སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་རེར་བདེ་སྐྱིད་མི་འདྲ་བ་རེ་ཡོད།།
[ 2015/12/27 12:49:00 | By: ཁ་བ་རྐང་གླིང་། ]
 

 མི་རེར་བདེ་སྐྱིད་མི་འདྲ་བ་རེ་ཡོད།།

 

                                ཁ་བ་རྐང་གླིང་།

ལྗོན་པའི་སྟེང་གི་འབྲས་བུ་རྣམས་ཟག་སོང་།

གྲང་ཤུར་ཤུར་གྱི་རླུང་བུར་འཇབ་སྟེ་དགུན་ཁ་སླེབས་བྱུང་།

ཉི་འོད་ལ་འཚེར་ཤུགས་མེད་པས།   བྱིས་པ་ཚོ་ཁ་འདར་བྱེད།

རྒན་མོ་ཚོ་ཁོང་འདར་རྒྱག

ལྕགས་ཟམ་གྱི་སྟེང་དུ་ལྷམ་ཀོག་སྦྱར་བཞིན།

དུས་ཚོད་ཀྱི་བཅད་པའི་མཐོ་རྩེགས་འདི་ཡང་བསྐྲུན་ཚམས་བཞག་ཚར།

 

དུས་ཚོད་ལ་དབྱེ་མཚམས་གཅོད་ཁོམ་མེད་པའི་ཞིང་པ་ཚོ།

རང་ཡུལ་གྱི་སྐྱུར་ཏེ་ཤོག་སྒོར་ཕྲན་བུ་ཞིག་གི་ཆེད་དུ།

ཟླ་འོད་བསྙེགས་ནས།    ཐོ་རེངས་སྐར་ཆེན་དེད་ནས།

གཙང་ཙོག་གི་གདམ་ག་མེད་ཅིང་།

དཀའ་ངལ་གྱི་སྡུག་ཡུས་མི་འདོན་པར།

བྲེལ་བྲེལ་ཚུབ་ཚུབ་ཀྱི་ལས་ལ་བྲེལ་བཞིན།

 

ངོ་གདོང་གི་ཁྲོ་གཉེར་ཡོད་སུ་སྦས་ཏེ།

རྔུལ་ཆུའི་ཁྲོད་དུ་དགའ་སྤྲོའི་དགོད་སྒྲ་གྲག་བཞིན།

མི་རེ་རེར་བདེ་སྐྱིད་མི་འདྲ་བ་རེ་ཡོད་དོ་ཟེར།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.