བརྩེ་སེམས་ཀྱིས་ཤོར་བའི་མིག་ཆུ།
ཁ་བ་རྐང་གླིང་།
སྐྱིད་པོའི་དགའ་སྟོན་ལ་རོལ་བཞིན། སྙིང་ནས་བརྩེ་བའི་བྱམས་པ་དང་ཤ་ནས་ཆད་
པའི་བུ་ཕྲུག ལྷག་བསམ་ཅན་གྱི་སྤུན་མཆེད་དང་མཉམ་དུ་འཛོམས་པའི་དུས་སྐབས་འདི་
ཅི་འདྲིའི་མི་བཟང་ངམ།
ནང་ཉིན་མོ་འདི་ནི་བདག་ལ་ཀུན་མཆོག་གིས་གནང་བའི་དུས་
ཚིགས་ཆེས་ཁྱར་པར་བ་ཞིག་ལ་འདོད།།
བདག་གིས་ལོ་གསར་གྱི་ཕྱེ་མར་ཕུད་གཏོར་བྱེད་བཞིན། ཐམས་ཅད་བདེ་ལ་གནས་པའི་སྨོན་ལམ་འདེབས་ཞོར། གནམ་འོག་གི་འགྲོ་དྲུག་ཡོངས་རྫོགས་བདག་དང་འདྲ་བར་
དགའ་འཛོམས་ཡོངས་སྨོན་ལམ་བཏབ།།
ཉིན་ཞགས་འགའ་ཤས་དེའི་ནང་།
ངས་རང་གི་ཆུང་མ་བརྩེ་བས་སྙིང་གཏམ་གླིང་བཞིན།
ཤ་ནས་ཆད་པའི་བུ་ཆུང་དེ་ཡང་རྒྱབ་དུ་འཁྱེར་ནས་ས་ཕྱོགས་མང་ཞིག་ལ་ལྟད་མོར་ཁྲིད་ཅིང་དགའ་བའི་འོ་ནི་བདང་མེད།
གྲངས་མེད་དུ་བྱེད་པར་རྒྱུག
དེ་ལྟར་དུས་ཚོད་ཕྲན་བུ་རེ་སྟོན་ནས་ངས་བོད་ཀྱི་དམངས་ཁྲོད་རྕེད་
མོ་ཤོ་མོ་ཡང་ཧབ་ཆ་འདིར་རིའི་ངང་ཉིན་ཤས་རྒྱབ་ཅིང་། ང་ཚོ་ཚང་
མ་དགའ་སྤྲོའི་ངང་དུ་ལོ་གསར་གཏང་ངོ་།
དུས་ཚོད་ནི་སུ་ཞིག་གིས་ཀྱང་འགག་པར་མི་ནུས་པས། ལོ་གསར་རྫོགས་ལ་ཉེ་
བཞིན་ངལ་གསོ་ཞེས་པའི་ཉིན་མ་འགའ་ཤས་དེ་ཡང་རྫོགས་སོང་བས་སེམས་
པ་འདི་གྲང་ཤུར་ཤུར།
འབྲལ་འདོད་ཀྱི་བློ་ཁ་ནི་གང་ནས་བཙལ་ཀྱང་མི་རྙེད།།
ལོ་གསར་ཚར་སོང་། ང་རང་སྔར་བཞིན་ལས་གནས་སུ་འགྲོ་རན། དགོད་ཁ་ཅན་གྱི་བུ་ཆུང་།
གོམས་པའི་འདེགས་འཇོག་འཁྱར་འཁྱོད་དུ་བསྐྱོད་ཅིང་། པ་ཕ་ཞེས་པའི་
སྐད་སྒྲ་ལྡབ་ལྡིབ་དེ་འབོད་དུས་ང་རང་དེ་བས་ལམ་ལ་ཆས་པར་དཀའ། ད་དུང་མིག་ཆུས་
བདག་ལ་སྐྱེལ་མ་གནང་དུས། ངས་ཡོད་ཚད་ཁོག་པའི་ནང་དུ་རུམ་ནས། ལམ་ལ་ཆས་དགོས། ག་ལེར་རླང་འཁོར་གྱི་ནས་རྒྱབ་སློག་ནས་མིག་ཆུ་ཞིག་གིས་ང་རང་གནས་
དེར་ཡོད་པ་མཚོན་ན་ཅི་མ་རུང་སྙམ། བདག་གིས་ཡོད་ཚད་མིག་ཆུ་དེར་བཅོལ་ནས་བཞག་ན་
འདོད། ཡོད་ཚད་བཅོལ་ནས།།