ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལས་དབང་ལྷ་མོ། | 2016/4/2 2:13:00
ལས་དབང་ལྷ་མོ། 

ཚེ་སྔོན་ལས་དབང་ཞིག་གིས། །
སྐུད་མེད་སྐད་འཕྲིན་རྒྱུད་ནས། །
མཛེས་སྡུག་ལང་ཚོ་དར་བའི། །
ལས་དབང་ལྷ་མོར་འཕྲད་སོང་། །

ཕར་ལ་བརྩེ་བ་བསྟན་ན། །
ཚུར་ལ་འཛུམ་གྱིས་བསུས་བྱུང་། །
སྙིང་གཏམ་ཚིག་གསུམ་བཤད་ནས། །
གཅིག་སེམས་གཅིག་ལ་མཐུན་སོང་། །

བུ་མོ་ལས་དབང་ལྷ་མོའི། །
ཞལ་རས་དུང་གི་ཟླ་བ། །
སྤྱན་ཟུང་ཐོ་རངས་སྐར་ཆེན། །
མིག་གཉིས་བཙུམ་ཀྱང་འཆར་ཀི །

གཟུགས་དབྱིབས་ཁ་དོག་མེད་པའི། །
སེམས་ཀྱི་བརྩེ་དུང་ཟབ་མོ། །
ང་དང་བྱམས་པ་གཉིས་ལས། །
སུ་དང་གང་གིས་མི་ཤེས། །

འཇིག་རྟེན་འཁོར་བའི་གནས་འདིར། །
ལས་དབང་ལྷ་མོ་མ་གཏོགས། །
བཅོས་མིན་བརྩེ་བ་ལྡན་མཁན། །
བཙལ་ཡང་རྙེད་པ་མི་སྲིད། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.