ཧི་བོན་ཟིན་བྲིས།
ཨུན་ཞིའི་ཨུན་ཏིང་།
སྤྱི་བསྒྲགས།

    རང་དབང་གི་ཆེད་དུ།

    དགའ་སྐྱོ་འདྲེས་མས་བཞེངས་པའི་འཇིག་རྟེན་འདི་ན། འཁྱམས་པོ་ང་རང་ཆེས་མོས་ས་ནི་ལྷིང་འཇགས་ཀྱི་གནས་མཆོག་ཞིག་ན་བདེ་སྐྱིད་དང་དགོད་སྒྲའི་ཁེངས་ཞིང་ཞིམ་མངར་ལྡན་པའི་རང་དབང་རང་འཐད་ཀྱི་འཚོ་བ་ཞིག་རོལ་བགྱི་དེ་ཡིན་མོད། འོན་ཀྱང་། འཚོ་བ་དེའི་ཆེད་དུ་ས་མཐའ་གང་ལ་མྱུལ་ཡང་ད་དུང་མ་རྙེད། ཡིན་ནའང་། ད་དུང་ང་རང་གིས་འཚོ་བ་དེའི་ཕྱོགས་ལ་སང་ཉིན་ཡང་རྡོག་ཁྲིས་དེ་འཁུར་ནས་ལམ་ལ་ཆས་འགྲོ།

ལི་ཐོ།
    <<  < 2021 - >  >>
    123456
    78910111213
    14151617181920
    21222324252627
    282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཧ་ཧེ་མའི་ཨུན་ཏིང། | 2015/6/20 9:58:00
ཧ་ཧེ་མའི་ཨུན་ཏིང།
ཀ་ཡ་ཆ་ལུགས་ལྔ་ལྡན་བཞུགས་པའི་ངང་།།
ཁ་སངས་སྙན་མོས་འཆད་པའི་མི་སྡུམ་དེས།།
ག་ཤ་འབུམ་གྱིས་ཕྱུག་པོའི་བུ་སློབ་རྣམས།།
ང་གསུམ་བཅོ་ལྔའི་ཟླ་བཞིན་ཏི་ཤན་རྒྱས།།

ཅ་ཏ་སྟེང་གི་དཔོན་གསས་བླ་མ་ཡིས། །
ཆར་ཅི་ཐ་ཙོ་གྲངས་མེད་གདུལ་བྱ་རྣམས། །
ཇི་ཏན་འདི་ལས་ཐར་བ་ཐོབ་པའི་ཕྱིར། །
ཉ་བཞིའི་རྒྱལ་བ་བཞིན་དུ་འགྲོ་ཀུན་སྐྱོང་། །


ཏ་རི་ང་དྲུག་བྱི་སྣུབ་སྐྱོང་བའི་མགོན། །
ཐ་རི་ཐ་ཙི་ས་ལ་འདྲེན་པའི་སྐྱབས། །
ད་ལོད་བློ་མུན་སེལ་བའི་སྒྲོན་མེ་མཆོག །
ན་ར་མཛོད་བཞིན་ལྔ་ཟུང་ནོར་གྱི་ཕྱུག །

པ་རུ་སེམས་ཀྱི་དད་མོས་གུར་ཁང་དབུས། །
ཕྱོ་ཉིལ་བོན་ཀུན་རྟོགས་པའི་བླ་མ་ཡིས། །
བ་བ་དེ་འདྲའི་མན་ངག་གནང་ཞར་དུ། །
མ་ཨ་ཐུགས་རྗེས་འགྲོ་ཀུན་འདྲེན་པ་རྨད། །


ཙ་ལ་ཡོངས་ལ་ལྟ་སྒོམ་སྒོམ་ཆེན་པ། །
ཚ་ཙིལ་ལུས་ཀྱིས་བཟོད་པའི་ཟོད་པ་བ། །
ཛ་རས་ཏི་ཡེ་འདྲེན་པའི་འདྲེན་སྟོན་པ། །
ལྦང་ཡ་རྒྱལ་བ་ལྟ་བུའི་བླ་མ་རྨད། །

ཞི་ལ་བཙན་ས་ཟིན་པའི་དཔོན་གསས་ལ། །
ཟ་ར་མཛོད་ལ་སེམས་འཁྲེང་བློ་ངན་བྲལ། །
འ་ཅུ་ཐམས་ཅད་ཐར་བར་འདྲེན་པའི་སྐབས། །
ཡ་ཙས་ཉོན་མོངས་དྲྭ་བ་རྩ་ནས་བཅད། །

ར་ཨུན་དབུས་ལ་བླ་མ་བསྒོམས་པ་ཡིས། །
ལ་རི་རྒོད་པོ་ལྟ་བུའི་རང་སེམས་དེ། །
ཤི་ཤིན་བཟང་བོས་རང་ངོ་ཟིན་པ་དང་། །
ས་ཏྲིག་ཡང་དག་སྐྱེས་པ་བླ་མའི་དྲིན། །

ཧ་ཀེ་བླ་མ་ཚུལ་བཞིན་བསྟེན་པ་ཡིས། །
ཧ་ར་རྩོལ་མེད་ངང་གི་རབ་སྐྱེས་བ། །
ཨ་ཞིན་སྐྱེས་བུ་དམ་པ་བཀའ་དྲིན་ཅན། །
ཨ་ཏི་དངོས་བྱོན་བླ་མར་སྙིང་ནས་འདུད། །

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.