གཏམ་བརྗོད་རང་དབང་།
གཏང་བརྗོད་རང་དབང་ནི་རང་དབང་ཐམས་ཅད་ཀྱི་ཨ་མའམ་
རྨང་གཞི་ལྟ་བུ་རུ་གྱུར་ཡོད་པས། ང་ཚོས་གཏམ་བརྗོད་རང་དབང་ཟེར་
བ་དེ་གང་ལ་ཟེར་མིན་ལ་ངེས་ཤེས་ཡག་པོ་ཞིག་མ་ཁྱོངས་ཀྱང་ཕྱོགས་ཙམ་
ཞིག་གོ་དགོས་པ་ཡིན། དེ་ཡང་ཨ་མེ་རི་ཀའི་ཁྲིམས་གཞིབ་པ་ཆེན་མོ་
པེན་ཇ་མེན་གྱིས་གཏམ་བརྗོད་རང་དབང་ནི་རང་དབང་གཞན་དག་
སྐྱེད་བྱེད་ཀྱི་མ་ལྟ་བུ་རེད་ཟེར། ༼གལ་ཏེ་ཐོབ་ཐང་ཡོད་ཚད་ལས་
མཐོ་བའི་ཐོབ་ཐང་ཞིག་ཡོད་ན། དེ་ནི་གཏམ་བརྗོད་རང་དབང་གི་
ཐོབ་ཐང་ཡིན་ཟེར་༽ དེས་ན་འུ་ཚོས་གཏམ་བརྟོད་རང་དབང་ལ་
གོ་བ་ངེས་ཅན་ཅིག་སེམས་སུ་ཤར་བ་བྱེད་དགོས། དེས་འུ་ཚོ་སྤྱི་
སྒེར་གཉིས་ཀར་ཕན་པའི་འབྲས་བུ་ཆེན་པོ་བསྐྲུན་ཐུབ་པ་ཡིན།།
དེ་ཡང་། ང་ཚོས་རྒྱུན་མཐོང་གི་གནས་ཚུལ་མང་པོ་ཞིག་ལ་
རང་རང་གི་བསམ་ཚུལ། ལྟ་ཚུལ། དྲན་ཚུལ་སོགས་འདོན་སྤེལ་བྱེད་
ཆོག་ལ། གཞན་གྱི་དེ་དག་ཀྱང་རང་གི་ཉན་འཇོག་བྱེད་པའི་ཐོབ་
ཐང་ཞིག་ལ་ཟེར་ན་མི་འགྲིག་པ་མེད། གཏམ་བརྗོད་དེ་ཡང་། ཆབ་
སྲིད་དང་འབྲེལ་བའི་གཏམ་བརྗོད། རིག་གནས་དང་འབྲེལ་
བའི་གཏམ་བརྗོད། སྒྱུ་རྩལ་དང་འབྲེལ་བའི་གཏམ་བརྗོད་སོགས་
རངརང་གི་སེམས་ཚོར་མཚོན་པའི་བརྙན་འཕྲིན་དང་ཡི་གེ
རི་མོ། སྐད་ཆ། གསར་འགྱུར་
སོགས་ཀྱི་རང་གི་རྒྱལ་ཁོངས་ནས་བུད་དེ་གཞན་ལ་འདོན་སྤེལ་བྱེད་
ཆོག་པ་ཞིག་དང་། གཞན་གྱི་དེ་དག་ཀྱང་འཚོལ་སྤེལ་བྱེད་ཆོག་པས་
ནས་དེ་ལ་ལྟོས་བཅས་ཀྱི་གཏོམ་བརྗོད་རང་དབང་གྱི་ཕྱོགས་
སུ་བསྐྱོད་པ་མངོན་ཐུབ། དེས་ན་འུ་ཚོར་རིག་གནས་གསར་རྙིང་
གི་བརྡུང་རྡེག་སོགས་ནས། དེ་འདྲའི་རང་ཞིག་ཡོད་དམ་མེད།
དེ་དག་ལ་འུ་ཚོས་མནོ་བསམ་ཡག་པོ་གཏོང་དགོས།།
གཏམ་བརྗོད་རང་དབང་ལ་དགེ་མཚན་མང་དུ་ཡོད་དེ། བྱང་སྐ་
གྱིས༼ཆེ་བ་ནས་བཤད་ན་སྲིང་གཞུང་གི་སྲིད་བསྒྲུབ་དང་ཐད་ཀྱི་ནོར་
འཁྲུལ་ལ་ཡོ་བསྲིང་གི་གྲོགས་བྱེད་ཐུབ་པ་རེད། ཆུང་ས་ནས་སྲིད་
དབང་ལ་བརྟེན་ནས་ཁྲིམས་མེད་ལུགས་མེད་བྱེད་པར་ལྟ་རྟོག་
བྱེད་ཐུབ་པ་ཟད། རུལ་སུངས་བ་ཚོ་སྲིད་ཀྱི་གོ་གནས་ལས་
མར་འབེབས་པར་གླེང་ཕྱོགསམབཟོ་ཐུབ་༽ཞེས་གསུང་པ་ལྟར།
ང་ཚོའི་རྒྱུན་ལྡན་འཚོ་བའི་ཁྲོད་ན་དེ་འདྲའི་དཔོན་ངན་ག་ཙམ་
ཡོད་ང་ཚོའི་སེམས་ན་ཁྲིག་ཁྲིག་ཡོད་པ་རེད། དེ་འདྲ་ཡོང་
བའི་རྒྱུ་མཚན་ཀྱང་། ང་ཚོར་ཁྲིམས་ལུགས་ཤེས་བྱ་དམན་
དྲག་སྟེ་དཔོན་ངན་སྡུག་པ་ཅན་ཚོས་མགོ་འཁོར་དང་ཁྲིམས་ལ་
ལག་རྩེད་རྩེ་ནས་དྲང་གཞག་མིན་པའམ། རང་དོན་གྱི་ཆེད་
དུ་སྲིད་གཞུང་གི་མིང་སྤྱད་པ་སོགས་དོན་པ་མིན་ནམ།
དེར་བརྟེན་ང་ཚོས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་རྣམ་
བྱེད་དགོས་པ་མངོན་སུམ་མིག་གིས་མདུན་དུ་བཤམས་པ་
མིན་ནམ།།
མདོར་ན་གཏམ་བརྗོད་རང་དབང་ཞེས་པ་ནི། གཙོ་བོ་
ཆབ་སྲིད་རང་དབང་གི་གཏམ་བརྗོད་དང་འབྲེལ་བའི་རང་དབང་
ལ་ཟེར་བ་ཡིན། རྒྱུ་མཚན་ནི་ཆབ་སྲིད་ཐད་ཀྱི་གཏམ་བརྗོད་རང་
དབང་མེད་དུས། དམངས་གཙོའི་སྤྱི་ཚོགས་ཆགས་སའི་གཞི་རྟེན་
མེད་པ་རེད། དེར་བརྟེན་ཨ་རིའི་ཁྲིམས་ཀྱི་བཟོ་བཅོས་ཁྲིམས་གཞི་
དང་པོ་རུ། ༼གཏམ་བརྗོད་རང་དབང་ངམ་གསར་འགྱུར་དཔེ་སྐྲུན་
གྱི་དབང་ལ་ཚོད་འཛིན་བྱེད་མི་ཆོག་༽པའི་གཏན་འབེབས་མཛད་པ་
རེད། དེས་ན་ང་ཚོས་རང་དབང་གཏམ་བརྗོད་ལ་དགའ་ཞེན་བྱེད་
དགོས་ལ་དེ་དར་སྤེལ་ཡང་གཏོད་དགོས། དེས་ང་ཚོ་ཀྲུང་གོ་རྒྱལ་
གྱི་མི་དམངས་བདེ་སྐྱིད་སྤརད་པ་རེད་ལ། ང་ཚོ་ཀྲུང་གོ་རྒྱལ་ཁབ་
ཀྱི་ཁེ་ཕན་གྱི་ཆེད་དུ་རང་ནུས་ཡོད་དགུས་ནུས་པ་འདོན་མཁན་ཡང་
ཇེ་མང་ནས་ཇེ་མང་དུ་འགྲོ་ངེས་སོ།།