ལྕགས་མཁར་ནང་གི་འབུ་སྲིན་དང་སྐྱེ་དངོས།
བྲག་རིའི་སེར་ག་ལྟར་གས་པའི་ལྕགས་མཁར
དེའི་ནང་གི་འབུ་སྲིན་དང་སྐྱེ་དངོས་ཚོགས་འདར་བཞིན་ཡོམ
སེར་ག་བརྒྱུད་དེ་སེར་ག་ཇེ་ཆར་གཏོང་མཁན་རྣམས
གཉེར་རིས་ཀྱི་ངོ་གདོང་ལ་འཛུམ་མདངས་ཀྱིས་ཁེངས་འདུག
དངུལ་ཆུ་འཛིར་ནས་འདུག
དཔྱིད་ཀ་ཞེས་པའི་ལྟ་མོ་དེ་ཕེབས་ན
ལྗང་ཐིང་ཐིང་གི་ཡུལ་ལྗོངས་ཞིག་ཏུ་བཟོ
ལྕགས་མཁར་ནང་གི་འདུ་སྲིན་འགའ
ལུས་པོ་པད་མ་བཞིན་དུ་གས་ཏེ
ཡིག་གེ་དྲུག་པོ་ཨུ་ཚུགས་ཀྱི་འདོན་བཞིན
འཆི་བ་ཞེས་པ་དེའི་ལག་གཡོབ་ལ་འགུག་ནས་འདུག