག་པའི་ཚོར་བ་ཞིག་ཡིན།