སྙན་ངག་གླིང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12
3456789
10111213141516
17181920212223
24252627282930
སྤྱི་བསྒྲགས།
བོན་ཆོས་ནི་བོད་རང་ས་རང་ཡུལ་གྱི་ཆོས་དེའོ།།
ང་ཚོས་དེ་ལ་ངེས་པར་ཞིབ་འཇུག་བྱེད་དགོས
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 81
  • དཔྱད་བརྗོད། 6
  • ཆེམས། 0
  • ཀློག་གྲངས། 16094


 
ཕྱེད་ཀ
[ 2016/4/5 19:48:00 | By: ཁ་བ་རྐང་གླིང་། ]
 

ཕྱེད་ཀ

                                                    ཁ་བ་རྐང་གླིང་།

 

 

ཨ་ཕའི་དཔུང་པ་ལྟ་བུའི་ཁྱེད་རང་རྒྱང་ལ་ཆས་ཏེ

ཁྱེད་ཀྱི་བཞག་པའི་གཅེས་ཕྲུག་ཚོ

མུན་ནག་གི་རྒྱ་སྲང་མྱུལ་བ་ལྟར་མནར་རོ

 

ཨ་མའི་བརྩེ་སེམས་ཀྱི་ཕྱེད་ཀ་ལྟ་བུའི་ཁྱེད

ང་ཚོ་དང་གྱེས་ཏེ་ཐོ་རེངས་ཀྱི་སྐར་མ་ལྟར་རྒྱང་ལ་བུད་སོང

ཁྱེད་ཀྱི་སེམས་ཀྱི་ཕྱེད་ཀ་ལྟ་བུའི་སྤུན་ཟླ་ཚོའི་སེམས་སུ

འཇིག་རྟེན་ནི་མུན་པར་མཐོང་བཞིན

འཛོམས་པ་ནི་བྲལ་བའི་སྔ་ལྟས་ཡིན་པ་རྟོགས་སོང

 

བདག་གི་ཨ་ཕའི་ཕྱེད་ཀ་ལྟ་བུའི་ཁྱེད

རླུང་བུ་བཞིན་རྒྱང་ལ་ཕེབས་ནས་མཐོང་བར་དཀའ

བདག་གི་གཅན་གཅུང་ཚོ

སེམས་པ་གཏིང་རུམ་ན་རྨ་ཞིག་ཟོས་འདུག

 

ད་ལྟའང་རྨི་ལམ་དུ་ཟུག་གི་མནར་རོ།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.