ཧི་བོན་ཟིན་བྲིས།
ཨུན་ཞིའི་ཨུན་ཏིང་།
སྤྱི་བསྒྲགས།

    རང་དབང་གི་ཆེད་དུ།

    དགའ་སྐྱོ་འདྲེས་མས་བཞེངས་པའི་འཇིག་རྟེན་འདི་ན། འཁྱམས་པོ་ང་རང་ཆེས་མོས་ས་ནི་ལྷིང་འཇགས་ཀྱི་གནས་མཆོག་ཞིག་ན་བདེ་སྐྱིད་དང་དགོད་སྒྲའི་ཁེངས་ཞིང་ཞིམ་མངར་ལྡན་པའི་རང་དབང་རང་འཐད་ཀྱི་འཚོ་བ་ཞིག་རོལ་བགྱི་དེ་ཡིན་མོད། འོན་ཀྱང་། འཚོ་བ་དེའི་ཆེད་དུ་ས་མཐའ་གང་ལ་མྱུལ་ཡང་ད་དུང་མ་རྙེད། ཡིན་ནའང་། ད་དུང་ང་རང་གིས་འཚོ་བ་དེའི་ཕྱོགས་ལ་སང་ཉིན་ཡང་རྡོག་ཁྲིས་དེ་འཁུར་ནས་ལམ་ལ་ཆས་འགྲོ།

ལི་ཐོ།
    <<  < 2021 - >  >>
    12
    3456789
    10111213141516
    17181920212223
    24252627282930
    31
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
བཀའ་དྲིན་མ་བརྗེད། | 2015/5/25 23:44:00

བཀའ་དྲིན་མ་བརྗེད།

རྒྱལ་ཀུན་གཅིག་བསྡུས་རང་གཟུགས། །

འགྲོ་བ་ཀུན་ཀྱི་སྐྱབས་གནས། །

དྲིན་ཆེན་རྩ་བའི་བླ་མའི། །

བཀའ་དྲིན་སྙིང་ནས་མ་བརྗེད། །


དཀའ་སྡུག་ཚད་མེད་མྱངས་ནས། །

ང་ཚོ་བརྩེ་བས་བསྐྱངས་མཁན། །

དྲིན་ཆེན་ཕ་མ་ཟུང་གི །

བཀའ་དྲིན་སྙིང་ནས་མ་བརྗེད། །


ཐོག་མའི་ཡི་གེ་འབྲི་ཀློག །

བྱམས་དང་བརྩེ་བས་བསླབས་མཁན། །

དགེ་རྒན་དམ་པ་རྣམས་ཀྱི། །

བཀའ་དྲིན་སྙིང་ནས་མ་བརྗེད། །


དགེ་སྡིག་ལས་འབྲས་རྣམ་བཞག །

མ་ནོར་སོ་སོར་སྟོན་མཁན། །

བཤེས་གཉེན་དམ་པ་རྣམས་ཀྱི། །

བཀའ་དྲིན་སྙིང་ནས་མ་བརྗེད། །


དཀའ་མོ་ལས་ལ་འཕྲད་དུས། །

བཅོས་མིན་བརྩེ་བ་ཆེན་པོས། །

རོགས་རམ་བྱེད་མཁན་དེ་ཡི། །

བཀའ་དྲིན་སྙིང་ནས་མ་བརྗེད། །


རྒྱུས་མེད་ས་མཐའི་ཡུལ་ན། །

མཛའ་བརྩེ་འོ་མཚོ་འཁྱིལ་བའི། །

ཡིད་མཐུན་སྙིང་གི་གྲོགས་པོའི། །

བཀའ་དྲིན་སྙིང་ནས་མ་བརྗེད། །

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.