ཐིག
ཐིག
ང་རང་ཤོག་བུའི་སྟེང་དུ་དྲང་ཐིག་རེ་འབྲི་རྒྱུར་དགའ
བདག་གིས་ཤོག་ཐོག་ཏུ་ཐིག་རིས་རེ་འབེབ་སྐབས
ལུས་ཟད་དཔུང་ལ་ཐུག་ངེས
ཐིག་རིས་རེ་འབེབ་སྐབས
ཇི་ལྟར་འཐེན་ཀྱང་འཁྱོགས་ནས་འབྲི་དགོས
བདག་གི་སེམས་པ་འདི བདག་གི་ལུས་པོ་འདི
རྔུལ་ཆུ་དང་དངངས་འདར་ཁྲོད་ནས་མཚན་མོ་སྐྱེལ་དགོས
སླར་ཡང་དྲང་ཐིག་ཞིག་འབྲི་བར་བསམ་དུས
རྒྱང་བཞུད་བྱེད་དགོས་བཞིན
ལ་མོ་དང་རི་ཀླུང་རྒྱབ་སྟེ
རྒྱ་མཚོ་དང་ཆུ་ཆེན་བརྒལ་ནས
ཁུ་སིམ་གྱི་རི་གྲོང་གཏད་དེ་ཆས་དགོས