ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བསམ་གཞིག་མཛོད། | 2015/9/22 1:56:00

བསམ་གཞིག་མཛོད།

སྟག་གཟིག་པགས་པ་གོན་ན་གདོན་དུ་རྩིས། །

ར་ལུག་པགས་པ་གོན་ན་རྒྱན་དུ་རྩིས། །

འདི་གཉིས་ཚེ་སྲོག་བཅད་ནས་བྱུང་བ་ལ། །

ཁྱད་པར་གང་ཡང་མེད་པས་བསམ་གཞིག་མཛོད། །


གྱེར་ལ་ལྟ་ལོག་བཤད་ན་མཁས་པར་རྩིས། །

རང་ལ་སྨ་འབེབས་བྱས་ན་དམ་ཉམས་ཟེར། །

འདི་གཉིས་ནང་པ་སངས་རྒྱས་ཡིན་པ་ལ། །

ཁྱད་པར་གང་ཡང་མེད་པས་བསམ་གཞིག་མཛོད། །


ཉམ་ཆུང་སེམས་ཅན་བསད་ན་སྣང་མེད་རེད། །

རང་གི་གཉེན་ཉེ་གྲོངས་དུས་ཡིད་སེམས་སྐྱོ། །

འདི་གཉིས་མ་གྱུར་སེམས་ཅན་ཡིན་པ་ལ། །

ཁྱད་པར་གང་ཡང་མེད་པས་བསམ་གཞིག་མཛོད། །


རང་གི་བསྟན་པ་དར་ན་ཡིད་སེམས་དགའ། །

གྱེར་གྱི་བསྟན་པ་རྒྱས་ན་ཕྲག་དོག་བྱེད། །

འདི་གཉིས་ནང་བའི་བསྟན་པ་ཡིན་པ་ལ། །

ཁྱད་པར་གང་ཡང་མེད་པས་བསམ་གཞིག་མཛོད། །


ཤ་ཁྲག་ཕུལ་ན་ཁ་ཟས་བཟང་པོར་རྩིས། །

ནས་ཆང་སྔོན་མོ་འཐུང་ན་ཞབས་འདྲེན་ཟེར། །

རང་གི་སྡོམ་པར་ལྟུང་བ་བྱུང་བ་ལ། །

ཁྱད་པར་གང་ཡང་མེད་པས་བསམ་གཞིག་མཛོད། །


དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.