ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁ་བཤད་དོན་ལ་མི་འདུག | 2016/9/18 10:26:00
ཁ་བཤད་དོན་ལ་མི་འདུག

དུས་རབས་ཉེར་གཅིག་ནང་གི །
གངས་ཅན་བོད་པ་ཚང་གིས། །
ཁ་ནས་མཐུན་སྒྲིལ་ཟེར་བཞིན། །
ནང་དམེ་ནང་འཁྲུག་རྐྱང་རྐྱང་། །

བྱམས་དང་སྙིང་རྗེ་ཟེར་བའི། །
ཁ་བ་བོད་པ་ཚང་གི །
ཁ་ཟས་ཤ་ཁྲག་དེ་ཚོ། །
ཡོང་ས་གང་ཡིན་ཨེ་ཤེས། །

ནང་པའི་བསྟན་པ་འཛིན་པའི། །
དགེ་བྱེད་ཤེས་ལྡན་རྣམ་པས། །
ཁ་ནས་རེས་མེད་ཟེར་བཞིན། །
སེམས་ལ་ཕྱོགས་རེས་རྐྱང་རྐྱང་། །

ཕྱི་རོལ་ཡུལ་ན་གནས་པའི། །
བོད་པའི་གཞོན་སྐྱེས་རྣམ་པས། །
ཕ་སྐད་གཙང་མ་ཟེར་བཞིན། །
ཁ་ནས་སྦྲགས་སྐད་རྐྱང་རྐྱང་། །
ཨོ་རྒྱན་རྡོ་རྗེ།                                   
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.